མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་གསལ་སྟོན་གྱི་ཟུར་ཚོགས་ཤིག་ཚོགས།

བོད་ཀྱི་དུས་བབ།
༢༠༢༤/༠༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༢༢ ཉིན་ཧལ་སིན་ཀི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ (Helsinki Human Rights Foundation) གོ་སྒྲིག་འོག ཇི་ནི་ཝ་རུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་གནང་རྒྱུ་དང་བསྟུན། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་གསལ་སྟོན་གྱི་ཟུར་ཚོགས་ཤིག་སྐོང་ཚོགས་གནང་ཡོད་འདུག

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨུ་ཛ་ར་ཛེ་ཡ་མཆོག དྲ་ལམ་གྱི་པར།

ཐེངས་འདིའི་ཟུར་ཚོགས་སྟེང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཇར་མན་ནིའི་ཡན་ལག་འགན་འཛིན་ཀའེ་མུ་ལར་ (Kai Muller) ལགས་ཀྱི་གཙོ་སྐྱོང་འོག ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨུ་ཛ་ར་ཛེ་ཡ་ (Uzra Zeya) མཆོག་དང་། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། བོད་དོན་ལས་འགུལ་བསྟི་གནས་ཁང་གི་ངེས་སྟོན་པ་བཀྲས་མཐོང་བསྟན་འཛིན་ལྷ་སྒྲོན་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་བཅས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྐོར་ལ་གསུང་བཤད་གནང་ཡོད་འདུག

སྐབས་དེར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨུ་ཛ་ར་ཛེ་ཡ་མཆོག་གིས་བརྙན་ལམ་ནས། ཧལ་སིན་ཀི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཟུར་ཚོགས་འདི་གོ་སྒྲིག་ཞུས་པ་དང་། གུས་མོར་གཏམ་བཤད་བྱ་རྒྱུར་མགྲོན་འབོད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་གཏམ་བཤད་པ་རྣམས་ཀྱིས་དོན་སྙིང་ལྡན་པ་དང་དུས་དང་འཚམ་པའི་གཏམ་བཤད་གནང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན། ང་ཚོས་གོ་བསྡུར་ཞུ་བཞིན་པའི་གནད་དོན་དེ་དག་ང་རང་དང་ཨ་རིའི་གཞུང་ལ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་གནང་བ་དང་བསྟུན། ང་ཚོ་འདིར་འཛོམས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྲུང་སྐྱོབ་དང་གོང་མཐོར་གཏང་རྒྱུར་འབད་བརྩོན་ཞུ་རྒྱུའི་གོ་སྐབས་ཤིག་རེད། འདས་པའི་ལོ་ངོ་བཞི་དང་ཕྱེད་ཀའི་ནང་རྒྱ་ནག་གིས་ཤར་ཏུར་ཀི་སི་ཐན་ནང་མི་རིགས་རྩ་བརླག་གཏོང་བཞིན་པ་དང་། ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ཇེ་སྡུག་ཏུ་འགྲོ་བཞིན་པ། དེ་བཞིན་རྒྱ་ནག་གཞུང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་དང་ངོས་ལེན་མི་བྱེད་མཁན་རྣམས་ལ་དམིགས་ཏེ་རྒྱལ་མཚམས་ལས་འགལ་བའི་དྲག་གནོན་ཇེ་མང་དུ་ཕྱིན་པ་སོགས་རྒྱ་གཞུང་དང་ལངས་ཕྱོགས་མི་མཐུན་པ་རྣམས་ལ་མུ་མཐུད་འཇིགས་སྐུལ་དང་དྲག་གནོན་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད། ཅེས་གསུངས།

ད་དུང་ཁོང་མོས། ལོ་ངོ་བཅུ་ཕྲག་མང་པོའི་རིང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲག་གནོན་གྱི་སྲིད་ཇུས་འོག བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་རྒྱུ་དང་། བོད་ཀྱི་སྐད་ཡིག་དང་ཆོས་ལུགས། རིག་གཞུང་གི་ངོ་བོ་རྩ་མེད་གཏོང་ཐབས་སུ་བོད་ཀྱི་ཆོས་དང་རིག་གཞུང་སོགས་ཀྱི་ངོ་བོ་བསྒྱུར་ཐབས་བྱེད་བཞིན་ཡོད་ལ། ལྷག་པར་དུ་རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་དེ་རྒྱ་གཞུང་གི་ཆབ་སྲིད་ཀྱི་སྒྲོམ་གཞིའི་འོག་བཅུག་སྟེ། དམངས་གཙོ་དང་མི་མཐུན་པར་རྒྱ་ནག་དམར་ཤོག་གི་ལམ་ལུགས་ལྟར་བཟོ་ཐབས་བྱེད་བཞིན་ཡོད་པ་རེད། ད་དུང་རྒྱ་གཞུང་གིས་བོད་ནང་གི་བོད་ཕྲུག་རྣམས་དམའ་རིམ་སློབ་གྲྭ་ནས་བཙན་གྱིས་གཏན་འཇགས་སློབ་གྲྭར་བཅུག་སྟེ། བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཆོས་ལུགས་སོགས་ཉམས་ལེན་བྱེད་དུ་འཇུག་གི་མེད་པ་རེད། དཀའ་ངལ་དང་སྡུག་རྩུབ་ཀྱི་གནས་སྟངས་འདིའི་འོག་ཏུའང་བོད་མི་རྣམས་ཀྱིས་གསར་གཏོད་ཀྱི་ཐབས་ལམ་གྱི་ཐོག་ནས་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་ཐབས་བྱེད་བཞིན་པ་ནི་ཧ་ལས་དགོས་པ་ཞིག་རེད། ཅེས་སོགས་གསུངས།

ཡང་ལྕམ་སྐུ་ཨུ་ཛ་ར་མཆོག་གིས། སང་ཉིན་ཨ་རི་དང་རྒྱལ་སྤྱིའི་མི་མང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིར་གཞི་རྒྱ་ཆེ་བའི་དྲག་གནོན་དང་། འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་རྩིས་མེད་རྡོག་རོལ་གཏོང་བར་སྐྱོན་བརྗོད་བྱ་རྒྱུའི་གོ་སྐབས་དང་ལས་འགན་ཡོད་པ་རེད། རྒྱ་གཞུང་གིས་དྲག་གནོན་གྱི་བྱ་སྤྱོད་སྤེལ་བཞིན་པ་དེ་དག་རྒྱལ་ཁབ་བྱེ་བྲག་པ་གཅིག་གིས་སེལ་ཐབས་མེད། དེར་བརྟེན། ང་ཚོས་གནད་དོན་དེ་དག་རྒྱ་ནག་གི་དཔོན་རིགས་རྣམ་ལ་གླེང་སློང་བྱས་པའི་ཐོག ཨ་རིའི་གཞུང་གི་ངོས་ནས་མུ་མཐུད་མཐུན་ཕྱོགས་རྒྱལ་ཁབ་དང་མནའ་འབྲེལ་གྱི་ཡུལ་གྲུ་ཁག་དང་མཉམ་ལས་ཇེ་ཆེར་གཏོང་བཞིན་ཡོད་པ་མ་ཟད། ཚང་མས་མཉམ་རུབ་ཀྱིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྒྱུན་འཛིན་སླད་རྒྱལ་སྤྱིའི་རྒྱབ་སྐྱོར་ཚད་མཐོར་གཏོང་བར་འབད་བརྩོན་བྱ་དགོས། ཞེས་དང་། རྒྱ་ནག་གཞུང་གིས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གམ། ༧གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་དགོས་སྐོར་དང་། བོད་ནང་དུ་དྲག་རྩུབ་ཀྱི་སྲིད་ཇུས་ལག་བསྟར་བྱེད་མཁན་གྱི་དཔོན་རིགས་སྤྱི་དང་། ལྷག་པར་དུ་བོད་ཕྲུག་ས་ཡ་ ༡ ལྷག་བཙན་གྱིས་གཏན་འཇགས་སློབ་གྲྭར་བཅུག་སྟེ་བོད་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་ཀྱི་ལས་འགུལ་སྤེལ་མཁན་གྱི་དཔོན་རིགས་རྣམས་ལ་ཨ་རིའི་ནང་འགྲོ་སྐྱོད་ཆོག་པའི་ཐོངས་མཆན་ (Visa) སྤྲོད་རྒྱུར་དམ་དྲག་བྱེད་པ་སོགས་ལངས་ཕྱོགས་བརྟན་པོ་བཟུང་གི་ཡོད་སྐོར་སོགས་འགྲེལ་བརྗོད་གནང་འདུག

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་གསལ་སྟོན་གྱི་ཟུར་ཚོགས་འཚོགས། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༣།༡།༢༢

སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་བོད་ནང་གི་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པའི་གནས་བབ་སྐོར་དང་། བོད་དོན་ལས་འགུལ་བསྟི་གནས་ཁང་གི་ངེས་སྟོན་པ་བཀྲས་མཐོང་བསྟན་འཛིན་ལྷ་སྒྲོན་ལགས་ཀྱིས་བོད་ནང་གི་མི་སེར་སྤེལ་ཡུལ་གྱི་སྲིད་ཇུས་དང་གཏན་འཇགས་སློབ་གྲྭའི་སྐོར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་བོད་ནང་གི་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་ཐོབ་ཐང་སྐོར་ལ་གསུང་བཤད་གནང་ཡོད་འདུག

དེ་རིང་ཇི་ནི་ཝ་རུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིིའི་ཐོབ་ཐང་གི་གནས་བབ་བསྐྱར་ཞིབ་ཐེངས་བཞི་པ་དེ་གནང་བཞིན་ཡོད་པ་དང་། སྐབས་དེར་ཚོགས་མི་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་འདས་པའི་ལོ་བཞིའི་དུས་ཡུན་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་ལ་བསྐྱར་ཞིབ་དང་། མ་འོངས་པར་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་གཏོང་ཕྱོགས་ཐད་དགོངས་ཚུལ་སྤུངས་ཏེ། འདི་ལོའི་ཕྱི་ཟླ་ ༦ པའི་ནང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་བསྐྱར་ཞིབ་ཀྱི་སྙན་ཐོ་གཏན་འབེབས་གནང་གི་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༩ ལོའི་བསྐྱར་ཞིབ་བར་དུ་སྙན་ཐོའི་ནང་གསལ་བའི་ལམ་སྟོན་ལྟར་ལག་བསྟར་བྱ་དགོས་ཀྱི་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

སྐར་མ ༥༠ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༢༠ སྔོན་ལ།
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese