མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་བཙན་བྱོལ་བོད་མི་རྣམས་ལ་རྒྱལ་མཚམས་ལས་བརྒལ་ཏེ་དྲག་གནོན་བྱེད་ཀྱི་ཡོད་པའི་སྙན་ཐོ་བཏོན། 

བོད་ཀྱི་དུས་བབ།
༢༠༢༤/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གིས་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་ཀྱི་ཡོད་པའི་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གིས་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་ཀྱི་ཡོད་པའི་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༤།༢།༦

དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གིས། རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ (Chinese Transnational Repression of Tibetan Diaspora Communities ) ཞེས་པའི་སྙན་ཐོ་ཞིག་འདོན་སྤེལ་གནང་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་ནན་པོའི་ཐོག་ནས་བཙན་བྱོལ་བོད་མིའི་བདེ་འཇགས་སྲུང་སྐྱོབ་དང་། རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་ནས་དྲག་གནོན་བྱེད་བཞིན་པར་སྐྱོན་བརྗོད་གནང་དགོས་པ་སོགས་ཀྱི་རེ་སྐུལ་ཞུས་འདུག 

དེའི་ཐད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གི་འཛིན་སྐྱོང་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་མྱོང་མཁན་གྱི་བཙན་བྱོལ་བོད་མི་སོགས་ཀྱི་བདེ་འཇགས་ལ་འཐུས་ཚང་ལྡན་པའི་སྲུང་སྐྱོབ་དགོས་པ་མ་ཟད་རྒྱལ་ཁབ་སོ་སོའི་རང་སའི་ཐོག་གི་འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་ནན་པོ་ཡོང་བར་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་སྤྲོད་ཐབས་བྱ་དགོས་པའི་རེ་སྐུལ་ཞུས་འདུག 

དེ་རིང་གི་སྙན་ཐོ་དེ་དང་འབྲེལ་ནས་བསྟི་གནས་ཁང་གིས་བོད་ཡིག་ཏུ་སྤེལ་བའི་བསྒྲགས་གཏམ་ནང་། རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་འོག་དཀའ་སྡུག་མྱོང་མཁན་མང་དག་ཅིག་གི་གནད་དོན་སྙན་ཐོར་བཀོད་ཟིན་ཡོད་ཀྱང་ད་བར་དུ་བཙན་བྱོལ་བོད་མི་རྣམས་ལ་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་ཐེབས་པའི་སྐོར་གྱི་གནད་དོན་གླེང་སློང་བྱས་པ་ཤིན་ཏུ་ཉུང་། དེའི་རྒྱུ་མཚན་གཙོ་བོ་ནི་བོད་མི་ཚོས་རྒྱ་ནག་གི་གནོན་ཤུགས་དེ་དག་ཧ་ཅང་རྒྱུན་ལྡན་ཅན་དུ་བརྩིས་ནས་ཡོད་པས་ཡིན། ཞེས་དང་། རྒྱ་ནག་དམར་ཤོག་ཚོགས་པས་“དུག་ལྔ་”རུ་འབོད་པའི་བོད་མི་དང་ཡུ་གུར་བ། ཐེ་ཝན་བ། ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བ་ཐེ་བའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་། ཧྥ་ལོང་རྩ་རླུང་སྒོམ་སྒྲུབ་པ་སོགས་རྒྱལ་ཁབ་གཞན་དུ་གནས་པ་རྣམས་ལ་འཆར་གཞི་དང་གོ་རིམ་ལྡན་པའི་ངང་ནས་གཉའ་གནོན་ཇི་ལྟར་བྱེད་བཞིན་ཡོད་པ་གླེང་སློང་བྱ་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེན་པོ་ཡིན། དེ་བཞིན་སོག་རིགས་རྣམས་ལའང་སྲིད་གཞུང་གི་གནས་རིམ་མི་འདྲའམ་སྒེར་ཐད་ནས་ཐད་ཀར་གཉའ་གནོན་འཕྲོད་ཐབས་བྱེད་བཞིན་ཡོད་པ་ར་སྤྲོད་བྱུང་ཡོད། ཅེས་བསྒྲགས་འདུག 

བསྒྲགས་གཏམ་ནང་། སྤྱིར་དེང་གི་ཆར་རྒྱ་ནག་གཞུང་གི་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་ལ་མི་རྣམས་ཀྱིས་དོ་སྣང་གང་འཚམ་བྱེད་ཀྱིན་ཡོད་ན་ཡང་ད་དུང་རྣམ་པ་འདྲ་མིན་གྱི་གཉའ་གནོན་བྱེད་ཐབས་དང་བཙན་བྱོལ་བོད་མི་རྣམས་ཀྱིས་མྱོང་བཞིན་པའི་གཉའ་གནོན་ལ་འཐུས་ཚང་གི་རྒྱུས་ལོན་དང་དོ་སྣང་སླེབས་ཐུབ་མེད། རྒྱ་ནག་དམར་ཤོག་ཚོགས་པས་བཙན་བྱོལ་བོད་མི་རྣམས་ནི་རང་གི་རྒྱལ་སྤྱིའི་སྟེང་གི་ཆེ་མཐོང་ལ་གནོད་པ་བྱེད་མཁན་གཙོ་བོ་ཞིག་ཏུ་ངོས་འཛིན་བྱས་ཡོད། དུས་རབས་སྔ་མའི་ལོ་རབས་བརྒྱད་ཅུ་གྱ་གྲངས་ནང་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རྒྱལ་སྤྱིའི་མཛད་འཕྲིན་ཁག་ལ་གང་ཐུབ་ཀྱིས་བཀག་འགོག་དང་འབྲེལ་ཡོད་སྡེ་ཁག་ལ་གནོན་ཤུགས་འཕྲོད་ཐབས་བྱས་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ལས་དོན་སྒྲུབ་ཕྱོགས་ལ་རྒྱུས་ལོན་ཆེད་གསང་ཉུལ་བ་བཏང་བའི་གནད་དོན་མང་པོ་བྱུང་ཡོད། དབུས་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ལྟར་ན་དེང་གི་ཆར་བོད་ནང་དུ་ཕ་མ་སྤུན་མཆེད་ཡོད་མཁན་གྱི་བཙན་བྱོལ་བོད་མི་བརྒྱ་ཆ་ ༨༠ ནས་ ༩༠ ཙམ་ལ་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་ཕོག་བཞིན་ཡོད་པ་གསལ་འདུག ཅེས་འཁོད་འདུག 

ཡང་བསྒྲགས་གཏམ་ནང་། རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་དེ་ཉིད་ཐད་ཀར་མི་སྒེར་དང་དྲྭ་ལམ་སོགས་བརྒྱུད་ནས་སྤེལ་བཞིན་འདུག་ཅིང་གནོན་ཤུགས་འཕྲོད་ཐབས་སུ་ཐད་ཀར་འཇིགས་སྐུལ་བྱེད་པ་དང་ལུས་ལ་དྲག་སྤྱོད་སྤེལ་བ། རྒྱུ་ནོར་གྱི་བདག་དབང་བཀག་བསྡོམས་བྱེད་པ། འཐུས་མི་བརྒྱུད་ནས་བཙན་སྐུལ་བྱེད་པ་སོགས་ཐབས་ལམ་འདྲ་མིན་སྤྱོད་བཞིན་འདུག བཙན་བྱོལ་བོད་མིའི་ཁྲོད་དུ་རྒྱ་གཞུང་གིས་བོད་ནང་དུ་གནས་པའི་ཕ་མ་སྤུན་མཆེད་སོགས་ཀྱི་བདེ་འཇགས་གཏའ་མར་བཞག་ནས་གནོན་ཤུགས་འཕྲོད་ཐབས་བྱེད་པའི་གནས་ཚུལ་བྱུང་བ་ཧ་ཅང་མང་པོ་འདུག མ་ཟད་བོད་མི་རྣམས་ཀྱི་བྱ་སྤྱོད་ལ་རྒྱུན་དུ་སོ་ལྟ་ནན་པོ་བྱེད་པ་དང་སྤྱི་ཚོགས་ཁྲོད་དུ་རྒྱའི་གསང་ཉུལ་བ་འགྲེམ་འཇོག་བྱས་ཡོད་པ་སོགས་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནུས་སྟོབས་དང་མི་ཕན་ཚུན་དབར་གྱི་ཡིད་ཆེས་ལའང་དོ་ཕོག་ཆེན་པོ་ཐེབས་བཞིན་འདུག དེར་བརྟེན་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་གྱིས་བཙན་བྱོལ་བོད་མི་སྤྱི་ཚོགས་ཧྲིལ་པོར་གནོད་སྐྱོན་ཐེབས་བཞིན་པ་མ་ཟད་མ་འོངས་པའི་བོད་དོན་ལས་འགུལ་ལའང་གནོད་སྐྱོན་ཚབས་ཆེན་ཐེབས་ཉེན་འདུག ཅེས་འཁོད་འདུག 

དེ་བཞིན་བསྟི་གནས་ཁང་དེས་ཞིབ་འཇུག་བྱས་པ་བརྒྱུད། རྒྱ་ནག་གཞུང་གིས་བཙན་བྱོལ་ནང་གི་ནང་མིར་འབྲེལ་ལམ་གཅོད་དུ་བཅུག་པ་དང་། བཙན་བྱོལ་བོད་མི་སྒེར་ལ་འཇིགས་སྐུལ་དང་བོད་ནང་གི་ནང་མིར་ཉེན་བརྡ་གཏོང་བ། བོད་ནང་གི་ནང་མིའི་དངུལ་གཏོང་ལེན་སོགས་ལ་བཀག་འགོག་བྱས་ནས་ནང་མིའི་འཚོ་གནས་ལ་གནོད་འཚེ་བཏང་ནས། བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ལ་རྒྱལ་མཚམས་ལས་བརྒལ་ནས་དྲག་གནོན་དང་། གཉའ་གནོན་བྱེད་ཀྱིན་ཡོད་སྐོར་སོགས་བྱེད་ཀྱི་ཡོད་པ་སོགས་གསལ་སྟོན་བྱས་འདུག 

གསར་འགོད་པ། དཔལ་ལྡན། 

རྩོམ་སྒྲིག་པ། པདྨ་མཚོ། 

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

སྐར་མ ༥༣ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༣ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༢༢ སྔོན་ལ།
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese