མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷོ་སོག་གི་མགོ་ཁྲིད་ཅིག་ལ་ལོ་ ༡༤ ཡི་ཁྲིམས་ཐག་བཅད་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ནང་སོག་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཟེར་བའི་དམར་ཤོག་མགོ་འཁྲིད་ཟུར་པ་ཧུའུ་དབྱི་ཧྥེང་ཟེར་བ་ཞིག་གིས་རྒྱ་སྒོར་ཁྲི་ ༥༡༨༡ གི་ལྐོག་རྔན་བླངས་ཡོད་པའི་ནག་ཉེས་འོག་ལོ་ ༡༤ ཡི་ཁྲིམས་ཐག་བཅད་ཡོད་འདུག

ནང་སོག་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཟེར་བའི་དམར་ཤོག་འགན་འཛིན་ཟུར་བ་ཧུའུ་དབྱི་ཧྥེང་། དྲ་ལམ་གྱི་པར།

ཞི་ཅིན་ཕིན་གཞུང་གིས་སྟག་དང་སྦྲང་མ་ལེབ་རྡུང་གི་སྲིད་ཇུས་ཟེར་བའི་མིང་འོག་ནས་རྒྱ་ནག་དང་། རྒྱའི་བཙན་བཟུང་འོག་ཡོད་པའི་བོད་དང་ལྷོ་སོག  ཡུ་གུར་སོགས་ཀྱི་དཔོན་རིགས་མང་པོ་ཞིག་ལ་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་བླངས་བ། དམར་ཤོག་གཞུང་ལ་བློ་སེམས་མི་དཀར་བ་སོགས་ཀྱི་ནག་ཉེས་འོག་ཁྲིམས་ཆད་ཕོག་གི་ཡོད་པ་ལྟར། ཉེ་ཆར་ཧྲན་ཞི་ཞིང་ཆེན་གྱི་ཞིན་ཀྲོའུ་གྲོང་ཁྱེར་གྱི་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས། ནང་སོག་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཟེར་བའི་དམར་ཤོག་དྲུང་ཆེ་དང་འགན་འཛིན་ཟུར་པ་ཧུའུ་དབྱི་ཧྥེང་ཟེར་བས། ལྐོག་རྔན་རྒྱ་སྒོར་ཁྲི་ ༥༡༨༡ བླངས་པའི་ནག་ཉེས་བཙུགས་ཏེ་མི་ལོ་ ༡༤ ལ་བཙོན་འཇུག་ཁྲིམས་ཐག་དང་།  རྒྱ་སྒོར་ས་ཡ་གསུམ་དང་འབུམ་གཉིས་ཀྱི་ཉེས་ཆད་བཅད་ཡོད་འདུག

དེའི་སྐོར་ལ་རྒྱ་ནག་ཧྲན་ཞི་ཞིང་ཆེན་ཞིན་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། ཧུའུ་དབྱི་ཧྥེང་གིས་ཕྱི་ལོ་ ༡༩༩༧ ནས་ཕྱི་ལོ་ ༢༠༡༨ལོའི་བར་དུ་ནང་སོག་རང་སྐྱོང་ལྗོངས་ཀྱི་དམར་ཤོག་སྲིད་ཁྲིམས་ཀྱི་དྲུང་ཡིག་གཞོན་པ་དང་། ནང་སོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཀྱི་དྲུང་ཆེ། ནང་སོག་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་དམར་ཤོག་ཚོགས་པའི་དྲུང་ཡིག སོགས་གཞུང་འབྲེལ་གྱི་གོ་གནས་བེད་སྤྱོད་ལོག་པར་བཏང་སྟེ། ལས་གནས་དང་། མི་སྒེར་གྱི་ཁེ་ལས། ལས་གྲྭ་འགན་ལེན། གོ་གནས་སྤར་བ། གྱོད་གཞི་མཐུན་སྦྱོར་སོགས་བྱས་ཡོད་སྐོར་དང་། ཕྱི་ལོ་ ༢༠༡༩ ལོར་རྒན་ཡོལ་ཞུས་རྗེས་ཀྱང་སྔོན་མའི་གོ་གནས་བེད་སྤྱོད་བྱས་ཏེ་ལྐོག་དངུལ་རྒྱ་སྒོར་ཁྲི་ ༢༠༠ བླངས་ཡོད་པ་སོགས་ཀྱི་ནག་ཉེས་བཙུགས་འདུག

ཧུའུ་དབྱི་ཧྥེང་ནི་ཕྱི་ལོ་ ༡༩༥༤ ལོར་ལྷོ་སོག་ཏུ་སྐྱེས་ཡོད་ཅིང་། ཕྱི་ལོ་ ༡༩༧༦ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ནང་དུ་ཞུགས་འདུག ཕྱི་ལོ་ ༡༩༨༢ ལོར་ནང་སོག་མཐོ་སློབ་ཀྱི་དཔལ་འབྱོར་རིག་པའི་ཚན་ཁག་ནས་སློབ་མཐར་ཕྱིན། ཕྱི་ལོ་ ༡༩༩༦ ལོར་རྒྱ་ནག་དབུས་དམར་ཤོག་མཐོ་སློབ་ནས་མགོ་ཁྲིད་ཚན་པའི་དཔལ་འབྱོར་དོ་དམ་གྱི་ཆེད་སྦྱོང་བྱས། ཕྱི་ལོ་ ༢༠༠༣ ལོར་ནང་སོག་རང་སྐྱོང་ལྗོངས་དམར་ཤོག་རྒྱུན་ལས་ཀྱི་དྲུང་ཡིག་གཞོན་པ་དང་། ཕྱི་ལོ་ ༢༠༠༨ ལོར་ནང་སོག་རང་སྐྱོང་ལྗོངས་ཀྱི་མི་མང་འཐུས་ཚོགས་ཀྱི་དྲུང་ཡིག ཕྱི་ལོ་ ༢༠༡༡ ནང་སོག་རང་སྐྱོང་ལྗོངས་མི་དམངས་མཐོ་རིམ་ཁྲིམས་ཁང་གི་འགན་འཛིན། ཕྱི་ལོ་ ༢༠༡༣ ལོར་རྒྱ་ནག་མི་དམངས་ཚོགས་ཆེན་གྱི་འཐུས་མི་སོགས་བྱས་ཡོད་འདུག ཕྱི་ལོ་༢༠༢༢ ཟླ་ ༤ ཚེས་ ༢༢ ཉིན་རྒྱ་ནག་དབུས་ཁྲིམས་ཞིབ་ཁང་གིས་ཁྲིམས་བཤེར་མགོ་བཙུགས་ཏེ། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ནས་ཕྱིར་ཕུད་བཏང་སྟེ་བཀག་ཉར་འོག་བཞག་ཡོད་འདུག

བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གྲོས་ཀྱི་མགོ་ཁྲིད་གཞོན་པ་ཟུར་བ་ཅང་ཅེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།

དེ་བཞིན་བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གྲོས་ཀྱི་མགོ་ཁྲིད་གཞོན་པ་ཟུར་བ་ཅང་ཅེ་ཟེར་བ་དང་། ཀན་སུའུ་ཞིང་ཆེན་ཅིང་ཡོན་རྡོ་སོལ་ལས་རིགས་ལྷན་ཚོགས་ཀྱི་མགོ་འཛིན་ཟུར་པ་དབྱང་ཞན་ཁྲུན་གཉིས་ཀྱིས་ལྐོག་རྔན་བླངས་པའི་དོགས་གཞིའི་འོག  རྒྱ་ནག་ལྟ་ཞིབ་ལྷན་ཁང་གིས་ཞིབ་འཇུག་བྱས་ཡོད་པ་མ་ཟད།  ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ནག་ཉེས་བཙུགས་ཏེ་འཛིན་བཟུང་བྱ་རྒྱུ་ཐག་གཅོད་བྱས་ཡོད་འདུག

ཅང་ཅེ་ནི་ཕྱི་ལོ་ ༡༩༦༥ ལོར་ཧྲན་ཏུང་ཅོ་ཀྲུའུ་རུ་སྐྱེས་ཡོད་པ་དང་། ཧྲན་ཏུང་མཐོ་སློབ་ནས་སློབ་མཐར་ཕྱིན་འདུག ཕྱི་ལོ་ ༡༩༨༥ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ནང་དུ་ཞུགས་འདུག ཧྲན་ཏུང་ཆིན་ཏོ་གྲོང་ཁྱེར་གྱི་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་དང་། དེའི་གའི་གྲོང་ཁྱེར་གཞུང་དོན་ཁང་གི་དྲུང་ཡིག་སོགས་བྱས།  ཕྱི་ལོ་ ༢༠༡༣ ལོ་ནས་བཟུང་བོད་རང་ལྗོངས་ཟེར་བའི་སྲིད་གྲོས་མགོ་ཁྲིད་གཞོན་པ་དང་། དམར་ཤོག་ཚོགས་པའི་རྒྱུན་ལས། དྲིལ་བསྒྲགས་ཚན་པའི་འགན་འཛིན་སོགས་བྱས་ཡོད་འདུག ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༧ པར་ཞིབ་བཤེར་བཀག་ཉར་འོག་བཞག་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༡༤ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese