མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་དམག་སྒར་ལ་མཁའ་དབྱིངས་གཏོར་རྒོལ་ཐེབས་པར་འཁོན་ལན་སློག་རྒྱུ་ཡིན་འདུག 

བོད་ཀྱི་དུས་བབ།
༢༠༢༤/༠༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཇོར་ཌན་རྒྱལ་ཁབ་ཏུ་ཡོད་པའི་ཨ་རིའི་དམག་སྡེ་ཞིག་ལ་མཁའ་དབྱིངས་ལྟ་ཞིབ་བརྙན་ཆས་བརྒྱུད་གཏོར་རྒོལ་ཐེབས་ཏེ་དམག་མི་གསུམ་བསད་པ་དང་དམག་མི་ ༤༠ ཙམ་ལ་རྨས་སྐྱོན་བཟོས་བར་འཁོན་ལན་སློག་རྒྱུ་ཡིན་འདུག

These undated photos from the US Army Reserve Command show Sgt. William Jerome Rivers, 46, Spc. Kennedy Ladon Sanders, 24, and Spc. Breonna Alexsondria Moffett, 23.

ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་ཨེ་ཤ་ཡའི་ནུབ་རྒྱུད་ཀྱི་ཇོར་ཌན་ (Jordan) རྒྱལ་ཁབ་ཀྱི་བྱང་ཤར་དུ་ཡོད་པའི་རུཀ་བྷན་ (Rukban) ས་ཁུལ་དུ་རྟེན་གཞི་བྱས་པའི་ཨ་རིའི་དམག་སྡེ་ (Tower 22) ལ་མཁའ་དབྱིངས་ལྟ་ཞིབ་བརྙན་ཆས་ (Drone) བརྒྱུད་གཏོར་རྒོལ་བྱས་ཏེ། ཨ་རིའི་དམག་མི་གསུམ་བསད་པ་དང་དམག་མི་ ༤༠ ཙམ་ལ་རྨས་སྐྱོན་ཕོག་ཡོད་པར་བརྟེན། ཨ་རིའི་གཞུང་ནས་གཏོར་རྒོལ་དེ་ཨི་རན་གྱི་ཡུལ་དམག་གིས་བཏང་བ་ཞིག་ཡིན་པའི་སྐྱོན་འཛུགས་བྱས་པ་མ་ཟད། དམག་འཁྲུག་རྒྱག་གི་མེད་ཀྱང་། གཏོར་རྒོལ་གཏོང་མཁན་ལ་རྒོལ་ལན་ངེས་པར་དུ་སློག་རྒྱུ་ཡིན་སྐོར་བརྗོད་འདུག

རེས་གཟའ་ཉི་མའི་ཞོགས་པར་དམག་མི་རྣམས་དམག་སྒར་དུ་གཉིད་ཉལ་བའི་དུས་སྟབས་དང་བསྟུན་མཁའ་དབྱིངས་ལྟ་ཞིབ་བརྙན་ཆས་བེད་སྤྱད་དེ་གཏོར་རྒོལ་བཏང་ཡོད་སྐོར་དང་། རྐྱེན་འདས་སུ་ཕྱིན་པའི་དམག་མི་གསུམ་ནི་རང་ལོ་ ༤༦ ཡིན་པའི་ཝི་ལི་ཡམ་ (William Jerome Rivers) དང་། རང་ལོ་ ༢༤ ཅན་ཀེ་ནི་ཌི་ (Kennedy Ladon Sanders)། རང་ལོ་ ༢༣ ཡིན་པ་ཨེ་ལེག་སི་སོན་ཌི་རི་ཡ་ (Breonna Alexsondria Moffett) བཅས་རེད་འདུག

ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་གིས། ཨ་རིའི་ཕྱོགས་ནས་དུས་སྐབས་རན་འཚམ་ཞིག་ལ་གཏོར་རྒོལ་གཏོང་མཁན་ཚོར་ལན་པོ་སློག་རྒྱུ་ཡིན་སྐོར་གསུངས་འདུག་ལ། ཨ་རིའི་རྒྱལ་སྲུང་བདེ་འཇགས་ལྷན་ཁང་ (Pentagon) གི་མགྲིན་ཚབ་པ་ས་བྷི་རི་ནཱ་སིང་ (Sabrina Singh) གིས། ད་ལན་གྱི་གཏོར་རྒོལ་དེ་ཁ་ཆེའི་ཆོས་ལུགས་ཀྱི་གསར་བརྗེའི་སྲུང་དམག་དང་། དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ལེ་བྷེ་ནོན་ (Lebanon) མི་རིགས་ཀྱི་ཚོགས་པ་ (Hezbollah) ཟེར་བ་གཉིས་ཀྱིས་བྱས་པ་ཞིག་རེད། ཅེས་བརྗོད་འདུག

འདས་ལོའི་ཕྱི་ཟླ་ ༡༠ ཙེས་ ༡༧ ནས་བཟུང་ཨི་རག་ (Iraq) དང་སི་རི་ཡ་ (Syria) རུ་ཡོད་པའི་ཨ་རིའི་དམག་སྡེ་ལ་ཉུང་མཐར་དྲག་རྒོལ་ཐེངས་ ༡༦༥ ཙམ་བྱུང་ཡོད་འདུག་ལ། ཟླ་བ་སྔོན་མའི་ནང་ཨི་རན་གྱི་དམག་སྡེ་ཞིག་གི་གཏོར་རྒོལ་ཁྲོད་ཨ་རིའི་དམག་མི་གསུམ་ལ་རྨས་སྐྱོན་བཟོས་ཡོད་སྟབས། ཨ་རིའི་དམག་གིས་ཨི་རན་གྱི་དམག་སྡེ་དེར་མཁའ་ལམ་ལྟ་ཞིབ་བརྙན་ཆས་བརྒྱུད་དྲག་རྒོལ་བྱས་པའི་གནས་ཚུལ་བྱུང་ཡོད་འདུག ཡིན་ནའང་། འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༧ ཉིན་པ་ལི་སི་ཐན་གྱི་ཧ་མ་སི་དམག་དཔུང་གིས་གློ་བུར་དུ་ཨི་ཟི་རལ་གྱི་སྟེང་དུ་དྲག་རྒོལ་བྱས་ཏེ། ཨི་ཟི་རལ་དང་ཧ་མ་སི་གཉིས་བར་ས་མཚོ་གནམ་གསུམ་གྱི་ཐོག་ནས་དམག་འཁྲུག་བྱུང་མགོ་འཛུགས་པ་ནས་བཟུང་། ཁུལ་དེར་ཡོད་པའི་ཨ་རིའི་དམག་སྡེ་ཁག་ལ་འཐབ་རྒོལ་བྱས་ཡོད་ཀྱང་འཆི་སྐྱོན་གྱི་གནད་དོན་མེད་ཀྱང་། ད་ལན་གྱི་མཁའ་དབྱིངས་ལྟ་ཞིབ་བརྙན་ཆས་བརྒྱུད་འཐབ་རྒོལ་བྱས་ཏེ་ཨ་རིའི་དམག་མི་ལ་འཆི་སྐྱོན་གྱི་གནད་དོན་བྱུང་བ་ཐེངས་དང་པོ་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

ཆུ་ཚོད་ ༧ སྔོན་ལ།
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

ཆུ་ཚོད་ ༧ སྔོན་ལ།
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese