མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཁུལ་གྱི་ཉེན་རྟོག་དཔོན་པོ་ཞིག་རྒྱ་ནག་དམར་ཤོག་ཚོགས་པ་ནས་ཕྱིར་ཕུད་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

བོད་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་གྱི་མགོ་ཁྲིད་གཞོན་པ་དང་རྔ་བ་ཁྱུང་ཆུ་རྫོང་གི་ཉེན་རྟོག་དཔོན་ཉི་ཡུང་གིས་རྒྱ་ནག་གི་ཁྲིམས་སྒྲིག་འགལ་ཡོད་ལུགས་བཤད་ནས་དམར་ཤོག་ཚོགས་པ་ནས་ཕྱིར་ཕུད་བྱས་འདུག

བོད་རྔ་བ་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་འབར་ཁམས་ཀྱི་མགོ་འཁྲིད་གཞོན་པ་ཉི་ཡུང་། དྲ་ལམ་གྱི་པར།

རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་དམར་ཤོག་ཚོགས་པའི་ཚོགས་མི་དང་། གྲོང་ཁྱེར་གྱི་མགོ་འཛིན་གཞོན་པ། གྲོང་ཁྱེར་ཉེན་རྟོག་ཁང་གི་དྲུང་ཡིག ཉེན་རྟོག་དཔོན་པོ་ཉི་ཡུང་གིས་ཁྲིམས་འགལ་ཚབས་ཆེན་བྱས་པ་དང་ལྐོག་རྔན་བླངས་བའི་ཉེས་མིང་འོག  ཉེ་ཆར་རྔ་བ་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་འདྲི་ཞིབ་བྱས་པ་བརྒྱུད། མགོ་ཁྲིད་ཀྱི་གོ་གནས་བླངས་ཏེ་དམར་ཤོག་ཚོགས་པའི་ཚོགས་མི་ལས་ཕྱིར་ཕུད་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༤ ཉིན་རྔ་བ་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཟེར་བ་ཞིག་གིས། ཉི་ཡུང་ཞེས་པ་དེར་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟེར་བ་ཞན་པ་དང་། ལྐོག་འབྲེལ་གྱིས་ཞིབ་བཤེར་ཟེར་བ་ལ་ཁ་གཏད་བཅག་པ། གཏན་འབེབས་དོན་ཚན་བརྒྱད་ཟེར་བ་དང་འགལ་བ། གོ་གནས་བེད་སྤྱོད་བྱས་ཏེ་མི་གཞན་ལ་ཉེས་ཆད་བཅད་པ། རྒྱུ་དངོས་འབོར་ཆེན་གྱི་ལྐོག་རྔན་བླངས་ཡོད་ལུགས་སོགས་བསྒྲགས་འདུག

ཉི་ཡུང་ནི་ཕྱི་ལོ་ ༡༩༧༦ ལོར་ཨན་ཧེ་རུ་སྐྱེས་ཡོད་ཅིང་། ཕྱི་ལོ་ ༢༠༠༢ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ཁོངས་སུ་ཞུགས་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ནས་ ༢༠༢༠ བར་གཟི་ཚ་སྡེ་དགུ་དང་འབར་ཁམས་སུ་རིམ་པ་དང་པོའི་ཉེན་རྟོག་པའི་ལས་ཀ་བྱས་ཡོད་འདུག ཕྱི་ལོ་ ༢༠༢༠ ནས་ ༢༠༢༣ བར་ཁྱུང་ཆུ་རྫོང་གི་རྫོང་དཔོན་གཞོན་པ་དང་ཉེན་རྟོག་རུ་དཔོན་བྱས།  ཕྱི་ལོ་ ༢༠༢༣ ཟླ་ ༤ ནས་འབར་ཁམས་གྲོང་ཁྱེར་གྱི་དཔོན་པོ་གཞོན་པ་དང་། གྲོང་ཁྱེར་ཉེན་རྟོག་རུ་དཔོན་བཅས་བྱས་ཡོད་འདུག འདས་ལོའི་ཕྱི་ཟླ་ ༡༡ པ་ནས་རྔ་བ་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ལྐོག་རྔན་བླངས་བའི་དོགས་གཞིའི་འོག་འདྲི་ཞིབ་བྱས་ཡོད་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༣ ལོ་གཅིག་པུར་གཏན་འབེབས་དོན་ཚན་བརྒྱད་ཟེར་བ་དང་འགལ་བའི་ཉེས་མིང་འོག མི་གྲངས་ ༡༥༣༦༦༢ ལ་ཞིབ་བཤེར་བྱས་ཡོད་པའི་ཁྲོད། མི་གྲངས་ ༡༠༨༦༩༥ ལ་ཉེས་ཆད་བཅད་ཡོད་འདུག་ལ། འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་ཉེས་མེད་དཔོན་རིགས་རྣམས་ལ་ནག་ཉེས་སྣ་ཚོགས་གཡོགས་ཀྱིན་ཡོད་པ་མ་ཟད། སྟག་རྒན་ཞེས་པའི་མིང་ཐོག་ནས་ཞི་ཅིན་ཕིན་གྱི་བསམ་བློ་དང་མི་མཐུན་པ་རྣམས་འབུར་འཇོམས་བཏང་དང་གཏོང་མུས་ཡིན་པ་རེད། 

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

ཆུ་ཚོད་ ༦ སྔོན་ལ།
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

ཆུ་ཚོད་ ༨ སྔོན་ལ།
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧
Mobile App

ཕུན་ཚོགས་ཕོ་བྲང་ནས་འཕྲོས་པའི་ཉི་འོད།

༢༠༢༦/༡༠/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese