མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་འབྲུག་གི་ས་མཚམས་ཁུལ་དུའང་གྲོང་གསེབ་གསར་རྒྱག་བྱས་ཏེ་རྙོག་དྲ་སློང་གི་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དང་འབྲུག་རྒྱལ་ཁབ་གཉིས་ཀྱི་བར་ལ་མཐའ་མཚམས་དང་འབྲེལ་བའི་གནད་དོན་ཐོག་ལ་གླེང་སློང་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་རྩོད་རྙོག་ཆེ་བའི་འབྲུག་གི་མཐའ་མཚམས་ས་ཁུལ་དུ་གྲོང་གསེབ་གསར་རྒྱག་བྱས་ཏེ་ད་བར་མཐའ་མཚམས་ཀྱི་གྲོང་གསེབ་ ༣ འཛུགས་སྐྲུན་བྱས་ཚར་ཡོད་འདུག

རྒྱ་ནག་གཞུང་གིས་མཐའ་མཚམས་བརྟན་སྲུང་ཞེས་པའི་སྲིད་ཇུས་འོག་འབྲུག་ཡུལ་དང་རྒྱ་གར་གྱི་ས་མཚམས་ཁུལ་དུ་གྲོང་ཚོ་གསར་རྒྱག་གི་ལས་གཞི་རྒྱ་ཆེར་སྤེལ་བཞིན་ཡོད་པ་མ་ཟད། རྒྱ་ནག་དང་འབྲུག་ཡུལ་གཉིས་ཀྱི་བར་ལ་རྩོད་རྙོག་ཡོད་པའི་མཐའ་མཚམས་ས་ཁུལ་ (Tamalung) ཞེས་པ་རུ། དེ་སྔ་ཁྱིམ་ཚང་ ༧༠ ཙམ་ལས་མེད་ཀྱང་ད་ལྟ་གྲོང་གསེབ་དེ་ལྡབ་གཅིག་ལྷག་འཛུགས་སྐྲུན་རྒྱ་སྐྱེད་བཏང་སྟེ་ཁྱིམ་ཚང་ ༢༣༥ ཙམ་གནས་སྤོར་བཏང་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༨ ཉིན་གྲོང་གསེབ་གསར་པ་དེའི་ནང་བོད་གཞིས་ཀ་རྩེ་ནས་ཡིན་པའི་ཁྱིམ་ཚང་ ༣༧ གནས་སྤོ་རུ་བཅུག་ཡོད་འདུག་ལ། རིམ་གྱིས་གྲོང་གསེབ་དེ་དག་གྲོང་ཁྱེར་ཅན་དུ་བསྒྱུར་འཆར་ཡོད་སྐོར་ཡང་བསྒྲགས་འདུག

ཧོང་ཀོང་དུ་རྟེན་གཞི་བྱས་པའི་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་ (South China Morning Post) གྱིས་དེ་འབྲེལ་གནས་ཚུལ་སྤེལ་བའི་ནང་། འདས་ལོའི་ཕྱི་ཟླ་ ༡༢ ནང་གཞིས་ཀ་རྩེ་ནས་ཡིན་པའི་ཁྱིམ་ཚང་དེ་དག་གནས་སྤོ་མ་བྱས་གོང་གི་ཉིན་གྲངས་ ༧ ཙམ་གྱི་སྔོན་ལ་ཨ་རིར་རྟེན་གཞི་བྱས་པའི་འཕྲུལ་ལས་ཁང་ (Maxar Technology) གིས་མཁའ་དབྱིངས་འཁོར་སྐར་ (satellite) གྱི་པར་རིས་བརྒྱུད། རྒྱ་ནག་གཞུང་གིས་རྒྱ་ནག་དང་འབྲུག་གཉིས་ཀྱི་མཐའ་མཚམས་ས་ཁུལ་ (Tamalung) གྲོང་གསེབ་ཏུ་ཁང་པ་གསར་པ་ ༡༤༧ གསར་འཛུགས་བྱས་པའི་གནས་ཚུལ་གསལ་སྟོན་བྱས་ཡོད་པ་རེད། གྲོང་གསེབ་དེའི་ཤར་ཕྱོགས་སུ་ (Gyalaphug) ཞེས་པའི་གྲོང་གསེབ་ཅིག་ཀྱང་གསར་རྒྱག་བྱས་ཏེ། ཁང་པ་ ༡༥༠ ལྷག་དང་། རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁང་དང་དཔེ་མཛོད་སོགས་གསར་རྒྱག་བྱས་ཡོད་འདུག

དེ་འབྲེལ་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། ཕྱི་ལོ་ ༢༠༠༧ ལོར་ (Gyalaphug) ཟེར་བའི་ས་ཁུལ་དུ་ཆུ་དང་གློག་གི་མཐུན་རྐྱེན་སོགས་གང་ཡང་མེད་པའི་ཁང་པ་ ༢ ཙམ་ལས་མེད་པ་རེད། ཕྱི་ལོ་ ༢༠༡༦ ནས་ ༢༠༡༨ བར་དུ་དབུལ་ཕོངས་ཇེ་ཉུང་དུ་གཏོང་ཐབས་ཀྱི་སྲིད་ཇུས་ལག་བསྟར་གྱིས། ཁུལ་དེར་དཔལ་འབྱོར་གྱི་གནས་སྟངས་རན་པོ་ཡར་རྒྱས་གཏོང་སླད་གྲོང་གསེབ་དེ་རྒྱ་སྐྱེད་བཏང་ཡོད་ལུགས་བརྗོད་འདུག་ལ། རྒྱ་ནག་མི་མང་ཉིན་རེའི་གསར་ཤོག་གིས་དེ་འབྲེལ་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གིས་ལམ་སྟོན་ལྟར་ས་མཚམས་ཁུལ་དུ་དཔལ་འབྱོར་གྱི་གནས་སྟངས་རན་པོ་ཡོད་པའི་གྲོང་གསེབ་གསར་རྒྱག་གི་ལས་གཞི་སྤེལ་མགོ་བཙུགས་ཡོད་སྐོར་དང་། མི་མང་ལ་དེང་དུས་ཅན་གྱི་ཁང་པ་མཁོ་སྤྲོད་དང་། མཐའ་མཚམས་སྲུང་སྐྱོབ་སླད་གྲོང་གསེབ་གསར་རྒྱག་གི་ལས་གཞི་སྤེལ་བ་ཞིག་ཡིན་སྐོར་སོགས་བརྗོད་འདུག

India opposes any effort to shift location of tri-junction, a demand made by China.

འདས་ལོའི་ཕྱི་ཟླ་ ༡༠ པའི་ནང་རྒྱ་ནག་དང་འབྲུག་གཉིས་ཀྱི་ས་མཚམས་རྩོད་རྙོག་དང་འབྲེལ་བའི་གྲོས་མོལ་ཐེངས་ ༢༥ བྱས་ཡོད་པ་མ་ཟད། ས་མཚམས་ཀྱི་རྩོད་རྙོག་ཞི་བའི་སླད་ཕྱོགས་གཉིས་ཀྱི་འབྲེལ་ཡོད་མི་སྣ་ས་མཚམས་ཁག་ཏུ་དངོས་སུ་ཕྱིན་ཏེ། རྒྱལ་ཁབ་སོ་སོའི་ས་མཚམས་ས་ཐིག་ཁ་གསལ་བཟོས་ཏེ་རྙོག་གླེང་མེད་པ་བཟོ་རྒྱུའི་གྲོས་མཐུན་བཞག་ཡོད་ཀྱང་རྒྱ་ནག་ཕྱོགས་ནས་རྙོག་དྲ་སློང་གི་ཡོད་འདུག ཡིན་ནའང་། ད་ལྟའི་ཆར་འབྲུག་རྒྱལ་ཁབ་ཀྱི་ཕྱོགས་ནས་དེའི་ཐད་གླེང་སློང་ལན་འདེབས་གནང་བའི་གནས་ཚུལ་གོ་ཐོས་མི་འདུག

ཕྱི་ལོ་ ༢༠༡༧ ནས་བཟུང་རྒྱ་ནག་གཞུང་གིས་རྒྱ་དཀར་ནག་གི་རྩོད་གཞིར་གྱུར་བའི་བོད་ཧིན་མཐའ་མཚམས་སུ་ལམ་ཀ་བཟོས་པ་དང་བསྟུན། འབྲུག་རྒྱའི་རྩོད་རྙོག་ཁུལ་དུའང་གྲོང་གསེབ་དང་ལམ་ཀ་བཟོས་ཏེ། འབྲུག་གི་མཐའ་མཚམས་ཁུལ་དུ་ཧམ་འཛུལ་གྱིས་ལས་གཞི་བརྩམས་ཟིན་ཡོད་འདུག་ལ། འབྲུག་དང་རྒྱ་ནག་བར་ས་མཚམས་རྩོད་རྙོག་ཐད་གྲོས་མོལ་བྱས་ཡོད་ཀྱང་། འབྲུག་རྒྱའི་རྩོད་རྙོག་ཆེ་བའི་འབྲོག་ལམ་ཁུལ་དུ་གྲོང་གསེབ་སོགས་འཛུགས་སྐྲུན་བྱས་པ་སོགས་ཀྱིས་དཀའ་རྙོག་དེ་ཐག་གཅོད་མ་ཐུབ་པར་གནས་སྟངས་ཛ་དྲག་ཏུ་ཕྱིན་པར་བརྟེན། འབྲུག་གཞུང་གིས་རྒྱ་གཞུང་གིས་ལམ་ཀ་གསར་རྒྱག་གི་ལས་གཞི་དེ་འབྲུག་རྒྱ་གཉིས་ཀྱི་མཐའ་མཚམས་གྲོས་ཆོད་དང་འགལ་གྱི་ཡོད་པར་བརྟེན། ལས་གཞི་དེ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་འདུག འབྲོག་ལམ་ (Doklam) ཁུལ་ནི་འབྲེལ་མཚམས་གསུམ་གྱི་ཐག་ཉེ་སར་ཡོད་པའི་འབྲུག་རྒྱ་གཉིས་ཀྱི་རྩོད་རྙོག་ཅན་གྱི་ས་ཆ་ཞིག་ཡིན་པ་མ་ཟད། དེ་འབྲེལ་རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་ལི་ཁང་གིས། འདས་པའི་ལོ་རྒྱུས་ནས་བཟུང་འབྲོག་ལམ་ས་ཁུལ་དེ་རྒྱ་ནག་གི་མངའ་ཁོངས་ཡིན་ཚུལ་དང་། ས་ཁུལ་དེ་འབྲུག་གི་ཁོངས་སུ་གཏོགས་ཀྱི་མེད་ལ། རྒྱ་གར་ལའང་འབྲེལ་བ་གང་ཡང་མེད་སྐོར་སོགས་བརྗོད་འདུག སྤྱིར་བཏང་རྒྱ་ནག་དང་འབྲུག་གཉིས་ཀྱི་ས་ཁོངས་ལ་དབྱེ་མཚམས་གསལ་པོ་མེད་ཀྱང་། ཕྱོགས་གཉིས་ནས་ཞི་མོལ་གྱི་ཐབས་ལམ་ལ་བརྟེན་ནས་མཐའ་མཚམས་གནད་དོན་ཐག་གཅོད་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese