མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐའེ་ཝན་གྱི་སྲིད་འཛིན་གསར་པར་འཚམས་འདྲི་མཛད། 

བོད་ཀྱི་དུས་བབ།
༢༠༢༤/༠༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐའེ་ཝན་གྱི་སྲིད་འཛིན་གསར་པ་སྐུ་ཞབས་ལེ་ཆིན་ཏི་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ་གནང་འདུག

༧གོང་ས་མཆོག་ནས་ཐའེ་ཝན་གྱི་སྲིད་འཛིན་གསར་པ་ལི་ཆིན་ཏི་མཆོག་ལ་འཚམས་འདྲི་མཛད། པར་དུས་བབ་ཀྱིས་བསྒྲིགས།

ཁ་སང་ཐའེ་ཝན་སྲིད་འཛིན་གྱི་འོས་བསྡུའི་ཁྲོད་སྐུ་ཞབས་ལེ་ཆིན་ཏི་ (Lai Ching-te) མཆོག་སྲིད་འཛིན་གསར་པར་འོས་འདེམས་བྱུང་བར་བརྟེན། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་ཞབས་ལི་ཆིན་ཏི་མཆོག་གི་མཚན་ཐོག་ཏུ་གནང་བའི་འཚམས་འདྲིའི་གསུང་འཕྲིན་ནང་། ད་ལྟའི་ཆར་ཐའེ་ཝན་ནང་དམངས་གཙོའི་ལམ་ལུགས་ཉམས་ལེན་བྱེད་བཞིན་པ་མཐོང་དུས། རང་དབང་དང་ཆེ་མཐོང་གི་རྗེས་སུ་སྙེག་བཞིན་པ་རྣམས་ལ་བློ་སྤོབས་སྐྱེད་པའི་འབྱུང་ཁུངས་དོན་དམ་པ་ཞིག་རེད། ངོས་རང་ཐའེ་ཝན་ནང་ཕྱིན་སྐབས་ཐའེ་ཝན་མི་མང་གིས་སྣེ་ལེན་ཟབ་རྒྱས་ཞུས་སོང་། སྐབས་དེར་ཐའེ་ཝན་ནང་དམངས་གཙོའི་ལམ་ལུགས་སྲ་བརྟན་དུ་གནས་ཡོད་པ་མཐོང་བྱུང་། ཐའེ་ཝན་མི་མང་ཡར་རྒྱས་དང་དམངས་གཙོའི་ཤེད་ཤུགས་ཆེ་རུ་ཕྱིན་པ་ཙམ་མིན་པར། ཡུལ་དེའི་དཔལ་འབྱོར་དང་ཤེས་ཡོན་ཐོག་ཡར་རྒྱས་ཤུགས་ཆེན་ཕྱིན་པ་མ་ཟད། རྒྱུན་སྲོལ་གྱི་རིག་གཞུང་ཕུན་སུམ་ཚོགས་པ་རྣམས་མི་ཉམས་རྒྱུད་འཛིན་བྱེད་བཞིན་འདུག ཅེས་གསུངས་འདུག

ཡང་༧མགོན་པོ་གང་ཉིད་མཆོག་ནས། ཐའེ་ཝན་གྱི་ནང་པ་དད་ལྡན་པ་རྣམས་ཀྱིས་ནང་པ་སངས་རྒྱས་པའི་ཆོས་ལ་དད་གུས་ཆེན་པོ་བྱེད་བཞིན་པར་ཡིད་སྨོན་སྐྱེ་ཡི་ཡོད། ངོས་རང་ནང་པའི་དགེ་འདུན་པ་ཞིག་ཡིན་པའི་ཆ་ནས། ངོས་ནས་ཁོང་རྣམས་ལ་ནང་ཆོས་འཆད་ཁྲིད་དང་ཆོས་ཕྱོགས་ཀྱི་ལམ་སྟོན་དུས་ནས་དུས་སུ་བསླབ་རྒྱུའི་འབད་བརྩོན་གང་ཐུབ་ཞུ་ཡི་ཡོད། ཅེས་དང་། ཐའེ་ཝན་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ལེགས་པོ་བསྐྲུན་རྒྱུ་གལ་ཆེ་ཤོས་ཡིན་པ་དང་། ས་གནས་དང་རྒྱལ་ཁབ། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་གྲོས་མོལ་གྱི་ལམ་ནས་རྩོད་རྙོག་ཞི་འགྲིག་ཡོང་རྒྱུར་ཡིད་ཆེས་བརྟན་པོ་ཡོད། ཅེས་གསུངས་འདུག

མཐའ་དོན་དུ་༧མགོན་པོ་གང་ཉིད་ནས། སྐུ་ཞབས་ལེ་ཡིས་ཐའེ་ཝན་མི་མང་གི་རེ་བ་དང་མངོན་འདོད་རྣམས་བསྒྲུབ་པར་བྱ་གཞག་རྣམས་ལམ་ལྷོངས་ཡོང་བའི་ཐུགས་སྨོན་མཛད་འདུག

སྐུ་ཞབས་ལེ་ཆིན་ཏི་མཆོག་ནི་ཕྱི་ལོ་ ༡༩༥༩ ཟླ་ ༡༠ ཚེས་ ༦ ཉིན་ཐའེ་པའེ་རྫོང་གི་བྱང་ཁུལ་དུ་སྐྱེས་ཤིང་། རྡོ་སོལ་བསྔོག་འདོན་གྱི་ཁྱིམ་ཚང་ཞིག་ཏུ་སྐྱེས། ཆུང་དུས་ཐའེ་པའེ་གྲོང་ཁྱེར་དུ་སློབ་གྲྭར་འགྲིམས་རྗེས། ཐའེ་ནན་ (Tainan) དུ་ཡོད་པའི་རྒྱལ་ཡོངས་ཁྲིན་ཁུང་གཙུག་ལག་སློབ་ཆེན་(National Cheng Kung Univertsity) དུ་སློབ་སྦྱོང་བྱས། དེ་ནས་ཐའེ་པའེ་རུ་ཡོད་པའི་ཐའེ་ཝན་རྒྱལ་ཡོངས་མཐོ་རིམ་སློབ་གཉེར་ཁང་དུ་སློབ་སྦྱོང་གནང་རྗེས། (Harvard) གཙུག་ལག་སློབ་ཆེན་དུ་མང་ཚོགས་ཀྱི་འཕྲོད་བསྟེན་ཐོག་ལ་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་བྱས། ཕྱི་ལོ་ ༢༠༡༠ ཟླ་ ༡ པོའི་ནང་དམངས་གཙོ་ཡར་ཐོན་ཚོགས་པའི་ (Democratic Progressive Party)ཚོགས་མི་ཆགས་རྗེས། ༢༠༡༠ ལོའི་ཟླ་ ༡༡ ནང་ཐའེ་ནན་གྲོང་སྡེའི་སྤྱི་ཁྱབ་ལ་བདམས་ཐོན་བྱུང་། ལོ་དེའི་ཕྱི་ཟླ་ ༡༢ ཚེས་ ༢༥ ཉིན་གྲོང་སྡེའི་སྤྱི་ཁྱབ་ཀྱི་ལས་དོན་མགོ་བཙུགས། ཁོང་ནི་ཐའེ་ཝན་གྱི་སྲིད་དོན་པ་དང་། སྨན་པ་ (physician) ཟུར་པ་ཞིག་ཡིན་པ་མ་ཟད། ད་ལྟའི་ཆར་ཐའེ་ཝན་གྱི་སྲིད་འཛིན་གཞོན་པའང་ཡིན་འདུག་ལ། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༠ ཉིན་སྲིད་འཛིན་གྱི་ལས་འཁུར་དངོས་སུ་མགོ་འཛུགས་གནང་རྒྱུ་ཡིན་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩
The abbot of Namgyal Monastery Thomthog Rinpoche offering long life pills to His Holiness the Dalai Lama during the Long Life Prayer Offering at His Holiness’s residence in Dharamsala, HP, India on February 14, 2024, Photo by Ven Zamling Norbu
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༤/༠༢/༡༥
Nauru cuts diplomatic ties with Taiwan in favour of China.
Mobile App

ནཱ་རུ་རྒྱལ་ཁབ་ཀྱིས་ཐའེ་ཝན་དང་ཕྱི་འབྲེལ་བཅད།

༢༠༢༤/༠༡/༡༦
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་བསྐྱངས་ཏེ་ལོ་ངོ་ ༧༥ འཁོར་བའི་ཉིན་མོར་གསུང་འཕྲིན་བསྩལ།

༢༠༢༣/༡༢/༠༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ནེའུ་ཛི་ལེན་ཌིའི་སྲིད་བློན་གསར་པར་འཚམས་འདྲི་མཛད། ༢༠༢༣། ༡༠། ༡༦ བོད་ཀྱི་དུས་བབ་ཀྱི་པར།
༧གོང་ས་མཆོག གསུང་འཕྲིན།

ནེའུ་ཛི་ལེན་ཌིའི་སྲིད་བློན་གསར་པར་འཚམས་འདྲི་མཛད།

༢༠༢༣/༡༠/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese