མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་ཨ་རིའི་བཟོ་གྲྭ་ལྔ་ལ་ཉེས་ཆད་བཏང་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༢༤/༠༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཨ་རིའི་གོ་མཚོན་དང་འབྲེལ་བའི་བཟོ་གྲྭ་ལྔ་ཡིས་ཐའེ་ཝན་ལ་གོ་མཚོན་ཕྱིར་ཚོང་བྱས་ཏེ། རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པའི་ངོས་འཛིན་འོག་ཉེས་ཆད་བཏང་ཡོད་འདུག

China announced sanctions on January 7, 2024 on five American defense-related companies in response to U.S. arms sales to Taiwan and U.S sanctions on Chinese companies and individuals. ) | Photo Credit: AP

ཨ་རིའི་རྒྱལ་སྲུང་གོ་མཚོན་དང་འབྲེལ་བའི་བཟོ་གྲྭ་ལྔ་ཡིས་ཐའེ་ཝན་ལ་མཚོན་ཆ་ཕྱིར་ཚོང་བྱས་ཏེ། རྒྱ་ནག་གཅིག་གི་སྲིད་ཇུས་དང་མངོན་འདོད་ལ་རྡོག་རོལ་བཏང་བ་མ་ཟད། ཐའེ་ཝན་མཚོ་འགག་གི་བརྟན་བརླིང་དང་ཞི་བདེ་ལ་གནོད་སྐྱོན་བཟོས་ཡོད་སྐོར་སོགས་བརྗོད་དེ། རྒྱ་ནག་གཞུང་གིས་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གོ་མཚོན་བཟོ་སྐྲུན་གྱི་བཟོ་གྲྭ་དེ་དག་གི་རྒྱུ་དངོས་གཞུང་བཞེས་དང་འབྱུང་འགྱུར་བཟོ་གྲྭ་དེ་དག་དང་འབྲེལ་ཡོད་མི་སྒེར་བཅས་ནས་རྒྱ་ནག་ནང་ཚོང་ལས་ཉར་མི་ཆོག་པ་སོགས་ཀྱི་ཉེས་ཆད་གཅོད་རྒྱུ་ཡིན་འདུག

དེ་འབྲེལ་རྒྱ་གར་ཧིན་རྡུ་གསར་ཁང་གི་གནས་ཚུལ་ནང་། རྒྱ་ནག་གིས་ཨ་རིའི་གོ་མཚོན་བཟོ་གྲྭ་ལྔ་ལ་ཉེས་ཆད་གཅོད་པའི་གསལ་བརྡ་དེ་ནི། ཐའེ་ཝན་སྲིད་འཛིན་གྱི་འོས་བསྡུ་བསླེབ་ལ་ཉེ་སྐབས་བསྒྲགས་པ་དང་། ཐའེ་ཝན་སྲིད་འཛིན་གྱི་འོས་བསྡུ་ནི་རྒྱ་ནག་དང་ཐའེ་ཝན་བར་འབྲེལ་ལམ་འཛིན་ཕྱོགས་ཀྱི་ཆེས་གལ་ཆེ་བའི་གནད་དོན་ཞིག་ཡིན་སྟབས། རྒྱ་ནག་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་འོས་བསྡུར་ཐེ་གཏོགས་བྱེད་ཐབས་ཤིག་ཀྱང་ཡིན་སྐོར་བརྗོད་འདུག རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་གསར་འགོད་བསྒྲགས་གཏམ་ནང་། རྒྱ་ནག་གིས་རང་གི་རྒྱལ་སྲིད་བདེ་འཇགས་དང་ས་ཁོངས་བདག་དབང་། རྒྱ་ནག་གི་བཟོ་གྲྭ་ཁག་དང་མི་དམངས་ཀྱི་མངོན་འདོད་དང་ཐོབ་ཐང་སོགས་སྲུང་སྐྱོབ་བྱ་རྒྱུ་ཡིན་སྐོར་སོགས་ནན་བརྗོད་བྱས་འདུག

ད་ལྟ་རྒྱ་ནག་གཞུང་གིས་ཨ་རི་དང་ཐའེ་ཝན་བར་གོ་མཚོན་ཉོ་ཚོང་གི་གྲོས་མཐུན་གང་ཡིན་གསལ་འདོན་བྱས་མེད་ཀྱང་། འདས་ལོའི་ཕྱི་ཟླ་ ༡༢ ནང་ཨ་རིས་ཐའེ་ཝན་ལ་ཨ་སྒོར་ས་ཡ་ ༣༠༠ ཡི་གོ་མཚོན་མ་ལག་དང་དམག་སྲིད་སོགས་ཀྱི་རྒྱབ་སྐྱོར་བྱེད་གཏན་ཁེལ་ཡོད་ཅིང་། ཨ་ཐའེ་གཉིས་ཀྱི་གོ་མཚོན་ཉོ་ཚོང་གི་གྲོས་མཐུན་དེའི་ནང་། ཨ་རིས་ཐའེ་ཝན་ལ་གོ་མཚོན་གཙོས་དམག་སྦྱོང་དང་ཐའེ་ཝན་གྱི་དམག་ཤུགས་རྒྱ་སྐྱེད་དང་དེང་རབས་ཅན་དུ་བསྒྱུར་ཏེ། ཐའེ་ཝན་ལ་དམག་འཁྲུག་སོགས་ཀྱི་ཉེན་ཁ་ཅི་ཞིག་འཕྲད་ཀྱང་གདོང་ལེན་གྱི་ནུས་པ་ལྡན་པ་ཞིག་ཏུ་བཟོ་རྒྱུ་ཡིན་སྐོར་སོགས་ཚུད་ཡོད་འདུག

ད་སྔ་བར་ཨ་རིས་གཞུང་འབྲེལ་གྱི་ཐོག་ནས་རྒྱ་ནག་ལ་ལན་འདེབས་གང་ཡང་བྱས་མེད་པ་དང་། ཐའེ་ཝན་ནི་ཨ་རྒྱ་གཉིས་བར་གདོང་ལེན་བྱེད་རེས་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན་པ་མ་ཟད། རྒྱ་ནག་གིས་ཨ་རིས་ཐའེ་ཝན་ལ་གོ་མཚོན་ཕྱིར་ཚོང་བྱས་ཏེ་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱིན་ཡོད་པའི་སྐྱོན་བརྗོད་བྱེད་མུས་ཡིན་སྟབས། དབྱེ་ཞིབ་པ་ཁག་ཅིག་གིས་ཐའེ་ཝན་གྱི་གནད་དོན་དང་འབྲེལ་ཨ་རྒྱ་གཉིས་བར་དམག་འཁྲུག་ཤོར་སྲིད་སྐོར་ཡང་བརྗོད་འདུག

འདས་ལོའི་ཕྱི་ཟླ་ ༡༢ ནང་ཨ་རིས་རྒྱ་ནག་ཚུད་པའི་འཛམ་གླིང་གི་མི་སྒེར་དང་ཚོགས་སྡེ་ ༢༥༠ ལྷག་ནས་ཨུ་རུ་སུའི་ཡོ་ཁུ་རེན་བཙན་འཛུལ་བྱེད་པར་མཐུན་སྦྱོར་བྱས་སྟབས་ཉེས་ཆད་བཅད་ཡོད་པ་དང་། ཕྱི་ཟླ་ ༡༡ ནང་རྒྱ་ནག་གི་བཟོ་ཚོང་ཁང་གསུམ་གྱིས་ཨུ་རུ་སུའི་དམག་ལ་གོ་མཚོན་སོགས་ཀྱི་མཐུན་སྦྱོར་བྱས་སྟབས་ཉེས་ཆད་བཏང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

ཆུ་ཚོད་ ༥ སྔོན་ལ།
Mobile App

ཕུན་ཚོགས་ཕོ་བྲང་ནས་འཕྲོས་པའི་ཉི་འོད།

ཆུ་ཚོད་ ༦ སྔོན་ལ།
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གསར་པ། ལི་ཤུའོ་ཝུ། པར་དྲ་ལམ་ནས་བླངས།
Mobile App

རྒྱ་གཞུང་གིས་རྒྱ་རིགས་ལི་ཤུའོ་ཝུ་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་ཏུ་བསྐོས་འདུག

ཆུ་ཚོད་ ༦ སྔོན་ལ།
རྒྱལ་མཚན་ནོར་བུས་ལྟ་སྐོར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

རྒྱལ་མཚན་ནོར་བུ་བོད་མངའ་རིས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཟེར་བའི་ལས་དོན་ཚོགས་འདུར་ཞུགས། 

ཆུ་ཚོད་ ༦ སྔོན་ལ།
རྒྱ་གཞུང་གིས་ཉེས་ཆད་བཅད་པའི་དྲ་དམངས། པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
Mobile App

རྒྱ་གཞུང་གིས་དྲ་ལམ་དུ་ས་ཡོམ་དང་འབྲེལ་བའི་གནས་ཚུལ་སྤེལ་མི་ཆོག་ཟེར།

༢༠༢༦/༡༠/༢༦
རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གྲོས་ཆོད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱལ་སྤྱིའི་དགེ་ལྷན་ཁྱབ་ཁོངས་ཀྱི་དགེ་འདུན་པ་རྣམས་སྤྱི་འཐུས་ཀྱི་འོས་མིར་བཞེངས་མི་ཆོག་པའི་ཐག་གཅོད་གནང་། 

༢༠༢༦/༡༠/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese