མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་སློབ་གྲྭ་ཞིག་ལ་མེ་སྐྱོན་དོན་རྐྱེན་བྱུང་།

བོད་ཀྱི་དུས་བབ།
༢༠༢༤/༠༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ཧི་ནན་ཞིང་ཆེན་དུ་ཡོད་པའི་གཞི་རིམ་གཏན་སྡོད་སློབ་གྲྭ་ཞིག་ལ་མེ་སྐྱོན་ཤོར་རྐྱེན་མི་གྲངས་ ༡༣ རྐྱེན་འདས་སུ་ཕྱིན་འདུག

13 Killed In Massive Fire At China School Dormitory. Photo: NDTV

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། ཁ་སང་ཕྱི་ཚེས་ ༡༩ ཉིན་གྱི་དགོང་མོར་རྒྱ་ནག་ཧི་ནན་ (Henan) ཞིང་ཆེན་ནང་གི་ཧྥན་ཁྲང་ (Fangcheng) རྫོང་ནཱན་ཡཱང་ (Nanyang) གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཡཱིན་ཚའེ་ (Yincai School) གཞི་རིམ་གཏན་སྡོད་སློབ་གྲྭ་ཞིག་ལ་གློ་བུར་དུ་མེ་སྐྱོན་ཤོར་བར་བརྟེན། སློབ་ཕྲུག་ཚུད་པའི་མི་གྲངས་ ༡༣ རྐྱེན་འདས་སུ་ཕྱིན་ཡོད་འདུག

ད་ལྟའི་ཆར་ས་གནས་དཔོན་རིགས་ཚོས་མེ་སྐྱོན་གྱི་དོན་རྐྱེན་ཇི་ལྟར་བྱུང་མིན་ཐད་རྟོག་ཞིབ་བྱས་དང་བྱེད་མུས་ཡིན་ཞིང་། ས་གནས་ཉེན་རྟོག་པས་སློབ་གྲྭའི་འགན་འཛིན་བཀག་སྐྱིལ་བྱས་ཏེ་འདྲི་རྩད་བྱེད་བཞིན་ཡོད་སྐོར་བསྒྲགས་འདུག

དེ་འབྲེལ་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་། ཁ་སང་གི་མཚན་མོར་སློབ་གྲྭ་དེར་མེ་སྐྱོན་གྱི་དོན་རྐྱེན་བྱུང་སྟེ། མེ་གསོད་རུ་ཁག་གིས་མཚན་གྱི་ཆུ་ཚོད་ ༡༡།༣༨ ཡས་མས་ཤིག་ལ་མེ་གསོད་ཐུབ་པ་བྱུང་བ་དང་། དོན་རྐྱེན་དེའི་ཁྲོད་མི་གཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ། ད་ལྟའི་ཆར་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་འདུག་ལ། མི་གྲངས་ ༡༣ ཙམ་རྐྱེན་འདས་སུ་ཕྱིན་ཡོད་ཀྱང་། དེའི་ཁྲོད་སློབ་མ་ཇི་ཙམ་ཡོད་པ་ཁ་གསལ་མེད་སྐོར་སོགས་བཀོད་འདུག

རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཝེ་པོ་ (Weibo) རུ་དོན་རྐྱེན་དེ་དང་འབྲེལ་བའི་བརྙན་ཐུང་ཁྱབ་སྤེལ་ཤུགས་ཆེན་ཕྱིན་པ་མ་ཟད། དེའི་སྟེང་མཆན་འདེབས་མཁན་ཡང་མང་པོ་བྱུང་འདུག དེ་འབྲེལ་མཆན་འབྲི་མཁན་ཞིག་གིས། སློབ་མ་ ༡༣ འཕྲལ་དུ་འདས་གྲོངས་ཕྱིན་པ་དེ་འཇིགས་སྣང་སྐྱེ་འོས་པ་ཞིག་དང་། ནག་ཉེས་ཅན་ལ་ཁྲིམས་ཆད་དྲག་པོ་གཅོད་དགོས་སྐོར་སོགས་བྲིས་འདུག

ཕྱི་ལོ་ ༡༩༩༥ ལོར་ཡཱིན་ཚའེ་སློབ་གྲྭ་ (Yincai School) གསར་འཛུགས་བྱས་ཡོད་ཅིང་། སློབ་གྲྭ་དེ་ནི་སྒེར་གཉེར་གཏན་འཇགས་སློབ་གྲྭ་ཞིག་ཡིན་འདུག དེའི་ནང་དུ་སྔོན་འགྲོ་དང་གཞི་རིམ། འབྲིང་རིམ་བཅས་ཀྱི་སློབ་སྦྱོང་སྤྲོད་ཀྱི་ཡོད་པ་དང་། སློབ་ཕྲུག་མང་ཆེ་བ་ཉེ་འཁྲིས་གྲོང་གསེབ་ནས་ཡིན་འདུག

རྒྱ་ནག་ནང་བདེ་འཇགས་ཀྱི་གནས་སྟངས་ཞན་པ་དང་ལྷོད་དྲགས་པའི་རྐྱེན་གྱིས། མེ་སྐྱོན་དང་གློ་བུར་གྱི་ཆག་སྒོ་སོགས་མང་པོ་འབྱུང་གི་ཡོད་པ་རེད། དེ་ཡང་འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༦ ཉིན་རྒྱ་ནག་ཧྲན་ཞི་ (Shanxi) ཞིང་ཆེན་དུ་ཡོད་པའི་ལས་ཁུངས་ཤིག་ལ་མེ་སྐྱོན་ཤོར་ནས་མི་གྲངས་ ༢༦ རྐྱེན་འདས་སུ་ཕྱིན་ཡོད་པ་རེད། ད་དུང་འདས་ལོའི་ཕྱི་ཟླ་ ༤ པའི་ནང་རྒྱ་ནག་པེ་ཅིན་གྱི་སྨན་ཁང་ཞིག་ཏུ་མེ་སྐྱོན་བྱུང་རྐྱེན་འོག ནད་པ་ཚུད་པའི་མི་གྲངས་ ༢༩ རྐྱེན་འདས་དང་། ཉེན་རྟོག་པས་མི་གྲངས་ ༡༢ འཛིན་བཟུང་དང་འདྲི་རྩད་སོགས་བྱས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༠ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༡༠ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese