མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་ནས་ལོ་ངོ་ཁྲི་ལྔའི་གོང་གི་གནའ་ཤུལ་རྙེད་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

བོད་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་མེ་ལོང་ལྟག་ཕུག་ནས་ལོ་ངོ་ལྔ་ཁྲི་སུམ་སྟོང་གོང་གི་གནའ་ཤུལ་ཞིག་རྙེད་ཡོད་འདུག

རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ལམ་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་དང་ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་ཚིགས་སྲོག་ཆགས་དང་གནའ་མིའི་ཞིབ་འཇུག་ཁང་གཉིས་ཀྱི་གནའ་རྫས་རྟོག་ཞིབ་ཚན་པ་ཞིག་གིས། འདས་པའི་ལོ་ ༦ བསྟུད་མར་གནའ་རྫས་རྟོག་ཞིབ་བྱས་པ་བརྒྱུད།  བོད་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་གི་མེ་ལོང་ལྟག་ཕུག་གི་བྲག་ཕུག་དང་པོ་དང་གཉིས་པའི་ནང་ནས་རྡོ་ཆས་རྙིང་མའི་སྐབས་ནས་སྔ་རབས་ལྕགས་ཆས་དུས་རབས་བར་གྱི་རྡོ་ཆས་དང་། རུས་ཆས། རྫ་ལེབ། ཟངས་ཆས། སྲོག་ཆགས་ཀྱི་རུས་སྒྲོམ་སོགས་ཤུལ་བཞག་འདྲ་མིན་རིགས་ཁྲི་ལྷག་རྙེད་ཡོད་ཅིང་། མེ་ལོང་བྲག་ཕུག་དང་པོའི་ནང་གི་རྡོ་ཆས་ཀྱི་ལག་རྩལ་ཁྱད་ཆོས་ལ་གཞིགས་ན། རྡོ་ཆས་དེ་དག་ལོ་ཁྲི་ ༥། ༣ གྱི་གོང་ངམ་ཡང་ན་ལོ་ཁྲི་ ༨ གོང་གི་གནའ་ཤུལ་ཡིན་པ་དང་། མེ་ལོང་ལྟག་ཕུག་གི་གནའ་ཤུལ་གསར་དུ་རྙེད་པ་དེས་རྡོ་ཆས་རྙིང་མའི་དུས་ཀྱི་མི་ས་མཐོའི་བོད་དུ་འཚོ་གནས་བྱེད་པའི་དཔང་རྟགས་དེ་བས་སྔ་རུ་སོང་ཡོད་སྐོར་བརྗོད་འདུག

ཡང་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༧ ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་ཚིགས་སྲོག་ཆགས་དང་གནའ་མིའི་རིགས་ཞིབ་འཇུག་སུའོ་ཡི་ཀའོ་ཤིང་ཞིབ་འཇུག་ཚོགས་ཆུང་དང་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་མཉམ་ལས་བྱས་ཏེ། བརྟག་དཔྱད་དང་སྔོག་འདོན། ཞིབ་འཇུག་བཅས་བྱས་པ་བརྒྱུད། བོད་ནག་ཆུ་གྲོང་ཁྱེར་ཤན་རྩྭ་རྫོང་ནས་ས་མཐོའི་ས་དབྱིབས་འགྱུར་མེད་པའི་ཁུལ་ཞིག་ནས་རྡོ་ཆས་རྙིང་མའི་དུས་རབས་ཀྱི་གནའ་ཤུལ་ཏེ། ཉ་དེའུ་གནའ་ཤུལ་རྙེད་ཅིང་། རྡོ་ཆས་རྙིང་མའི་སྐབས་ཀྱི་ཉ་དེའུ་གནའ་ཤུལ་དེ་ལ་ཞིབ་འཇུག་བྱས་པ་བརྒྱུད། ས་བབ་མཐོ་བའི་བོད་དུ་འགྲོ་བ་མིའི་རིགས་ལོ་ཁྲི་གསུམ་བཞིའི་གོང་ནས་འཚོ་གནས་བྱེད་ཀྱི་ཡོད་པ་ར་སྤྲོད་ཐུབ་ཡོད་སྐོར་བསྒྲགས་ཡོད།

བོད་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་ཁོངས་སུ་ཡོད་པའི་མེ་ལོང་ལྟག་ཕུག་ནི་དགེ་རྒྱས་རྫོང་ལྷོ་ངོས་ཀྱི་བར་ཐག་སྤྱི་ལེ་ ༣༠ ཙམ་གྱི་སར་ཡོད་པའི་སེང་གེ་ཁ་འབབ་ཆུ་མགོའི་གཡོན་ངོགས་སུ་གནས་ཡོད་པ་དང་། དེ་ནི་བྲག་ཕུག་ཁེར་རྐྱང་གསུམ་ལས་གྲུབ་ཡོད་ཅིང་། བྲག་ཕུག་དང་པོའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ ༡༠༠༠ ཡན་ཡོད་པ་དང་། བྲག་ཕུག་གཉིས་པའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ ༦༠ ཡོད་ལ། བྲག་ཕུག་གསུམ་པའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ ༢༥ ཡོད་པ་མ་ཟད། རྒྱ་ནག་གི་རྒྱལ་ཁབ་རིག་དངོས་ལས་ཁུངས་ཀྱིས་ཆོག་མཆན་སྤྲད་པ་བརྒྱུད། ཕྱི་ལོ་ ༢༠༡༨ ལོ་ནས་ ༢༠༢༣ ལོའི་བར་གནའ་རྫས་རྟོག་ཞིབ་རུ་ཁག་གིས་ལོ་ ༦ བསྟུད་མར་གནའ་རྫས་རྟོག་ཞིབ་སྔོག་འདོན་བྱས་པ་བརྒྱུད་རིག་གནས་ཤུལ་བཞག་འདྲ་མིན་རིགས་ཁྲི་ཡན་རྙེད་ཡོད་ཅིང་། བྲག་ཕུག་དང་པོའི་ལྡེབས་སུ་གོ་རིམ་ལྡན་པའི་ཐིག་རིས་དང་། མིའི་འདྲ་གཟུགས། ལག་རྗེས། ཉི་མ་སོགས་རྡོ་བརྐོས་རི་མོ་སྣ་ཚོགས་མཐོང་རྒྱུ་ཡོད་འདུག

རྒྱ་ནག་གི་གནའ་རྫས་རྟོག་ཞིབ་རུ་ཁག་གིས་དགེ་རྒྱས་རྫོང་གི་གནའ་ཤུལ་གནས་སར་བརྟག་དཔྱད་ཞིབ་ཚགས་བྱས་པ་བརྒྱུད།  རྡོ་ཆས་རྙིང་མའི་གནའ་ཤུལ་ཁག་ ༣༠ ལྷག་ཙམ་དང་བྲག་ཕུག་ ༦ རྙེད་ཡོད་པ་མ་ཟད། རྡོ་ཆས་སྟོང་ཕྲག་མང་པོ་འཚོལ་བསྡུ་ཐུབ་པ་ཡོད་པ་རེད་ལ། བོད་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་མེ་ལོང་ལྟག་ཕུག་གནའ་ཤུལ་ནི་ས་བབ་མཐོ་ཚད་སྨི་ ༤༧༠༠ ཡོད་པའི་བོད་ནས་རྙེད་པའི་བྲག་ཕུག་གནའ་ཤུལ་ཞིག་དང་། འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཡིན་པའི་གདོད་མའི་བྲག་ཕུག་གནའ་ཤུལ་ཆེ་ཤོས་ཤིག་ཀྱང་ཡིན་པ་རེད།

ཡང་ཕྱི་ལོ་ ༢༠༡༩ ལོར་རང་བྱུང་ཁམས་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་སྔོན་བོད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡ་གྱལ་རྒན་གྱའི་གནས་རི་རྩ་ཆེན་རྒན་གྱའི་བྲག་དཀར་གནས་ཁང་ནས་ཐོན་པའི་མིའི་འགྲམ་རུས་འགྱུར་རྡོ་དེར་ཚན་རིག་པས་བརྟག་དཔྱད་བྱས་པ་བརྒྱུད། དེ་ནི་ལོ་ངོ་འབུམ་གཅིག་དང་ཁྲི་ ༦ ཡར་སྔོན་དུ་བྱུང་བའི་ཌན་ནི་སོ་ཝན་(Denisovan)མི་རིགས་ཀྱི་འགྲམ་རུས་ཤིག་ཡིན་པ་དང་། འགྱུར་རྡོ་དེའི་ཐོག་ནས་གདོད་མའི་དུས་རབས་བར་མའི་སྐབས་(Middle Pleistocene)བོད་དུ་འགྲོ་བ་མི་དང་སྲོག་ཆགས་ཀྱི་རིགས་འཚོ་གནས་བྱས་ཡོད་པ་ར་འཕྲོད་ཡོད་སྐོར་བསྒྲགས་འདུག

དེ་བཞིན། ཕྱི་ལོ་  ༢༠༡༩ ལོར་བོད་ཆབ་མདོ་ས་ཁུལ་གྱི་བྲག་ངོས་ཤིག་ནས། ལོ་ངོ་ས་ཡ་ ༡༤༥ སྔོན་དུ་བྱུང་བའི་གདོད་མིའི་སྲོག་ཆགས་རྨིགས་པའི་ (Brontosaurus) རིགས་སུ་གཏོགས་པའི་གཏུམ་འབྲུག་གི་རྐང་པའི་རྗེས་ཤུལ་ཆེན་པོ་ཞིག་རྙེད་ཡོད་པ་དང་།  ཚན་རིག་ཞིབ་འཇུག་གི་གྲུབ་དོན་ལྟར་ན། རྐང་རྗེས་ཆེན་པོ་དེའི་འགྲམ་དུ་སེར་ཁ་ཤོར་ཡོད་པ་དང་རླབས་རིས་ལྟ་བུ་ཡོད་པ་དེས་སྐབས་དེའི་ཆབ་མདོའི་ས་ཁམས་མ་འདྲ་བ་ཞིག་དང་། དེ་ནི་གཏུམ་འབྲུག་གིས་མཚེའུ་དང་མཚོ་གང་རུང་ཞིག་གི་འགྲམ་དུ་རྐང་རྗེས་བཞག་པ་ཞིག་ཡིན་པའི་འགྲེལ་བརྗོད་བྱས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 1

  1. བོད་ལྗང། says:
    ལོ་ 3 སྔོན།

    ཁྲི་སུམ་=༣༠༠༠༠ ཁྲི་སུམ་སྟོང་=༣༠༠༠༠༠༠༠༠

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese