མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥིན་ལེན་ཌིའི་སྲིད་འཛིན་གསར་པར་འཚམས་འདྲི་མཛད།

བོད་ཀྱི་དུས་བབ།
༢༠༢༤/༠༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྐུ་ཞབས་ཨེ་ལེག་ཛེན་ཊིར་ལགས་ཧྥིན་ལེན་ཌིའི་སྲིད་འཛིན་དུ་འདེམས་ཐོན་བྱུང་བར་འཚམས་འདྲི་མཛད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཨེ་ལེག་ཛེན་ཊིར་ལགས། ༢༠༢༤། ༢། ༡༤  པར་བོད་ཀྱི་དུས་བབ་ཀྱིས་སྒྲིག་བཟོ་བྱས།

ཕྱི་ལོ་ ༢༠༢༤ ལོའི་ཧྥིན་ལེན་ཌི་རྒྱལ་ཁབ་ཀྱི་སྲིད་འཛིན་གྱི་འོས་བསྡུ་ཆེན་པོའི་རྒྱལ་ཁ་དེ་སྐུ་ཞབས་ཨེ་ལེག་ཛེན་ཊིར་(Alexander Stubb) ལགས་སུ་ཐོབ་ཡོད་པ་ལྟར། ཁ་སང་རེས་གཟའ་མིག་དམར་ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཁོང་གི་མཚན་ཐོག་ཏུ་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་ཏེ།  ཁོང་གི་མ་འོངས་པའི་ལས་དོན་ལམ་ལྷོངས་ཡོང་བར་ཐུགས་སྨོན་མཛད་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་འཕྲིན་ནང་། འདས་པའི་ལོ་ཟླའི་ནང་ངོས་རང་ཁྱེད་ཀྱི་ཆེས་མཛེས་སྡུག་ལྡན་པའི་ཧྥིན་ལེན་ཌི་རྒྱལ་ཁབ་ཏུ་ཐེངས་འགར་བསྐྱོད་མྱོང་ཡོད་ཅིང་།  ངོས་རང་གིས་བྱམས་སྙིང་རྗེ་གོང་མཐོར་དང་། གཅིག་གྱུར་གྱི་འདུ་ཤེས་ཡར་སྐྱེད། དེ་བཞིན་ཆོས་ལུགས་མཐུན་འབྲེལ་གྱི་སྐོར་བཤད་པར། ཧྥིན་ལེན་ཌི་མི་མང་གིས་དོ་དབྱིངས་ཆེན་པོ་གནང་བར་ཡི་རངས་བསྔགས་བརྗོད་བྱེད་ཀྱི་ཡོད། ཅེས་གསུངས་འདུག

ཡང་གསུང་འཕྲིན་ནང་། དེང་གི་ཆར་འཛམ་གླིང་གི་ས་ཁུལ་མང་པོ་ཞིག་གི་མི་མང་རྣམས་ཀྱིས་དྲག་སྤྱོད་ཀྱི་དབང་གིས་དཀའ་སྡུག་མྱོང་མུས་ཡིན་པ་ནི་ཆེས་ཡིད་སེམས་སྨྲེང་དགོས་པ་ཞིག་ཡིན། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་གྲོས་མོལ་དང་འགྲིག་མཐུན་བརྒྱུད་དྲག་སྤྱོད་དང་གོ་མཚོན་རིགས་མེད་པར་བཟོ་ཐབས་བྱས་ནས། ཞི་བདེ་དང་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་པར་ཞབས་འདེགས་གནང་རྒྱུ་ནི་ངོས་ཀྱི་རེ་བ་ཉག་ཅིག་ཡིན། ཞེས་དང་།  ངོས་ཀྱིས་ཁྱེད་ཀྱི་མདུན་དུ་ལྷག་པའི་འགྲན་རྩོད་སོགས་ལས་རྣམ་པར་རྒྱལ་བ་དང་། ཧྥིན་ལེན་ཌི་མི་མང་གི་རེ་བ་དང་མངོན་འདོད་འགྲུབ་ཐུབ་པའི་སྨོན་འདུན་ཞུ་ཡི་ཡོད། ཅེས་གསུངས་འདུག

ད་ལྟ་རང་ལོ་ ༥༦ ཡིན་པའི་སྐུ་ཞབས་ཨེ་ལེག་ཛེན་ཊིར་(Alexander Stubb) ལགས་ནི་ཕྱི་ལོ ༡༩༦༨ ལོར་ཧྥིན་ལེན་ཌིའི་རྒྱལ་ས་ཧལ་སན་ཀི་རུ་སྐྱེས། ཁོང་ནི་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་གྱི་ཆེད་མཁས་པ་ཞིག་ཡིན་ཞིང་། ཕྱི་ལོ ༢༠༠༤ ལོར་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་མིར་བདམས། ཕྱི་ལོ ༢༠༠༨ ལོར་ཧྥིན་ལེན་ཌི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་དང་། ཕྱི་ལོ་ ༢༠༡༤ ནས་ ༢༠༡༥ བར་སྲིད་བློན་དུ་འདེམས་ཐོན་བྱུང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

སྐར་མ ༥༣ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༣ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༢༢ སྔོན་ལ།
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese