མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རྒྱའི་ཚོང་དོན་གནད་ཡོད་མི་སྣ་ཐུག་འཕྲད་གནང་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

བདུན་ཕྲག་འདིའི་ནང་ཨ་རིའི་ནོར་སྲིད་ལས་ཁུངས་ཀྱི་གནད་ཡོད་མི་སྣ་ལྔ་རྒྱ་ནག་ཏུ་བསྐྱོད་ནས་ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་མཉམ་ལས་གོང་མཐོར་གཏོང་ཐབས་བྱ་རྒྱུ་ཡིན་འདུག

Top U.S. Treasury Officials to Visit Beijing for Economic Talks.Photo:VCG

དེ་རིང་རེས་གཟའ་མིག་དམར་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན།  བདུན་ཕྲག་འདིའི་ནང་ཨ་རིའི་ནོར་སྲིད་ལྷན་ཁང་གི་དྲུང་འཕར་སྐུ་ཞབས་ཇེ་ཤམ་བྷག (Jay Shambaugh ) ལགས་ཀྱིས་སྣེ་འཁྲིད་པའི་ཨ་རིའི་ནོར་སྲིད་གནད་ཡོད་མི་སྣ་ལྔ་དང་། རྒྱ་ནག་གཞུང་གི་ཚོང་དོན་མི་སྣའི་བར་ཐུག་འཕྲད་བྱ་རྒྱུ་ཡིན་ཞིང་། སྐབས་དེར་འཛམ་གླིང་གི་ཚོང་དོན་ལྟེ་གནས་ཆེ་ཤོས་སུ་གྱུར་བའི་ཨ་རྒྱ་གཉིས་ཀྱི་མུ་མཐུད་ཚོང་འབྲེལ་མཉམ་ལས་ཀྱི་ནུས་པ་ཇེ་ཆེར་གཏོང་རྒྱུའི་ཐད་གྲོས་མོལ་བྱ་རྒྱུ་ཡིན་འདུག 

ཨ་རིའི་ནོར་སྲིད་ལྷན་ཁང་གི་གཞུང་འབྲེལ་མི་སྣས་ནེའུ་ཡོག་དུས་བབ་ལ་ད་ལྟ་གཞུང་འབྲེལ་ཐོག་ནས་ཕྱོགས་སྐྱོད་དེ་ཡོངས་གྲགས་གསལ་བསྒྲགས་བྱས་མེད་ཀྱང་། ཉིན་གྲངས་གཉིས་རིང་རྒྱ་ནག་གི་ཅ་དངོས་བཟོ་བསྐྲུན་བྱེད་ཕྱོགས་སོགས་ཚུད་པའི་ཨ་རྒྱ་གཉིས་ཀྱི་ཚོང་དོན་གྱི་ཐད་ནས་གྲོས་མོལ་བྱ་རྒྱུ་ཡིན།  ཞེས་བརྗོད་འདུག 

ད་ལྟའི་ཆར་ཨ་རིའི་ནོར་སྲིད་ལྷན་ཁང་གི་གནད་ཡོད་མི་སྣ་ལྔ་རྒྱ་ནག་ཏུ་གཞུང་འབྲེལ་ཕྱོགས་སྐྱོད་བྱ་རྒྱུ་ཡིན་པའི་གནས་ཚུལ་ཐོན་པ་ཙམ་ལས། ཨ་རིའི་གནད་ཡོད་མི་སྣ་གཞན་བཞི་པོ་སུ་ཡིན་མིན་གསལ་ཁ་གང་ཡང་མེད་ཀྱང་། ལྷན་ཚོགས་དེའི་ཐོག་ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་རྒྱ་སྐྱེད་གཏོང་ཐབས་ཚུད་པའི་ཕྱོགས་གཉིས་ཀྱི་མ་འཇོག་དང་། ཚོང་དོན་མཉམ་ལས། གོ་ལའི་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་ཐད་ལའང་གྲོས་མོལ་བྱ་རྒྱུ་ཡིན་འདུག

འདས་ལོའི་ཕྱི་ཟླ་ ༡༡ ཚེས་  ༡༥ ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་རྗོ་བྷའེ་ཌིན་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་བྱས་ཏེ། ་ཨ་རྒྱ་གཉིས་ཀྱི་ཚོང་དོན་གོང་འཕེལ་དང་། གོ་ལའི་གནམ་གཤིས་འགྱུར་ལྡོག དེང་རབས་ཀྱི་ཚན་རྩལ་དར་རྒྱས་གོང་འཕེལ་གྱི་སྐོར། དེ་བཞིན་དཀྱིལ་ཤར་ཨེ་ཤ་ཡའི་ནང་འབྱུང་མུས་ཡིན་པའི་དམག་འཁྲུག་གི་སྐོར་དང་། ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་བྱེད་མུས་ཡིན་པའི་གནད་དོན་སོགས་ཀྱི་སྐོར་ལ་གླེང་མོལ་བྱས་ཡོད་པ་མ་ཟད།  ལྷག་པར་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་སྲ་བརྟན་དང་། ཚོང་དོན་འབྲེལ་ལམ། དམག་དོན་སོགས་ཀྱི་ཐད་ལ་གྲོས་མོལ་བྱས་ཡོད་འདུག 

སྤྱིར་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས། འཛམ་གླིང་ཁྱོན་ཡོངས་ཀྱི་ཚོང་འབྲེལ་ཚུད་པའི་དཔལ་འབྱོར་ཉམས་ཉེས་ཆེན་པོ་བྱུང་དང་འབྱུང་མུས་ཡིན་ཞིང་།  ལྷག་པར་འདས་པའི་ལོ་ཤས་རིང་རྒྱ་ནག་གི་དཔལ་འབྱོར་ལ་ཉམས་ཉེས་ཤུགས་ཆེན་ཕྱིན་ཡོད་ལ། གནད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས། རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་འགལ་ནས་ཚོང་འབྲེལ་ཉེས་དོན་བསགས་པ་དེས། རྒྱ་ནག་གི་ཚོང་ཤག་ཆེ་ཤོས་སུ་གྱུར་བའི་ཡུ་རོབ་མཐུན་ཚོགས་ཀྱི་ཚོང་འབྲེལ་ལ་དོ་ཕོག་བཟོ་སྲིད་པའི་ཚོད་དཔག་བྱས་ཡོད་ཀྱང་། བདུན་ཕྲག་སྔ་མར་རྒྱལ་སྤྱིའི་ཊམ་ཀའི་ཐེབས་རྩ་ཁང་ (International Monetary Fund ) གིས་ཞིབ་འཇུག་བྱས་པ་བརྒྱུད། ཕྱི་ལོ་ ༢༠༢༤ ལོར་རྒྱ་ནག་གི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་གྱི་གནས་བབ་དེ་བརྒྱ་ཆ་༤།༦ ལ་འཕར་ནས། འདས་པའི་ལོ་ཤས་རིང་གི་དཔལ་འབྱོར་གྱི་འཕར་ཚད་དང་བསྡུར་ན་ཇེ་མགྱོགས་སུ་ཕྱིན་ཡོད་ཀྱང་། རྒྱ་ནག་གི་ཚོང་དོན་གྱི་ཁ་ཕྱོགས་བརྗེ་བསྒྱུར་མ་བྱས་ཚེ། སླར་ཡང་ཚོང་འབྲེལ་ལ་དོ་ཕོག་ཕྱིན་ནས་དཔལ་འབྱོར་ཉམས་ཆག་འགྲོ་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག 

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

tt
Mobile App

ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གསུམ་པ་འཚོགས།

ཆུ་ཚོད་ ༢ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

ཆུ་ཚོད་ ༤ སྔོན་ལ།
༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

༢༠༢༦/༠༢/༡༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

༢༠༢༦/༠༢/༡༠
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese