མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས།

བོད་ཀྱི་དུས་བབ།
༢༠༢༤/༠༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་ ༣༥ པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཏེ་གནས་ཁྱད་པར་ཅན་འདིར་སྨོན་ལམ་བརྒྱབ་དུས་གཏན་གཏན་འགྲུབ་པའི་རྐྱེན་ཞིག་ཡོད་པ་རེད་ཅེས་བཀའ་སློབ་བསྩལ་འདུག

༧གོང་ས་མཆོག་ཕྱི་ཟླ་ ༡ ཚེས་ ༡༨ ཉིན་འཛམ་གླིང་ཞི་བདེའི་རྡོར་གདན་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་ ༣༥ པའི་ཚོགས་མགོན་དུ་ཕེབས། ༢༠༢༣།༠༡།༡༨ ཕོ་བྲང་གི་སྐུ་པར།

ཟླ་འདིའི་ཕྱི་ཚེས་ ༡༡ ནས་ ༢༠ བར་ཉིན་གྲངས་ ༡༠ རིང་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་དྲུང་དུ། འཛམ་གླིང་ཞི་བདེའི་རྡོར་གདན་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་ ༣༥ པ་འཚོག་བཞིན་ཡོད་ཅིང་། དེ་རིང་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༧།༥༠ ཙམ་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྔ་འགྱུར་རྙིང་མའི་སྨོན་ལམ་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་གནང་ཡོད་པ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ཆོས་གྲོགས་ལྷན་རྒྱས་རྣམ་པར་ཞུ་རྒྱུར། དེ་རིང་འདིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་འཁོར་བསྐོར་ས་དང་། མངོན་པར་རྫོགས་པའི་སངས་རྒྱས་པའི་མཛད་པ་མཛད་སའི་གནས་ཆེན་ཁྱད་པར་ཅན་འདིར། ང་ཚོ་མཉམ་དུ་འཛོམས་ནས་སྨོན་ལམ་རྒྱག་པའི་བསྐལ་བ་བཟང་པོ་བྱུང་བ་རེད། གང་ལྟར་ང་ཚོའི་མི་ཚེ་གཅིག་ལ་འདི་འདྲའི་གོ་སྐབས་བཟང་པོ་ཞིག་བྱུང་ནས་བསོད་ནམས་བསགས་ཡོང་དུས། འདི་འདྲའི་ལས་བཟང་པོའི་འབྲས་བུ་དེ་ཚེ་རབས་ནས་ཚེ་རབས་བར་དུ་སྨིན་པ་ཐག་གིས་གཅོད་ཐུབ། ངོས་རང་སྒེར་གྱི་ངོས་ནས་བཤད་ན་སྟོན་པ་ཐུབ་པའི་དབང་བའི་གནས་ཁྱད་པར་ཅན་ནས་མཉམ་དུ་འཛོམས་ཏེ་སྨོན་ལམ་བརྒྱབ་པ་དེ་གོ་སྐབས་ཧ་ཅང་བཟང་པོ་ཡིན། བསྟན་པ་རིན་ཆེན་མཆོག་གི་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག། །ཞེས་གསུངས་པ་ནང་བཞིན། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་དེ་སྔ་མ་དར་བའི་ས་ཆ་ལའང་དེང་སང་དོ་སྣང་གསར་པ་ཞིག་བྱེད་བཞིན་ཡོད་པ་རེད། ང་ཚོ་ནི་ཕ་མེས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་བ་རེད། གནས་ཁྱད་པར་ཅན་འདིར་ང་ཚོ་ལྷན་འཛོམས་བྱུང་ནས་སྨོན་ལམ་རྒྱག་ཐུབ་པ་ཧ་ཅང་སྐལ་བ་བཟང་པོ་ཡིན། ང་ཚོས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཚེ་རབས་ནས་ཚེ་རབས་སུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་རྣལ་མ་ཞིག་ཆགས་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད། ཆོས་གྲོགས་ཚོའང་དེ་བཞིན་གཏན་གཏན་ཡོང་གི་རེད། ཚང་མས་ཀྱང་ཐུགས་སྨོན་ཡག་པོ་གནང་ཤོག ཅེས་གསུངས་སོང་།

 ཡང་མགོན་པོ་གང་ཉིད་མཆོག་ནས། དུས་དང་དུས་སུ་སྨོན་ལམ་རྒྱག་རྒྱུ་གལ་ཆེན་པོ་རེད། ཡིན་ནའང་། གཙོ་ཆེ་ཤོས་དེ་ཉིན་ཞག་དུས་དྲུག་གི་རིང་སོ་སོའི་སེམས་དེ་བཅོམ་ལྡན་འདས་ཀྱི་དགོངས་པ་དང་མ་འགལ་བའི་ཐོག་ནས་བསམ་པ་རྣམ་དག་གི་ཆོས་པ་ཞིག་བྱེད་དགོས། དེ་ཚང་མས་ཐུགས་ལ་བཅངས་དགོས། ངོས་རང་ལ་ཆ་བཞག་ན་ཧ་ཅང་སྐལ་བ་བཟང་པོ་བྱུང་། ཚེ་རབས་ནས་ཚེ་རབས་བར་སྟོན་པ་བཅོམ་ལྡན་འདས་ཀྱི་བསྟན་པ་ཉམས་སོར་ཆུད་དང་། མི་ཉམས་གོང་སྤེལ་ཡོང་བའི་སྨོན་ལམ་རྒྱག་གི་ཡོད་ལ། སེམས་ཤུགས་བསྐྱེད་བསྡད་ཀྱི་ཡོད། ཇི་སྲིད་ནམ་མཁའ་གནས་པ་དང༌། ། འགྲོ་བ་ཇི་སྲིད་གནས་གྱུར་པ། ། དེ་སྲིད་བདག་ནི་གནས་གྱུར་ནས། ། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །ཞེས་པའི་སྨོན་ལམ་སྙིང་ཁོངས་རུས་པའི་གཏིང་ནས་འདེབས་བཞིན་ཡོད། ཇི་སྲིད་ནམ་མཁའ་མ་སྲིད་བར་དུ་བསྟན་པ་འདིའི་ཆེད་དུ་ངོས་རང་གིས་ཞབས་འདེགས་ཅི་ཞིག་བསྒྲུབ་པར་སྨོན་ལམ་རྒྱག་གི་ཡོད། ཆོས་ཞེས་པ་ཕྱི་ལོགས་ཀྱི་རྣམ་འགྱུར་གཅིག་པོ་མ་རེད། ནམ་རྒྱུན་བསམ་བློ་ནང་དུ་ཆོས་ཀྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་དེ་མ་བརྗེད་པ་བྱ་རྒྱུ་ཧ་ཅང་གལ་ཆེན་རེད། ངོས་རང་ལ་ཆ་བཞག་ན་ཞོགས་པར་ཡར་ལངས་ཏེ་བྱང་ཆུབ་ཀྱི་སེམས་སྒོམ་པ་དང་། དེ་ནས་སྟོང་ཉིད་སྒོམ་བཞིན་ཡོད། ངོས་ཀྱི་ཆོས་བྱེད་སྟངས་དེ་འདྲ་ཞིག་རེད། སྟོན་པའི་རྗེས་འབྲངས་རྣལ་མ་ཐོག་འགྲོ་བ་མི་གཙོ་བོ་གྱུར་བའི་མཐའ་ཡས་པའི་སེམས་ཅན་མཐའ་དག་གི་ཆེད་དུ་སྨོན་ལམ་རྒྱག་བཞིན་ཡོད་ལ། གནས་ཁྱད་པར་ཅན་འདིར་སྨོན་ལམ་བརྒྱབ་དུས་གཏན་གཏན་འགྲུབ་པའི་རྐྱེན་ཞིག་ཡོད་པ་རེད། ཅེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༧ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese