མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་ལས་འགུལ་སྤེལ་མཁན་ཐུབ་བསྟན་ཆོས་ཉིད་ལགས་སུ་ཆེ་བསྟོད་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཆུ་གླང་རྩ་ཚིག་ཆེན་མོའི་བསྒྲགས་གཏམ་སྤེལ་ནས་མི་ལོ་ཧྲིལ་པོ་ ༡༡༡ འཁོར་བའི་དུས་དྲན་སྲུང་གཙིའི་མཛད་སྒོ་དང་བསྟུན་བོད་དོན་ལས་འགུལ་བ་ཐུབ་བསྟན་ཆོས་ཉིད་ལགས་སུ་ཐུགས་རྗེ་ལེགས་གསོལ་གྱི་ཆེ་བསྟོད་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག

བོད་དོན་ལས་འགུལ་བ་ཐུབ་བསྟན་ཆོས་ཉིད་ལགས་དང་ཁོང་གི་ནང་མི། ༢༠༢༤།༢།༡༢། ཐུབ་བསྟན་ཆོས་ཉིད་ལགས་ཀྱི་ངོ་དེབ་ཀྱི་པར།

འདས་ལོའི་གསུམ་བཅུའི་དུས་དྲན་ནས་བཟུང་ཨ་རིའི་ཧྥི་ལཱ་ཌལ་ཧྥི་ཡ་གྲོང་ཁྱེར་དུ་གནས་སྡོད་བྱེད་མཁན་བོད་དོན་ལས་འགུལ་བ་ཐུབ་བསྟན་ཆོས་ཉིད་ལགས་ཀྱིས་ལོ་ངོ་གཅིག་རིང་བོད་རང་བཙན་ཁུངས་སྐྱེལ་དང་རྒྱབ་སྐྱོར་འཚོལ་ཆེད་ཀྱི་བོད་དོན་ལས་འགུལ་སྤེལ་གྱི་ཡོད་པ་ལྟར། ཨ་རིའི་ཕྱི་ཚེས་ ༡༣ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩།༣༠ སྟེང་ནེའུ་ཡོག་དང་ནེའུ་འཇར་སིའི་ས་གནས་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱིས་ཧྥི་ལཱ་ཌལ་ཧྥི་ཡའི་རང་བཙན་ཚོགས་ཁང་གི་མདུན་ཐང་དུ། ༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཆུ་གླང་རྩ་ཚིག་ཆེན་མོའི་བསྒྲགས་གཏམ་སྤེལ་ནས་མི་ལོ་ཧྲིལ་པོ་ ༡༡༡ འཁོར་བའི་དུས་དྲན་སྲུང་གཙིའི་མཛད་སྒོ་དང་བསྟུན། བོད་དོན་ལས་འགུལ་བ་ཐུབ་བསྟན་ཆོས་ཉིད་ལགས་སུ་ཐུགས་རྗེ་ལེགས་གསོལ་གྱི་ཆེ་བསྟོད་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག

ཁ་སང་ཕྱི་ཚེས་ ༡༢ ཉིན་ཨ་རིའི་ཧྥི་ལཱ་ཌལ་ཧྥི་ཡ་ (Philadelphia) གྲོང་ཁྱེར་གྱི་རང་བཙན་ཚོགས་ཁང་མདུན་དུ། བོད་དོན་ལས་འགུལ་བ་ཐུབ་བསྟན་ཆོས་ཉིད་ལགས་ཀྱིས་གཏམ་བཤད་ཅིག་སྤེལ་བའི་ནང་།  དེ་རིང་ངས་འདིར་ཆོས་དབྱིངས་མཁས་གྲུབ་ལགས་ཀྱི་སྐུ་པར་ཞིག་དམིགས་བསལ་གདན་འདྲེན་ཞུས་ཡོད། ཁོང་ནི་བོད་ནང་གི་བཙོན་ཁང་དུ་ལོ་ངོ་ ༢༣ རིང་བཙོན་འཇུག་མནར་གཅོད་མྱངས་དང་མྱོང་མུས་རེད། ངས་འཛམ་གླིང་ཡོངས་སུ་ཁོང་གི་སྐུ་པར་བཀྲམ་སྟེ་བོད་ཀྱི་ལོ་སར་སྲུང་གཙི་བྱེད་བཞིན་ཡོད། ཁོང་དང་ཁོང་འདྲ་བ་ཚོ་བོད་ཀྱི་ལོ་སར་རོལ་རྒྱུ་ཕར་བཞག ཉིན་གཅིག་ལ་ཞལ་ལག་ཡག་པོ་ཞིག་ཀྱང་ཡོད་པ་མ་རེད། ཉིན་གཅིག་དང་། ཟླ་གཅིག ལོ་གཅིག་ཙམ་མིན་པར་ཚེ་བཙོན་གྱི་ཁྲིམས་ཐག་འོག་བཙོན་ཁང་དུ་མནར་གཅོད་མྱོང་བཞིན་ཡོད་པ་རེད། དེར་བརྟེན། ངས་དེ་རིང་ཁོང་གི་སྐུ་པར་གདན་འདྲེན་ཞུས་ཡོད། ཅེས་དང་། ཁོང་གི་སྐུ་པར་འདི་བོད་གཞིས་བྱེས་གཉིས་ལྷན་འཛོམས་མ་བྱུང་བར་དུ་ལོ་མི་སར་བའི་ལས་འགུལ་སྤེལ་མཁན་ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ལགས་བརྒྱུད་ནས་རྙེད་སོན་བྱུང་བ་རེད། ཅེས་བརྗོད་འདུག

བོད་དོན་ལས་འགུལ་བ་ཐུབ་བསྟན་ཆོས་ཉིད་ལགས། པར་ཐད་གཏོང་ནས་བླངས།

ཁོང་གིས། བོད་ནང་དུ་ཉིན་འཁྱོལ་ཡང་མཚན་མ་འཁྱོལ་བའི་གདུག་རྩུབ་མནར་གཅོད་མྱོང་བཞིན་པའི་ཆབ་སྲིད་བཙོན་པ་གྲངས་ལས་འདས་པ་ཡོད། ད་དུང་ཆབ་སྲིད་བཙོན་པ་མང་པོ་ཞིག་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། དཔེར་ན། ༧ཆུང་སྲིད་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དགུང་ལོ་དྲུག་ཐོག་འཛིན་བཟུང་བྱས་ཡོད་ཅིང་། ཁོང་དང་ཁོང་གི་ཕ་མ་དགེ་རྒན་སོགས་གར་སོང་ཆ་མེད་དུ་གྱུར་བ་རེད། ད་ལྟ་བར་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཨ་རི་སོགས་ཀྱིས་ཀྱང་གནད་དོན་དེའི་ཐོག་ལ་གང་ཡང་གནང་ཐུབ་མེད་པ་རེད། གཞན་ཡང་། རྒྱ་ནག་གཞུང་གིས་བོད་མི་འབུམ་ཕྲག་མང་པོ་བསད་པ་དང་། དགོན་སྡེ་སྟོང་ཕྲག་མང་པོ་གཏོར་བཤིག་བཏང་ཡོད་པ་མ་ཟད། དངོས་ཤུགས་བརྒྱུད་གསུམ་ནས་ཐབས་ལམ་ཡོད་རྒུ་བཏོན་ཏེ་བོད་མི་རིགས་ཤུལ་མེད་རྩ་མེད་གཏོང་བཞིན་ཡོད་པའི་ཐོག ང་ཚོའི་བྱིས་པ་ལོ་ ༥ ནས་ཕ་མ་དང་ལོ་མང་པོ་ཐུག་འཕྲད་བྱེད་འཇུག་གི་མེད་པ་རེད། ཅེས་སོགས་བརྗོད་འདུག

ཡང་ཁོང་གིས།  རྒྱ་ནག་གུང་ཁྲན་ཏང་གི་བྱ་སྤྱོད་ལ་བརྟེན་ནས་འཛམ་གླིང་ཡོངས་སུ་ཤུགས་རྐྱེན་ངན་པ་འཇོག་བཞིན་ཡོད་ཀྱང་། གུང་ཁྲན་ཏང་གི་བྱ་སྤྱོད་ངན་པ་དེ་ལམ་ལྷོངས་ཡོང་གི་མ་རེད། རྒྱུ་མཚན་ནི་འཛམ་གླིང་མི་མང་གཉིད་སད་ཡོད་པ་དང་། གུང་ཁྲན་ཏང་ལ་བདེན་པ་སྤུ་ཙམ་ཡང་མེད། རྒྱ་ནག་ནི་སྐྱག་རྫུན་གྱི་ཁེངས་པའི་རྒྱལ་ཁབ་ཅིག་ཆགས་ཡོད་པར་བརྟེན།  རྒྱ་མི་རིགས་ཀྱི་ཤེས་ཡོན་ཅན་མང་པོ་ཞིག་ཕྱི་རྒྱལ་དུ་བྲོས་འགྲོ་ཡི་ཡོད་པ་རེད། ཤེས་ཡོན་མེད་མཁན་རྣམས་རྒྱ་གཞུང་གི་མགོ་སྐོར་འོག་ཚུད་ཀྱི་ཡོད་ལ། མི་དེ་འདྲའི་རིགས་ལ་གོ་གནས་དང་། རྒྱུ་ནོར་སོགས་སྤྲོད་པ་མ་ཟད། འཛེམ་ཟོན་སྤུ་ཙམ་ཡང་མེད་པར་དམར་གསོད་སོགས་གཏོང་གིན་ཡོད་པ་རེད། ཅེས་དང་། དེང་སྐབས་ང་ཚོ་རྒྱ་ནག་གཞུང་གི་མགོ་སྐོར་འོག་ཚུད་དེ། བརྙན་འཕྲིན་ནང་བོད་ནང་དུ་ཁྲ་ཁྲ་ཟང་ཟིང་གིས་ཁེངས་ཡོད་པ་དང་། བོད་ནང་གི་བོད་མི་དེ་དག་གླུ་དང་གར་གྱི་འཚོ་བར་རོལ་བསྡད་པ་སྟོན་གྱི་ཡོད་ཀྱང་། དོན་དངོས་སུ་བོད་ནང་དུ་ཕར་འགྲོ་ཚུར་འོང་གི་རང་དབང་མེད་པ་རེད། བོད་མི་རིགས་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ལ་དད་པ་བྱེད་མཁན་གྱི་མི་རིགས་ཤིག་ཡིན་ཡང་། ང་ཚོ་སོ་སོའི་དགོན་པའི་ནང་དུ་ཆོས་བྱེད་པའི་རང་དབང་མེད། གལ་ཏེ་དགོན་སྡེ་ཁག་ལ་མཆོད་མཇལ་དུ་འགྲོ་དགོས་བྱུང་ཚེ། རྒྱ་གཞུང་ལ་ཆོག་མཆན་ཞུ་དགོས་པ་སོགས་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད། འཛམ་གླིང་ས་ཕྱོགས་གང་སར་གནས་སྟངས་དེ་འདྲ་མེད་པ་དང་། བོད་ནང་གི་དངོས་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱེད་པར་ཉེན་ཁ་ཆེན་པོ་ཡོད་ལ། རྒྱལ་སྤྱིའི་གསར་ཁང་ཚད་ལྡན་གྱི་གསར་འགོད་པ་ཚོའང་བོད་ནང་དུ་འགྲོ་ཐུབ་ཀྱི་མེད་པ་མ་ཟད། བོད་ནང་དུ་ཉིན་འཁྱོལ་ཡང་མཚན་མ་འཁྱོལ་བའི་གནས་སྟངས་བྱུང་གི་ཡོད་སྟབས། དེ་ནི་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་ཡོད་དོ་ཅོག་གིས་ཤེས་དགོས་ཀྱི་ཡོད་པ་རེད། ཅེས་བརྗོད་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བོད་དོན་རྐང་འཁོར་སྐོར་སྐྱོད་པ་འཇམ་དབྱངས་བསྟན་འཛིན་ལགས་ཝ་རཱ་ན་སིར་འབྱོར། ༢༠༢༣།༡༡།༠༢ ངོ་དེབ་ཀྱི་པར།
Mobile App

བོད་དོན་རྐང་འཁོར་སྐོར་སྐྱོད་པ་འཇམ་དབྱངས་བསྟན་འཛིན་ལགས་ཝཱ་རཱ་ཎ་སཱིར་འབྱོར་འདུག 

༢༠༢༣/༡༡/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese