མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གི་ཡུ་རོབ་རྒྱལ་ཁབ་དྲུག་གི་གཞུང་འབྲེལ་ཕྱོགས་སྐྱོད་ལེགས་པར་གྲུབ།

བོད་ཀྱི་དུས་བབ།
༢༠༢༤/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྦལ་ཌིག་(Baltic States) རྒྱལ་ཁབ་གསུམ་དང་། ཧྥིན་ལེན་ཌི། དབྱིན་ཡུལ། སྦེལ་ཇམ་བཅས་ཀྱི་ནང་གཞུང་འབྲེལ་ཕྱོགས་སྐྱོད་ལེགས་པར་གྲུབ་སྟེ་རྒྱ་གར་ལྷོ་ཕྱོགས་སུ་ཕེབས་ཀྱི་ཡོད་འདུག

སྲིད་སྐྱོང་མཆོག་གིས་དབྱིན་ཡུལ་ཝར་ཝི་ཁི་གཙུག་ལག་སློབ་གཉེར་ཁང་གི་དཔལ་འབྱོར་གླེང་སྟེགས་ཐོག་གསུང་བཤད་གནང་།བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༤།༠༢།༠༤

ཕྱི་ཟླ་ ༡ ཚེས་ ༢༢ ནས་ཟླ་ཕྱེད་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྦལ་ཌིག་(Baltic States) རྒྱལ་ཁབ་གསུམ་དང་། ཧྥིན་ལེན་ཌི། དབྱིན་ཡུལ། སྦེལ་ཇམ་སོགས་སུ་གཞུང་འབྲེལ་སྐོར་སྐྱོད་གནང་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༤ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སྦེལ་ཇམ་ནང་ཕེབས་འབྱོར་བྱུང་སྟེ། སྦེལ་ཇམ་ཨན་ཌེ་ཝབ་ས་གནས་བོད་རིགས་མི་མང་རྣམས་འདུ་འཛོམས་གནང་བའི་ཐོག སྲིད་སྐྱོང་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་དང་བོད་དོན་གྱི་དཀའ་ངལ་སེལ་ཐབས་སོགས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད་པ་མ་ཟད། སྦེལ་ཇམ་གྱི་གཞོན་སྐྱེས་བོད་དོན་ཞུ་གཏུགས་པ་རྣམས་ཐུག་འཕྲད་གནང་སྟེ། འཛམ་གླིང་ཐོག་གི་བོད་མཐོ་སྒང་གི་གལ་གནད་ (Global Significance of the Tibetan Plateau) ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་དྲི་བར་ལན་འདེབས་གནང་ཡོད་འདུག

ཕྱི་ཚེས་ ༣ ཉིན་དབྱིན་ཡུལ་གྱི་ཝར་ཝི་ཁི་གཙུག་ལག་སློབ་གཉེར་ཁང་དུ། ཕྱི་ལོ་ ༢༠༢༤ ལོའི་དཔལ་འབྱོར་གླེང་སྟེགས་(Warwick Economics Summit)ཉིན་གཉིས་པའི་ཐོག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་རང་དབང་འཐབ་རྩོད་དང་གདོང་ལེན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་རྩིས་མེད་རྡོག་རོལ་བཏང་སྟེ། བོད་ནང་གདུག་རྩུབ་མནར་གཅོད་གཏོང་བཞིན་ཡོད་ཀྱང་། བོད་མི་ཚོས་ཞི་བདེའི་ཐོག་ནས་གདོང་ལེན་བྱེད་མུས་ཡིན་པའི་སྐོར་དང་། རྒྱ་རིགས་སློབ་མ་ཁག་ཅིག་ལ་བོད་ཀྱི་ལོ་རྒྱུས་ཀྱི་སྐོར་ནས་ལན་འདེབས་གསལ་བཤད་གནང་ཡོད་འདུག དེ་བཞིན་སྲིད་སྐྱོང་མཆོག་ནས་དབྱིན་ཡུལ་ཁུལ་གྱི་མན་ཆེ་སི་ཌར་དང་། བྷིར་མེང་ཧེམ། ཝི་རལ་བཅས་ཀྱི་ས་གནས་བོད་རིགས་མི་མང་ལ་ཐུག་འཕྲད་གནང་སྟེ། སྐབས་བཅུ་དྲུག་པའི་བཀའ་ཤག་གི་ཕུགས་དམིགས་ཡིག་ཆའི་སྐོར་ལ་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད་འདུག

སྲིད་སྐྱོང་མཆོག་གིས་སྦེལ་ཇམ་བོད་དོན་ཞུ་གཏུགས་པ་རྣམས་ཐུག་འཕྲད་གནང་། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༤།༠༢།༠༤

ཕྱི་ཚེས་ ༢ ཉིན་སྲིད་སྐྱོང་མཆོག་གིས་དབྱིན་ཡུལ་བོད་དོན་རྒྱབ་སྐྱོར་བ་དང་ཆེད་མཁས་པ་ཁག་ཅིག་དང་ལྷན་དུ་ཚོགས་འདུ་འཚོགས་ཡོད་ཅིང་། སྲིད་སྐྱོང་མཆོག་ནས་དབྱིན་ཡུལ་དང་རྒྱལ་སྤྱིའི་ཐོག་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཐད་གླེང་སློང་གནང་དགོས་པའི་སྐོར་གསུངས་ཡོད་འདུག ཉིན་དེའི་ཕྱི་དྲོར་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་ཟུང་སྦྲེལ་གྱིས་བོད་དོན་ཞུ་གཏུགས་གནང་མཁན་གྱི་ཚོགས་པ་ཁག་དང་། དབྱིན་ཡུལ་གྱི་བོད་རིགས་ལྷན་ཚོགས་ཀྱི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་འདུག

དེ་བཞིན་ཕྱི་ཚེས་ ༡ ཉིན་སྲིད་སྐྱོང་མཆོག་ལི་ཐུ་ནི་ཡཱ་ནང་ཕྱོགས་ཕེབས་གནང་སྐབས། ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་གཞོན་རཊ་ཝི་ལེ་ (Radvilė Morkūnaitė-Mikulėnienė )མཆོག་གི་དབུས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་། ཕྱི་སྲིད་ལས་ཁུངས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་བཅས་ལ་མཇལ་འཕྲད་གནང་ཡོད་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་ལི་ཐུ་ནི་ཡཱའི་གཞུང་ནས་ཉེ་ཆར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་དུས་བཀག་བསྐྱར་ཞིབ་གནང་བའི་སྐབས་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་མ་ཟད། ཁོང་ལ་ལི་ཐུ་ནི་ཡཱའི་རྒྱལ་ཁབ་ཏུ་ཕེབས་བསུ་སྣེ་ལེན་ཞུས་པར་ཐུགས་རྗེ་ཆེ་ཞུས་ཡོད་འདུག

གསར་འགོད་པ་བྱམས་པ་ཚེ་རིང་གིས་བོད་མིའི་སྒྲིག་འཛུགས་ལས་བཏུས།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༡ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༥ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese