མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༢༤ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ཁྱིམ་ཐོ་གྲངས་བཤེར་གྱི་གསར་འགོད་གསལ་བསྒྲགས་སྤེལ།

བོད་ཀྱི་དུས་བབ།
༢༠༢༤/༠༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་ཁྱིམ་ཐོ་གྲངས་བཤེར་ཆེད་ཕྱི་ཟླ་གཉིས་པ་ནས་བཟུང་རྒྱ་གར་ལྷོ་ཕྱོགས་དང་། སུ་ལུ་གྷུ་རི། པོན་ཌར། དྷ་རམ་ས་ལ། ལ་དྭགས་བཅས་སུ་ཟབ་སྦྱོང་ཐེངས་བདུན་འཚོག་རྒྱུ་ཡིན་འདུག

ཕྱི་ལོ་ ༢༠༢༤ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ཁྱིམ་ཐོ་གྲངས་བཤེར་གྱི་གསར་འགོད་གསལ་བསྒྲགས་སྤེལ། ༢༠༢༤། ༢།༢ བོད་ཀྱི་དུས་བབ་ཀྱི་པར།

 དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༠༠ ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་། ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས། འཕྲོད་བསྟེན་དྲུང་འཕར་ཚེ་རིང་གཡུ་སྒྲོན་ལགས། ཤེས་རིག་དྲུང་འཕར་བསོད་ནམས་བཟང་པོ་ལགས་བཅས་ལྷན་འཛོམས་ཐོག ཕྱི་ལོ་ ༢༠༢༤ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ཁྱིམ་ཐོ་གྲངས་བཤེར་གྱི་ལས་གཞི་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་སྤེལ་ཡོད་ཅིང་། འདི་ལོའི་ཕྱི་ཟླ་གཉིས་པ་ནས་རྒྱ་གར་ལྷོ་ཕྱོགས་དང་། སུ་ལུ་གྷུ་རི། པོན་ཌར། དྷ་རམ་ས་ལ། ལ་དྭགས་བཅས་སུ་ཟབ་སྦྱོང་ཐེངས་བདུན་འཚོག་འཆར་ཡོད་འདུག

 གསར་འགོད་པ་ཁག་ཅིག་གིས། ཁྱིམ་ཐོ་གྲངས་བཤེར་གྱི་ཁེ་ཕན་སོགས་ཀྱི་སྐོར་ལ་བཅར་འདྲི་བྱས་པར་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས། ཕྱི་ལོ་ ༡༩༦༠ ནས་བཟུང་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཞབས་ཞུའི་ལས་ཁུངས་བཞི་ནས་ལས་ཀ་མང་པོ་ཞིག་བྱས་པ་རེད། ཡིན་ནའང་། འདས་པའི་ལོ་འདི་དག་ནང་དུ་ལས་ཀ་བྱས་ཡོད་ཟེར་བ་ལས་གྲངས་ཐོ་མེད་པ་རེད། མ་འོངས་ལས་ཀ་བྱེད་སྐབས་དུས་ཐོག་གི་ལས་ཀ་མ་གཏོགས་འཆར་གཞི་ལྡན་པ་ཞིག་བྱ་ཐབས་མེད་པ་རེད། ཕྱི་ལོ་ ༢༠༡༧ ནས་བཟུང་འཕྲོད་བསྟེན་ལས་ཁུངས་ཀྱིས་གྲངས་ཐོ་བསྡུས་པས་མི་མང་པོ་ཞིག་སུན་སྣང་སྐྱེས་པ་རེད། ད་ལྟ་བལྟས་ཡོང་ཚེ་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་གཞི་འོག་ལས་དོན་ཧ་ཅང་མང་པོར་འཆར་གཞི་བསྒྲུབ་ཐུབ་ཡོད། དཔེར་ན། འཕྲོད་བསྟེན་ལས་ཁུངས་ནས་སྨན་ཞབས་པའི་ས་གནས་སྐོར་བསྐྱོད་དང་། ཕྲུ་གུ་ལོ་ལྔ་མན་གྱི་འགོག་ཁབ། བུད་མེད་ཀྱི་ནད་གཞི་གོ་རྟོགས་སོགས་ཀྱི་འཆར་གཞི་ཇི་ལྟར་སྤེལ་ཐུབ་རེད་ཟེར་ན། ཁྱིམ་ཐོ་གྲངས་བཤེར་བྱས་པའི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བ་རེད། དེ་ནི་སྤྱི་ཚོགས་ཞབས་ཞུའི་སྡེ་ཚན་ཚང་མར་དགོས་པ་ཞིག་རེད། ཅེས་འགྲེལ་བརྗོད་གནང་སོང་།

 སྐབས་དེར་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་དང་། ནང་སྲིད་ལས་ཁུངས། ཤེས་རིག་ལས་ཁུངས། འཕྲོད་བསྟེན་ལས་ཁུངས་བཅས་ཀྱི་སྤྱི་ཚོགས་ཞབས་ཞུ་ལས་ཁུངས་ཁག་ནས་གསལ་བསྒྲགས་ཞུ་བཞིན་ཡོད། འདས་པའི་ལོ་ ༦༠ རིང་རྒྱ་བལ་གཉིས་ཀྱི་ནང་བོད་མིའི་གཞིས་ཆགས་དང་། སློབ་གྲྭ སྨན་ཁང་བཅས་སུ་མཐུན་རྐྱེན་དང་རོགས་རམ་མང་པོ་ཞིག་སྦྱོར་བཞིན་ཡོད་པའི་གྲངས་ཐོ་ཕལ་ཆེ་བ་མེད་པ་རེད། འཛམ་གླིང་གི་འགྱུར་ལྡོག་དང་བསྟུན་ནས་ཁྱིམ་ཐོ་གྲངས་བཤེར་བྱ་རྒྱུ་གལ་ཆེན་བརྩི་བཞིན་ཡོད། རྒྱ་གར་ལ་མཚོན་ན་མངའ་སྡེ་ཁག་ཏུ་ཁྱིམ་ཐོ་གྲངས་བཤེར་བྱེད་མུས་རེད། ཕྱི་ལོ་ ༢༠༢༢ ཟླ་ ༥ ནང་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཞབས་ཞུའི་ལས་ཁུངས་བཞིའི་དྲུང་ཆེའི་ཚོགས་འདུ་ཐོག ཁྱིམ་ཐོ་གྲངས་བཤེར་གྱི་གལ་གནད་ཀྱིས་སྤྱི་ཚོགས་ཞབས་ཞུ་ཚད་ལྡན་ཞིག་བསྒྲུབ་ཐུབ་པའི་དོ་སྣང་བྱུང་བ་དང་། དེའི་དཔེ་ཡང་རྒྱལ་ཁབ་དང་མངའ་སྡེ་ཁག་ནས་ཉམས་མྱོང་བཟང་པོ་ལེན་དགོས།  ཕྱི་ལོ་ ༢༠༡༧ ནས་ ཕྱི་ལོ་ ༢༠༢༢ བར་དུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་ཁྱིམ་ཐོ་ཞིབ་བཤེར་ཐེངས་གཉིས་བྱས་ཡོད། འགྲོ་གྲོན་སོགས་ཀྱི་ཐད་ནས་ཆ་རྐྱེན་ཡག་པོ་མེད་ཀྱང་། གྲངས་ཚད་དང་བསྡུར་ན་ཡག་པོ་བྱུང་ཡོད་པས། ཕྱི་ལོ་ ༢༠༢༢ ནས་བཟུང་ཁྱིམ་ཐོ་གྲངས་བཤེར་གྱི་དངུལ་བསྡུ་རུབ་བྱས་ཡོད། སྐབས་དེར་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་པ་བློ་བཟང་ལགས་ཀྱིས་འཆར་འགོད་གཙོ་བོ་གནང་ཡོད་པ་དང་། བསྐྱར་ཞིབ་བྱེད་མཁན་ནི་དེ་སྔའི་འཕྲོད་བསྟེན་ལས་ཁུངས་གློག་ཀླད་ཚན་པའི་བསྟན་འཛིན་སྒྲོལ་མས་གནང་ཡོད། རྗེས་སུ་ལས་ཁུངས་བཞིའི་ལས་གཞི་རྒྱ་ཆེན་པོ་ཆགས་ཀྱི་ཡོད་པས། ཨ་རིའི་རོགས་ཚོགས་བརྒྱུད་ནས་རྒྱ་གར་གྱི་མངའ་སྡེའི་ཁྱིམ་ཐོ་གྲངས་བཤེར་ཚོགས་པ་ཞིག་དང་མཉམ་དུ་ལས་ཁུངས་སོ་སོའི་དགོས་མཁོ་དང་བསྟུན། ཁྱད་ལས་བའི་ལམ་སྟོན་འོག་འདི་ལོའི་ཕྱི་ཟླ་གཉིས་པའི་ཟླ་ཕྱེད་ཙམ་ནས་མགོ་བཙུགས་རྒྱུ་ཡིན། ཞེས་བརྗོད་སོང་།

ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། ༢༠༢༤། ༢། ༢། བོད་ཀྱི་དུས་བབ་ཀྱི་པར།

 ཁྱིམ་ཐོ་གྲངས་བཤེར་ཟབ་སྦྱོང་སྐོར་ལ་ཁོང་གིས། ཕྱི་ཟླ་ ༢ ནས་བཟུང་རྒྱ་གར་རྒྱལ་ཡོངས་དང་བལ་ཡུལ་གྱི་ཁྱིམ་ཐོ་གྲངས་བཤེར་ཆེད་ཟབ་སྦྱོང་ཐེངས་ ༧ གོ་སྒྲིག་བྱ་རྒྱུ་ཡིན། དེ་དག་ནི་རྒྱ་གར་ལྷོ་ཕྱོགས་སུ་ཟབ་སྦྱོང་ཐེངས་གཉིས་དང་། སུ་ལུ་གུ་རིར་ཟབ་སྦྱོང་ཐེངས་གཉིས། པོན་ཌར་ཟབ་སྦྱོང་ཐེངས་གཅིག དྷ་རམ་ས་ལར་ཟབ་སྦྱོང་ཐེངས་གཅིག  ལ་དྭགས་སུ་ཟབ་སྦྱོང་ཐེངས་གཅིག་འཚོག་རྒྱུ་ཡིན། ཟབ་སྦྱོང་ཐོག་ཁྱད་ལས་པས་གྲངས་ཐོ་བསྡུ་མཁན་གྱི་གཞོན་སྐྱེས་རྣམས་ལ་ཟབ་ཁྲིད་བྱ་རྒྱུ་མ་ཟད། དེའི་མཉམ་དུ་ས་གནས་མགོ་འཛིན་དང་ལས་དྲུང་ངམ་རྩིས་དྲུང་གང་རུང་ཞིག་བཅར་གྱི་ཡོད། དབུས་བོད་མིའི་སྒྲིག་འཛུགས་ནས་ནང་སྲིད་ལས་ཁུངས་ཀྱི་ལས་བྱེད་རྒན་པ་ཞིག་དང་། ས་གནས་ཀྱི་རྩིས་པ་གཅིག་བཅས་ཟབ་སྦྱོང་དུ་ཚོགས་བཅར་བྱ་རྒྱུ་ཡིན། ཞེས་བརྗོད་སོང་།

 དེ་བཞིན་ཁོང་གིས། ད་ལན་བོད་མིའི་སྒྲིག་འཛུགས་ཀྱིས་ཐེངས་དང་པོར་ཁྱིམ་ཐོ་ཞིབ་བཤེར་བྱེད་ཀྱི་ཡོད། ལས་གཞི་འདིའི་ནང་རྒྱ་བལ་གྱི་བོད་མི་ཚང་མ་མཉམ་རུབ་ཀྱི་ཐོག་ནས་འཛུལ་ཞུགས་བྱ་རོགས་གནང་། གལ་སྲིད་ལས་གཞི་འདིར་འཛུལ་ཞུགས་མ་བྱས་ཚེ། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་སོ་སོའི་ལས་གཞི་སྒྲིག་པའི་སྐབས་སུ། ལས་དོན་གང་ཞིག་གལ་ཆེན་ཡིན་པ་དང་། ལས་གཞི་གང་གིས་སུ་ལ་ཕན་ཐོགས་ཀྱི་ཡོད་མེད་ཚོད་དཔག་ཐུབ་ཀྱི་མི་འདུག ཞེས་བརྗོད་སོང་།

 ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས། ཁྱིམ་ཐོ་གྲངས་བཤེར་ནི་གལ་ཆེན་པོ་ཆགས་ཀྱི་འདུག ང་ཚོས་ལས་ཀ་གང་འདྲ་ཞིག་བྱེད་སྐབས་ཁྱིམ་ཐོའི་གྲངས་ཀ་མ་རག་པར་རྗེས་ལུས་ཀྱི་གནས་སྟངས་ཤིག་ཆགས་ཡོང་གི་འདུག ཐེངས་འདིའི་ཁྱིམ་ཐོ་ཞིབ་བཤེར་གྱི་ལས་འཆར་བརྒྱུད་ནས་གྲངས་ཐོ་གང་ཡོད་གནང་ཐུབ་ཚེ། མ་འོངས་བར་ལས་གཞི་གང་འདྲ་བྱེད་སྐབས་ཁྱིམ་ཐོའི་གྲངས་གཞི་ཐོག་ནས་ལས་འཆར་སྒྲིག་པར་ཐུགས་ཕན་གསོ་ཐུབ་པས། བོད་མི་ཚང་མས་མཉམ་ཞུགས་བྱེད་རོགས་གནང་ཞེས་འབོད་སྐུལ་ཞུས་སོང་།  

 གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

༣ བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་བཀའ་སློབ་དང་ལམ་སྟོན་གནང་བཞིན་པ། དུས་བབ་ཀྱི་པར། ༢༠༢༣།༡༠།༡༣
གསར་འགྱུར།

གྲིབ་གཟུགས་ཀྱི་འཁྲབ་སྟོན་ཞེས་པའི་འགྲེམས་སྟོན་ཞིག་གནང་གི་འདུག

༢༠༢༣/༡༠/༡༣
བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས་དབུ་འབྱེད་གནང་བཞིན་པ། 
ནོར་ཝེ་རླུང་འཕྲིན་ཁང་གི་པར།  ༡༤།༠༩།༢༠༢༣
Mobile App

གཞུང་ས་དགའ་ལྡན་ཕོ་བྲང་སྐབས་བོད་ཀྱི་ལོ་རྒྱུས་གནས་བབ་བསྐྱར་ཞིབ་འཆད་ཁྲིད་གནང་བཞིན་འདུག

༢༠༢༣/༠༩/༡༤
དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ཕུན་ཚོགས་ཁང་གསར་དུ་མི་མང་འདུ་འཛོམས་གནང་བ། དུས་བབ་ཀྱི་པར། ༢༠༢༣།༠༧།༡༩
Mobile App

རྗེས་འབྱོར་བོད་མིའི་སྡོད་ཁང་བགོ་འགྲེམས་ཀྱི་འགེངས་ཤོག་སྐོང་བཞིན་འདུག

༢༠༢༣/༠༧/༡༩
གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་བདུན་པའི་ཐོག་དཔལ་འབྱོར་བཀའ་བློན་མཆོག་ནས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བཏོན། ༢༠༢༣།༠༣།༢༢
Mobile App

བཙན་བྱོལ་བོད་མིའི་དཔྱ་དངུལ་འབུལ་ཆད་རྣམས་བརྒྱ་ཆ་ ༩༠ ཆག་ཡང་བཏང་འདུག

༢༠༢༣/༠༣/༢༢
གསར་འགྱུར།

ད་ལྟའི་བཀའ་ཤག་གིས་འདས་པའི་ལོ་ངོ་ ༢༠ རིང་གི་བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་གནས་བབ་སྐོར་གྱི་སྙན་ཐོ་བཏོན།

༢༠༢༢/༠༣/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese