མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གཞས་མ་འཇམ་དབྱངས་སྒྲོལ་མ་ཞུ་གཏུག་བྱས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་རོལ་དབྱངས་ཁེ་གཉེར་ཁང་ཞིག་དང་བོད་ཀྱི་གཞས་མ་འཇམ་དབྱངས་སྒྲོལ་མ་གཉིས་ལ་རྒྱ་སྒོར་ ༧༥༠༠༠ ཡི་ཉེས་ཆད་བཅད་ཡོད་ལུགས་བསྒྲགས་འདུག

དྲ་ལམ་གྱི་པར། གཞས་མ་འཇམ་དབྱངས་སྒྲོལ་མ།

རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་རྟེན་གཞི་བྱས་པའི་རོལ་དབྱངས་འཕེལ་རྒྱས་ཚོང་གཉེར་ཁང་ཟེར་བ་ཞིག་གིས། རྒྱ་ནག་ཧུའུ་པེའི་ཞིང་ཆེན་གྱི་རིག་གནས་ཚོང་གཉེར་ཁང་ཞིག་དང་བོད་ཀྱི་གཞས་མ་འཇམ་དབྱངས་སྒྲོལ་མ་ལགས་གཉིས་ནས་རྒྱ་ནག་གི་གཞས་པ་གྲགས་ཅན་ཏའོ་ལང་གི་ནུབ་མཚོའི་མཛའ་གཞས་ཞེས་པའི་གླུ་གཞས་ཤིག་ཆོག་མཆན་མེད་པར་བཀོལ་སྤྱོད་བྱས་པ་ཁྲིམས་གཏུག་བྱས་ཏེ། ཧུའུ་པེ་རིག་གནས་ཚོང་གཉེར་ཁང་དང་འཇམ་དབྱངས་སྒྲོལ་མ་གཉིས་ཐུན་མོང་ཐོག་རྒྱ་སྒོར་ ༧༥༠༠༠ ཡི་གུན་ཚབ་འཇལ་དགོས་བྱུང་ཡོད་ལུགས་བསྒྲགས་འདུག

དེ་འབྲེལ་རྒྱ་ནག་གི་དྲ་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ལོ་འགའི་གོང་ལ་རྒྱ་ནག་ཧུའུ་པེའི་ཞིང་ཆེན་གྱི་རིག་གནས་ཚོང་གཉེར་ཁང་ཞིག་གི་གཙོ་སྒྲུབ་བྱས་པའི་གྲགས་ཅན་གཞས་པ་གཞས་མའི་གླུ་གཞས་དགོང་ཚོགས་ཟེར་བ་ཞིག་གི་སྟེང་། བོད་ཀྱི་གཞས་མ་འཇམ་དབྱངས་སྒྲོལ་མས་ནུབ་མཚོའི་མཛའ་གཞས་ཞེས་པའི་གླུ་ཆོག་མཆན་མེད་པར་བཏང་བས། གླུ་གཞས་དེའི་བདག་དབང་གཉེར་མཁན་པེ་ཅིན་རིག་གནས་ཚོང་གཉེར་ཁང་གིས། དབྱི་ཁྲང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་དང་པོ་དང་ཧུའུ་པེ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་གཉིས་པ་བརྒྱུད། འཇམ་དབྱངས་སྒྲོལ་མ་དང་ཧུའུ་པེའི་རིག་གནས་ཚོང་གཉེར་ཁང་གཉིས་གླུ་གཞས་ཀྱི་བདག་དབང་ལ་གནོད་སྐྱོན་བཟོས་ཡོད་པས། ཐུན་མོང་ཐོག་རྒྱ་སྒོར་ ༧༥༠༠༠ ཡི་གུན་ཚབ་འཇལ་དགོས་པའི་བཀོད་ཁྱབ་བཏང་ཡོད་ལུགས་བསྒྲགས་འདུག

གླུ་གཞས་ཀྱི་བདག་དབང་དང་འབྲེལ་བའི་ཁྲིམས་དོན་གྱོད་གཞི་དེའི་ཐད། ནུབ་མཚོའི་མཛའ་གཞས་གཏོང་མཁན་རྒྱ་ནག་གི་གཞས་པ་གྲགས་ཅན་ཏའོ་ལང་གིས། ནུབ་མཚོའི་མཛའ་གཞས་དང་ལག་མཐིལ་དུ་འཁྱིལ་བའི་དྲོད་ཁོལ། ཆར་ཟིམ་ཁྲོད་ཀྱི་དྲན་པ་ཞེས་པའི་གླུ་གཞས་གསུམ་ལུང་འདྲེན་བྱས་པ་དང་སྦྲགས། དབང་ཆ་སྤྲད་པ་གཏན་འཁེལ་དང་གསལ་བསྒྲགས་ཡི་གེའི་ནང་གོང་གསལ་གྱི་རོལ་དབྱངས་བརྩམས་ཆོས་གསུམ་རང་ཉིད་ནས་འཇམ་དབྱངས་སྒྲོལ་མར་འཁྲབ་སྟོན་བྱ་རྒྱུའི་དབང་ཆ་སྤྲོད་མྱོང་མེད་ཅེས་འཁོད་ཡོད་འདུག

ཨེ་ཕོག་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༠༨ ལོར་འཇམ་དབྱངས་སྒྲོལ་མ་ལགས་ཀྱིས། རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་རྒྱལ་ཡོངས་གླུ་གཞས་འགྲན་སྡུར་ཞིག་གི་སྟེང་ནུབ་མཚོའི་མཛའ་གཞས་ཞེས་པའི་གཞས་དེ་བཏང་ནས་འགྲན་སྡུར་ཁྲོད་ཨང་དང་པོ་ལོན་པ་མ་ཟད། གླུ་གཞས་སྒྱུ་རྩལ་གྱི་གར་སྟེགས་ཁྲོད་ཁོང་མོའི་མཚན་སྙན་རྒྱ་ནག་རྒྱལ་ཡོངས་སུ་སྐད་གྲགས་ཆགས་བཞིན་པའི་སྐབས་སུ། ཏའོ་ལང་གིས་གླུ་གཞས་དེ་རང་ཉིད་ཀྱི་ཡིན་པ་དང་། ཁྲིམས་གཏུག་བྱས་ཏེ་གླུ་གཞས་ཀྱི་བདག་དབང་རྩོད་རྙོག་དང་འབྲེལ་ནས་རྒྱ་སྒོར་ཁྲི་ ༢༥ ཡི་གུན་ཚབ་སྤྲོད་པའི་དགོས་འདུན་བཏོན་ཡོད་པ་དང་། འཇམ་དབྱངས་སྒྲོལ་མ་ལགས་དང་ཏའོ་ལང་གཉིས་བར་ཁྱོན་ཁྲིམས་གཏུག་རིམ་པ་ ༤༢ བྱས་ཤིང་། བརྒྱུད་རིམ་དེའི་ཁྲོད་འཇམ་དབྱངས་སྒྲོལ་མ་ལགས་ཀྱིས་རང་ཉིད་གླུ་གཞས་སྒྱུ་རྩལ་གྱི་གར་སྟེགས་ལས་ཕྱིར་ཐོན་ཏེ་སྤྲོ་སེམས་འཁོར་བའི་ཁྱིམ་ཚང་སྐྱོང་འདོད་ཡོད་པའི་གསལ་བསྒྲགས་སྤེལ་མྱོང་འདུག་ལ། འདི་ལོར་སླར་ཡང་ཁོ་མོར་གླུ་གཞས་དེའི་བདག་དབང་དང་འབྲེལ་ནས་རྒྱ་སྒོར་ ༧༥༠༠༠ ཉེས་ཆད་བཏང་ཡོད་སྐོར་སོགས་བརྗོད་འདུག

སྤྱིར་ནུབ་མཚོའི་མཛའ་གཞས་དང་ལག་མཐིལ་དུ་འཁྱིལ་བའི་དྲོད་ཁོལ། ཆར་ཟིམ་ཁྲོད་ཀྱི་དྲན་པ་ཞེས་པའི་གླུ་གཞས་གསུམ་དེ་རྒྱ་ནག་གི་གཞས་པ་གྲགས་ཅན་ཏའོ་ལང་གི་གཞས་ཡིན་པ་དང་། ཏའོ་ལང་གིས་རོལ་དབྱངས་དེ་དག་གི་བདག་དབང་པེ་ཅིང་གི་རོལ་དབྱངས་རིག་གནས་འཕེལ་རྒྱས་ཚོང་གཉེར་ཁང་ཞིག་ལ་སྤྲད་ཡོད་ཅིང་། བདག་དབང་སྤྲོད་པའི་དུས་བཀག་ནང་རོལ་དབྱངས་བརྩམས་ཆོས་དག་ཚོང་གཉེར་ཁང་དེ་ཉིད་གཅིག་པུར་ལོངས་སུ་སྤྱོད་དབང་ཡོད་པའམ་ཡང་ན་བདག་དབང་སྤྲོད་གཞན་ལ་སྤྲོད་མིན་ལ་དོ་དམ་བྱེད་དབང་ཡོད་པ་མ་ཟད། ཚོང་གཉེར་ཁང་དེས་རང་ཉིད་ཀྱི་མིང་ཐོག་ནས་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱེད་དབང་ཡང་ཡོད་སྐོར་སོགས་གསལ་ཡོད་འདུག

བོད་དུ་མིང་གྲགས་ཆེ་བའི་གླུ་མ་འཇམ་དབྱངས་སྒྲོལ་མ་ནི་ཕྱི་ལོ་ ༡༩༨༤  ལོར་ཁམས་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོའི་ཉེ་འདབས་ཀྱི་ཞིང་པར་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས། ཆུང་དུས་ནས་དམངས་ཁྲོད་ཀྱི་གླུ་གཞས་ལ་ཐུན་མིན་གྱི་དུངས་ཞེན་ལྡན་པ་མ་ཟད་མགྲིན་པའི་སྐད་ངག་ནས་གླུ་སྙན་མོ་ངག་ལ་གྱེར་རྒྱུའི་ལྷན་སྐྱེས་ཀྱི་མགྲིན་ངག་ཡོད་ཅིང་། ཕ་མའི་བཀའ་དྲིན་གྱིས་ཆུང་དུས་ནས་སློབ་གྲྭ་རིག་པའི་སྒོ་མོར་ཞུགས་ཏེ་རྒྱ་ཡིག་དང་བོད་ཡིག གྲངས་རིག་སོགས་ལ་སྦྱོང་བ་བྱེད་རྒྱུའི་གོ་སྐབས་ཐོབ། རང་ལོ་ཉི་ཤུ་ཙམ་ནས་གླུ་གཞས་སྒྱུ་རྩལ་གྱི་གར་སྟེགས་སྟེང་བུད་དེ། གདོང་ལེན་དང་དཀའ་ཚེགས་ལ་མ་འཛེམས་པར་གླུ་གཞས་སྒྱུ་རྩལ་གྱི་འགྲན་སྡུར་མང་པོར་ཞུགས་ཤིང་། ཕྱི་ལོ་ ༢༠༠༥ ལོར་ཁོ་མོ་མཛེས་སྡུག་ལྡན་པའི་ཁམས་པ་ཞེས་པའི་བྲོ་གར་འཁྲབ་སྟོན་དུ་ཞུགས་ནས་བྲོ་གར་འཁྲབ་སྟོན་དེ་ལ་སི་ཁྲོན་ཞིང་ཆེན་གྱི་སྐབས་ལྔ་བའི་གྲངས་ཉུང་མི་རིགས་སྒྱུ་རྩལ་དུས་ཆེན་གྱི་གླུ་དབྱངས་འཁྲབ་སྟོན་ཁྲོད་དུ་བྱ་དགའ་ཨང་དང་པོ་ཐོབ།  ཕྱི་ལོ་ ༢༠༠༦ ལོར་སྐབས་གསུམ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྷན་འཛོམས་འཁྲབ་སྟོན་དུ་ཞུགས་ཏེ་ཁེར་གླུ་ཞིག་དབྱངས་ལ་གྱེར་པས་སྐབས་དེའི་འཁྲབ་སྟོན་ཁྲོད་དུ་གསེར་གྱི་རྟགས་མའི་བྱ་དགའ་བླངས། ཁོ་མོས་ད་སྔ་བར་རི་འདི། ཆུ་འདི།  ཤར་ཕྱོགས་མོ་བཟའ་རྒྱལ་མོ། ཞེས་པ་སོགས་ཀྱི་ཆེད་སྒྲིག་འོད་སྡེར་དང་།  བཀྲ་ཤིས་པའི་མཆོད་མེ་དང་ཕ་མ་རིགས་བཟང་བུ་སྲིང་། གསེར་མདོག་གི་འབོད་སྒྲ་དང་ཨ་མ་དྲན་གླུ གངས་ལྗོངས་ཀྱི་གླིང་གེ་སར་རྒྱལ་པོ་སོགས་གྲགས་ཆེ་བའི་རོལ་དབྱངས་བརྩམས་ཆོས་མི་ཉུང་བ་ཞིག་སྤེལ་མྱོང་བ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༤ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༥ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༥ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese