མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་ཡུ་རོབ་ཁུལ་དུ་གཞུང་འབྲེལ་སྐོར་སྐྱོད་གནང་བཞིན་པར་རྒྱ་ནག་གཞུང་ཚབ་ཁང་གིས་ངོ་རྒོལ་བསྒྲགས་གཏམ་སྤེལ།

བོད་ཀྱི་དུས་བབ།
༢༠༢༤/༠༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྦལ་ཌིག་རྒྱལ་ཁབ་གསུམ་དང་། ཧྥིན་ལེན་ཌི། དབྱིན་ཡུལ།  སྦེལ་ཇམ་སོགས་སུ་གཞུང་འབྲེལ་གནད་ཡོད་མི་སྣ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་སོགས་ལ་མཇལ་འཕྲད་གནང་བཞིན་ཡོད་པས་ཨེ་སི་ཊོ་ནི་ཡའི་རྒྱ་ནག་གཞུང་ཚབ་ཁང་གིས་རྒོལ་གཏམ་དང་ཉེན་བརྡ་བཏང་འདུག

With Ms. Katja Nolvi, Asst. for Int’l Affairs, Finnish Parliament; Rep Sonam Frasi, OOT, London; MP Ms. Inka Hopsu; MP Maria Ohisalo; Erja Sini Kaarina Varis, Founding Director of Finnish Tibet Committee; and Secretary Lochoe Samten, OOT London.

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ཕྱི་ཟླ་ ༢ པའི་ནང་བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྦལ་ཌིག་(Baltic States) རྒྱལ་ཁབ་གསུམ་དང་། ཧྥིན་ལེན་ཌི། དབྱིན་ཡུལ། སྦེལ་ཇམ་སོགས་སུ་གཞུང་འབྲེལ་སྐོར་སྐྱོད་གནང་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཧྥིན་ལེན་ཌིའི་རྒྱལ་ས་ཧེལ་སིན་ཀི་རུ་ཕེབས་ཏེ་ཡུལ་དེའི་གཞུང་འབྲེལ་གནད་ཡོད་མི་སྣ་དང་། གྲོས་ཚོགས་འཐུས་མི་ལྕམ་ཨིན་ཀ་ (Inka Hopsu ) ལགས་དང་། གྲོས་ཚོགས་འཐུས་མི་ལྕམ་མཱ་རི་ཡ་(Maria Ohisalo ) ལགས་ཀྱི་གཙོས་ཚོགས་སྡེ་དང་འགྲོ་བ་མིའི་ཐོབ་ཐང་ཐད་ལས་ཀ་གཉེར་མཁན་དང་ཉམས་ཞིབ་པ་སོགས་སུ་མཇལ་མོལ་གནང་ཡོད་འདུག

Sikyong Penpa Tsering addressing the gathering at the hearing on “Legal Status of Tibet”.

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གིས་བོད་དོན་དང་འབྲེལ་བའི་ནན་ཞིབ་ཞིག་གོ་སྒྲིག་གནང་ཡོད་པ་བཞིན། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ལགས། དེ་བཞིན་ལོ་རྒྱུས་མཁས་དབང་རྩོམ་པ་པོ་མའེ་ཁིལ་(Michael van Walt van Praag) ལགས་སོགས་ཀྱིས་ཉན་ཞིབ་དེར་མཉམ་ཞུགས་གནང་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་བོད་ཀྱི་ལོ་རྒྱུས། དབུ་མའི་ལམ་གྱི་སྲིད་ཇུས། རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་བྱས་པའི་ལོ་རྒྱུས་དང་། རྒྱ་ནག་གིས་བོད་ས་བཙན་འཛུལ་མ་བྱས་གོང་དུ་བོད་ནི་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་ལོ་རྒྱུས་ཀྱི་བདེན་པ་ཡོད་པའི་སྐོར་སོགས་གསུངས་འདུག ཉན་ཞིབ་དེའི་ཐོག་ཨེ་སི་ཊོ་ནི་ཡ་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇུ་ཀུ་ཀལླེ་རཱེཌ་ལགས་དང་། གྲོས་ཚོགས་འཐུས་མི་སོ་ལྔ་ཙམ། དེ་བཞིན་གསར་འགོད་པ་དང་། ཤེས་ཡོན་པ། བོད་དོན་རྒྱབ་སྐྱོར་བ་སོགས་ཕེབས་ཡོད་འདུག

དེ་བཞིན་ཉན་ཞིབ་དེའི་ཐོག་བོད་སྐོར་རྩོམ་པ་པོ་སློབ་དཔོན་ལའོ་ལགས་ཀྱིས་རྒྱ་ནག་གི་མིང་དང་ཆིང་རྒྱལ་རབས་ཀྱི་དུས་སྐབས་ནས་བོད་དེ་རྒྱ་ནག་གི་ཆ་ཤས་མིན་པ་དེབ་ཐེར་དུ་འཁོད་ཡོད་པའི་ཁུངས་སྐྱེལ་གནང་ཡོད་པ་མ་ཟད། ལོ་རྒྱུས་མཁས་དབང་མའེ་ཁིལ་ལགས་ཀྱིས་ཀྱང་། རྒྱ་ནག་གཞུང་གིས་ལུགས་མཐུན་མིན་པའི་ཐོག་ནས་བོད་དེ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ལུགས་བརྗོད་བཞིན་པ་དེ་བདེན་པ་གཏན་ནས་མིན་པ་བཅས་སོགས་འགྲེལ་བརྗོད་གནང་ཡོད་འདུག

Sikyong participates in a public dialogue on ‘Law, Ethics and Morality’ at the Splendid Palace.

ཕྱི་ཚེས་ ༢༦ ཉིན་ཨེ་སི་ཊོ་ནི་ཡར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ངོ་རྒོལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནི་ཁ་བྲལ་བའི་ཆབ་སྲིད་ཚོགས་པ་དང་ཁྲིམས་མཐུན་མིན་པའི་ཚོགས་པ་ཞིག་སྟེ། རྒྱ་ནག་གཞུང་གིས་རྩ་ཁྲིམས་དང་ཁྲིམས་སྒྲིག་རྨེག་མེད་དུ་གཏོང་མཁན་ཞིག་ཡིན་སྐོར་དང་། དེར་འཛམ་གླིང་གི་རྒྱལ་ཁབ་གང་གིས་ཀྱང་ངོས་ལེན་བྱེད་ཀྱི་མེད་པས། རྒྱ་ནག་གཞུང་གིས་ཚོགས་པ་དེར་རྒྱལ་ཁབ་སུས་འབྲེལ་བ་བྱེད་ན་ངོ་རྒོལ་བྱེད་ཀྱི་ཡོད། ཅེས་ཉེན་བརྡ་བཏང་ཡོད་འདུག

ཡུ་རོབ་ཁུལ་གྱི་གཞུང་འབྲེལ་སྐོར་སྐྱོད་གྲུབ་རྗེས་མུ་མཐུད་ཕྱི་ཟླ་ ༢ ཚེས་ ༡༨ བར་དུ་རྒྱ་གར་ལྷོ་ཕྱོགས་སུ་སྐོར་སྐྱོད་གནང་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༡༤ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese