མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སུ་གཞུང་འབྲེལ་ཕྱོགས་སྐྱོད་གནང་གི་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་གིས་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་དུ་གཞུང་འབྲེལ་ཕྱོགས་སྐྱོད་གནང་མགོ་བཙུགས་ནས་བོད་དོན་ཐད་གཏམ་བཤད་དང་གནད་ཡོད་མི་སྣ་མཇལ་འཕྲད་གནང་གིན་ཡོད་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་རྒྱ་ནས་བླངས།

ཕྱི་ཟླ་ ༡ ཚེས་ ༢༢ ནས་ཟླ་ཕྱེད་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྦལ་ཌིག་(Baltic States) རྒྱལ་ཁབ་གསུམ་དང་། ཧྥིན་ལེན་ཌི། དབྱིན་ཡུལ། སྦེལ་ཇམ་དང་རྒྱ་གར་ལྷོ་ཕྱོགས་བཅས་སུ་གཞུང་འབྲེལ་སྐོར་སྐྱོད་གནང་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༦ ཉིན་སྲིད་སྐྱོང་མཆོག་གིས་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་ཁུལ་དུ་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་སྐུ་ནི་རུ་པ་མ་རའོ་ལགས་དང་། གསར་འགོད་པ་སོགས་ལ་ཐུག་འཕྲད་གནང་ནས་བོད་ནང་གི་དངོས་ཡོད་ཀྱི་གནས་སྟངས་ཐད་བཀའ་མོལ་གནང་ཡོད་འདུག

ཉིན་དེར་སྲིད་སྐྱོང་མཆོག་གིས་བྷེང་ལོར་ Mount Carmel མཐོ་སློབ་ཏུ་བོད་མཐོ་སྒང་གི་གོ་ལའི་གལ་གནད་དང་། བོད་རྒྱ་གཉིས་ཀྱི་ལོ་རྒྱུས་ཀྱི་གལ་གནད། ས་བབ་ཆགས་ཚུལ་སོགས་ཀྱི་ཐད་ནས་བོད་མཐོ་སྒང་ནི་འཛམ་གླིང་གི་འབྱུང་ཁམས་ཆ་སྙོམས་གནས་ཐབས་སུ་གལ་གནད་ཆེ་ཤོས་ཀྱི་ས་ཚིགས་སུ་གྱུར་ཡོད་པའི་སྐོར། བོད་ཀྱི་ཆོས་རིག་སོགས་ཀྱི་སྐོར་ལ་དྲི་བ་དྲི་ལན་དང་གཏམ་བཤད་སྤེལ་ཡོད་པ་མ་ཟད། མཐོ་སློབ་དེའི་དགེ་ལས་ལྷན་གྲོས་མོལ་གནང་ཡོད་འདུག

ཡང་ཉིན་དེར་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་བང་ཆེན་གསར་པ་(New Indian Express) གསར་ཁང་གི་གསར་འགོད་པ་བཱ་ལཱ་ཅོ་ཧཱན་ (Bala Chauhan) ལགས་ཀྱིས་བོད་ཀྱི་རང་དབང་ལས་འགུལ་སྐོར་ལ་བཅར་འདྲི་བྱས་པར་དང་ལེན་གནང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༤ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སྦེལ་ཇམ་ནང་ཕེབས་འབྱོར་བྱུང་སྟེ། སྦེལ་ཇམ་ཨན་ཌེ་ཝབ་ས་གནས་བོད་རིགས་མི་མང་རྣམས་འདུ་འཛོམས་གནང་བའི་ཐོག སྲིད་སྐྱོང་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་དང་བོད་དོན་གྱི་དཀའ་ངལ་སེལ་ཐབས་སོགས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད་པ་མ་ཟད། སྦེལ་ཇམ་གྱི་གཞོན་སྐྱེས་བོད་དོན་ཞུ་གཏུག་པ་རྣམས་ལ་ཐུག་འཕྲད་གནང་སྟེ། འཛམ་གླིང་ཐོག་གི་བོད་མཐོ་སྒང་གི་གལ་གནད་ (Global Significance of the Tibetan Plateau) ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་དྲི་བར་ལན་འདེབས་གནང་ཡོད་འདུག

འདས་པའི་བདུན་ཕྲག་གཉིས་ལྷག་གི་རིང་སྲིད་སྐྱོང་མཆོག་གིས་སྦལ་ཌིག་(Baltic States) རྒྱལ་ཁབ་གསུམ་དང་། ཧྥིན་ལེན་ཌི། དབྱིན་ཡུལ། སྦེལ་ཇམ་བཅས་ཡུ་རོབ་ནང་གི་རྒྱལ་ཁབ་དྲུག་ལ་ཕྱོགས་སྐྱོད་གནང་ནས། བོད་ནང་གི་དངོས་ཡོད་ཀྱི་གནས་སྟངས་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་། བོད་ཀྱི་ཁོར་ཡུག་སོགས་ཀྱི་ཐད་གཏམ་བཤད་དང་། རྒྱལ་ཁབ་དེ་དག་གི་གནད་ཡོད་མི་སྣ་དང་། སློབ་གསོ་བ། གསར་འགོད་པ་སོགས་ལ་ཐུག་འཕྲད་གནང་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

ཆུ་ཚོད་ ༣ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese