མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱངས་ཅན་ལྷ་མོ་ལགས་ལ་གསེར་གྱི་གཟེངས་རྟགས་ཐོབ།

བོད་ཀྱི་དུས་བབ།
༢༠༢༤/༠༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

ལྷོ་སོག་ལེང་ཁྲེང་རི་བོའི་རྒྱ་ནག་རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ཁྲོད་བོད་ཀྱི་ལུས་རྩལ་པ་དབྱངས་ཅན་ལྷ་མོ་ལགས་སུ་གསེར་གྱི་གཟེངས་རྟགས་ཐོབ་ཡོད་འདུག

བོད་ཀྱི་གངས་ཤུད་ལུས་རྩལ་པ་དབྱངས་ཅན་ལྷ་མོ་ལགས། དྲ་ལམ་གྱི་པར།

ཟླ་འདིའི་ཕྱི་ཚེས་ ༡༧ ནས་ ༢༧ བར་ཉིན་གྲངས་བཅུ་གཅིག་རིང་ལྷོ་སོག་ཏུ། རྒྱ་ནག་རྒྱལ་ཡོངས་སྐབས་བཅུ་བཞི་པའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་གངས་ཤུད་འགྲན་བསྡུར་འཚོག་བཞིན་ཡོད་པ་ལྟར། ཐེངས་འདིའི་གཞོན་ནུའི་རུ་ཁག་གི་བུད་མེད་རྟིང་རྩོད་གངས་ཤུད་འགྲན་བསྡུར་ཁྲོད་བོད་ཀྱི་ལུས་རྩལ་པ་དབྱངས་ཅན་ལྷ་མོ་ལགས་སུ་གསེར་གྱི་གཟེངས་རྟགས་ཐོབ་ཡོད་པ་དང་། བུད་མེད་རུ་ཁག་གི་གངས་ཤུད་འགྲན་བསྡུར་ནང་བོད་ཀྱི་ལུས་རྩལ་པ་ཉི་མ་དབྱངས་ཅན་ལགས་ལ་ཨང་རིམ་བརྒྱད་པ་ཐོབ་ཡོད་འདུག

བོད་ཀྱི་ལུས་རྩལ་པ་དབྱངས་ཅན་ལྷ་མོ་ལགས་ཀྱིས། ད་ལྟ་ཚོར་སྣང་ཧ་ཅང་ཡག་པོ་བྱུང་། ཡུལ་དངོས་འགྲན་བསྡུར་ནང་འགག་སྒོ་གཉིས་བརྒྱུད་པའི་སྐབས་སུ། ཅུང་ཙམ་ནོར་འཁྲུལ་ཤོར་ཡང་རྗེས་སུ་བསྐྱར་གསོ་བྱས་ཐུབ་སོང་། ཐེངས་འདིའི་འགྲན་བསྡུར་ནི་དགུན་དུས་ཨོ་ལིམ་ཕིག་རྩེད་འགྲན་རྗེས་ཀྱི་སྐམ་ས་ཆེན་མོའི་ཐོག་གི་ལུས་རྩལ་འགྲན་ཚོགས་ཆེ་ཤོས་ཤིག་ཡིན། གལ་སྲིད་མུ་མཐུད་དུ་ལུས་རྩལ་འགྲན་ཚོགས་སུ་ཞུགས་ཐུབ་ཚེ། རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོགས་སུ་ཞུགས་ནས་གྲུབ་འབྲས་ཡག་པོ་ལེན་ཐུབ་པའི་རེ་བ་བྱེད་བཞིན་ཡོད། ཅེས་བརྗོད་འདུག

བོད་རང་སྐྱོང་ལྗོངས་གངས་ཤུད་རུ་ཁག་ཟེར་བའི་སྣེ་འཁྲིད་པ་བདེ་ཆེན་དངོས་གྲུབ་ཀྱིས། ང་ཚོ་དགུན་དུས་ལུས་རྩལ་འགྲན་ཚོགས་སྟེང་ཐོག་དང་པོ་འཛུལ་ཞུགས་བྱས་པ་ཡིན། གྲུབ་འབྲས་ཧ་ཅང་ཡག་པོ་བླངས་བྱུང་། ང་ཚོས་མུ་མཐུད་དུ་འབད་བརྩོན་བྱས་ནས་ལུས་རྩལ་རུ་ཁག་ཡར་རྒྱས་གཏོང་རྒྱུ་ཡིན་ལ། ཕྱི་ལོ་ ༢༠༢༦ ལོའི་ཨོ་ལིམ་ཕིག་རྩེད་འགྲན་སྟེང་འཛུལ་ཞུགས་བྱས་ཏེ་གྲུབ་འབྲས་ཡག་པོ་ཞིག་ལེན་འདོད་ཡོད། ཅེས་བརྗོད་འདུག

རྒྱ་ནག་རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་གངས་ཤུད་འགྲན་བསྡུར་ཁྲོད་བོད་ཀྱི་ལུས་རྩལ་པ་གཡུ་སྒྲོན་ལྷ་མོ་དང་། བཀྲ་ཤིས་བསྟན་སྒྲོན། ཀུན་བཟང་རྣམ་རྒྱལ་བཅས་ལ་གསེར་གྱ་ིགཟེངས་རྟགས་ཐོབ། དྲ་ལམ་གྱི་པར།

ད་ལྟའི་ཆར་རྒྱ་ནག་རྒྱལ་ཡོངས་སྐབས་བཅུ་བཞི་པའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་གངས་ཤུད་རི་འཛེགས་ཀྱི་འགྲན་བསྡུར་ཁག་བྱས་པའི་ཁྲོད། བོད་ཀྱི་ལུས་རྩལ་པར་གསེར་གྱི་གཟེངས་རྟགས་བཞི་དང་དངུལ་གྱི་རྟགས་མ་གཅིག་ཐོབ་པའི་ནང་། ཕོ་མོ་མཉམ་བསྲེས་ཀྱི་རྟིང་རྩོད་གངས་ཤུད་འགྲན་བསྡུར་ཁྲོད་བོད་ཀྱི་ལུས་རྩལ་པ་བཀྲ་ཤིས་བསྟན་སྒྲོལ་དང་ཀུན་བཟང་རྣམ་རྒྱལ། གཡུ་སྒྲོན་ལྷ་མོ་བཅས་ལ་གསེར་གྱི་གཟེངས་རྟགས་ཐོབ་ཡོད་པ་དང་།  བོད་ཀྱི་ལུས་རྩལ་པ་ཚེ་བརྟན་གཡུ་སྒྲོན་ལ་དངུལ་གྱི་གཟེངས་རྟགས་ཐོབ་འདུག གཡུ་སྒྲོན་ལྷ་མོས་ཐེངས་འདིའི་བུད་མེད་ཀྱི་རྒྱང་ཐག་ཐུང་བའི་རྟིང་རྩོད་གངས་ཤུད་འགྲན་བསྡུར་ཁྲོད་སྐར་མ་ ༣ དང་སྐར་ཆ་ ༩ ། གྲངས་ཆུང་ ༨ ཀྱི་གྲུབ་འབྲས་བླངས་ཡོད་པ་མ་ཟད། འདས་ལོའི་ཕྱི་ཟླ་ ༡༡ ནང་སི་པན་རྒྱལ་ཁབ་ཏུ་འཚོགས་པའི་འཛམ་གླིང་གངས་ཤུད་གཟེངས་རྟགས་འགྲན་བསྡུར་ཁྲོད་བུད་མེད་ཀྱི་རྒྱང་ཐག་ཐུང་བའི་གསེར་གྱི་རྟགས་མའང་བླངས་ཡོད་འདུག

                                                               གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

༢༠༢༦/༠༤/༡༧
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

༢༠༢༦/༠༤/༡༧
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

༢༠༢༦/༠༤/༡༧
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

༢༠༢༦/༠༤/༡༦
བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

༢༠༢༦/༠༤/༡༦
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

༢༠༢༦/༠༤/༡༦

མཆན། 1

  1. ཚེ་བརྟན་འགྱུར་མེད། says:
    ལོ་ 2 སྔོན།

    བོད་ཀྱི་ལུས་རྩལ་མ་དབྱངས་ཅན་ལྷ་མོ་ལགས་སུ་གསེར་གྱི་གཟེངས་རྟགས་ཐོབ་ཡོད་འདུག་པར་དགའ་བསུའི་བཀྲ་ཤིས་བདེ་ལེགས་དུ་མ་ཞུ།། ལུས་རྩལ་མ་ཅེས་འབྲི་དགོས་བྱུང་སོང་བའི་དབྱངས་ཅན་ལྷ་མོ་ལགས་མོ་ཡིན་པ་ངོས་འཛིན་ལས་ཞུས་པ་ལས་སྐབས་རེ་མདེ་སྨད་ཁུལ་ཕོ་ལ་དབུས་གཙང་གཙོས་པའི་མདོ་སྟོད་ཁུལ་གྱི་ལགས་སྲོལ་ལྟར་གྱི་མོའི་མིང་འབོད་སྲོལ་ཡོད་འདུག་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese