མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གླིང་རིན་པོ་ཆེ་མཆོག་བལ་ཡུལ་དགེ་ལྡན་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་ཕེབས།

བོད་ཀྱི་དུས་བབ།
༢༠༢༤/༠༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་བལ་ཡུལ་དུ་ཆིབས་སྒྱུར་གྱིས་བལ་ཡུལ་དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སྐབས་སོ་གཉིས་པར་དབུ་བཞུགས་གནང་ཡོད་འདུག

༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་བལ་ཡུལ་ཀོ་པན་འོག་མིན་བྱང་ཆུབ་ཆོས་གླིང་དགོན་དུ། བལ་ཡུལ་དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སྐབས་སོ་གཉིས་པའི་ཚོགས་མགོན་དུ་ཕེབས། ༢༠༢༣།༢།༢༡ དྲ་ལམ་གྱི་པར།

ཁ་སང་ཕྱི་ཚེས་ ༢༡ ནས་ ༢༥ བར་ཉིན་གྲངས་ལྔའི་རིང་བལ་ཡུལ་དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཚོགས་པའི་ (Nepal Gelug Monlam Committee) གོ་སྒྲིག་འོག བལ་ཡུལ་ཀོ་པན་འོག་མིན་བྱང་ཆུབ་ཆོས་གླིང་དགོན་དུ་བལ་ཡུལ་དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སྐབས་སོ་གཉིས་པའི་ཚོགས་མགོན་དུ་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་གླིང་རིན་པོ་ཆེ་ཆིབས་སྒྱུར་བསྐྱངས་ཏེ། སང་ཉིན་ཕྱི་ཚེས་ ༢༣ ཉིན་གཞུང་ཆེན་འདུལ་མཛོད་དབུ་ཕར་རབ་འབྱམས་པའི་སློབ་མ་གྲངས་ ༦༠ ཙམ་དང་། བལ་ཡུལ་དགེ་ལྡན་དགོན་ཁག་བཅུའི་སློབ་མ་རྩེ་ཕུད་གྲངས་ ༡༢ ཙམ་ལ་ཕྱག་འཁྱེར་གནང་རྒྱུ་ཡིན་འདུག

གླིང་རིན་པོ་ཆེ་མཆོག་གི་ཕྱག་མཛོད་བསྟན་འཛིན་མཁྱེན་བརྩེ་ལགས་ཀྱིས་འདི་གའི་གསར་འགོད་པར། ༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་བལ་ཡུལ་དུ་ཕེབས་པའི་དམིགས་ཡུལ་གཙོ་བོ་ནི། བལ་ཡུལ་དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཚོགས་པའི་སྨོན་ལམ་གྱི་དབུ་བཞུགས་ལ་གདན་ཞུ་གནང་བ་ལྟར། བལ་ཡུལ་སྨོན་ལམ་ཆེན་མོར་དབུ་བཞུགས་ཐོག་སྨོན་ལམ་ཆེན་མོའི་བྱུང་རིམ་སྐོར་དང་སྐྱེས་རབས་གསུང་ཆོས་གནངས་དང་གནང་མུས་ཡིན་སྐོར་གསུངས་བྱུང་།

མཛད་འཆར་ལྟར་ན། ཉིན་གྲངས་ལྔའི་རིང་གི་སྨོན་ལམ་ལེགས་འགྲུབ་བྱུང་རྗེས། གླིང་རིན་པོ་ཆེ་མཆོག་བཙུན་དགོན་མཁའ་སྤྱོད་དགའ་འཁྱིལ་གླིང་དགོན་དང་། བཀྲ་ཤིས་རབ་བརྟན་གླིང་དགོན། དེ་བཞིན་འཕགས་ཤིང་སྒོ་སོག་ཕུན་ཚོགས་ཆོས་གླིང་དགོན་དང་སྐྱིད་གྲོང་བཙུན་དགོན་ཐུགས་རྗེ་ཆོས་གླིང་དགོན་བཅས་སུ་ཆིབས་སྒྱུར་གནང་རྒྱུ་དང་། སྐྱིད་གྲོང་བསམ་གཏན་གླིང་དགོན་དུ་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་དང་དད་ལྡན་སེར་སྐྱ་མི་མང་རྣམས་ལ་རྒྱལ་བ་ཚེ་དཔག་མེད་ཀྱི་སྒོ་ནས་ཚེ་དབང་བཀའ་དྲིན་བསྩལ་རྒྱུ། ཤེལ་དཀར་ཆོས་སྡེ་དགའ་ལྡན་ལེགས་བཤད་གླིང་དགོན་དུ་སློབ་གཉེར་མཐར་སོན་པ་རྣམས་ལ་ཕྱག་འཁྱེར་གནང་བའི་མཛད་སྒོར་དབུ་བཞུགས། བལ་ཡུལ་གྱི་ཇོ་ལ་ཁེལ་གཞིས་ཆགས་སུ་མི་མང་རྣམས་ལ་བཀའ་སློབ་གནང་འཆར་ཡོད་འདུག གཞན་ཡང་། གནས་མཆོག་ཡང་ལེ་ཤོད་སོགས་སུ་གནས་གཟིགས་གནང་འཆར་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་༧སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུ་རྒྱལ་སྤྱིའི་གནམ་ཐང་དུ་ཞབས་སོར་འཁོད་ཡོད་པ་དང་། སྐབས་དེར་བལ་ཡུལ་དགོན་པ་ཡར་རྒྱས་ཚོགས་པའི་ཚོགས་གཙོ་དང་། བལ་ཡུལ་དགེ་ལྡན་ལྷན་ཚོགས། སྐྱིད་གྲོང་བསམ་གཏན་གླིང་། ཀོ་པན་འོག་མིན་བྱང་ཆུབ་ཆོས་གླིང་དགོན། ཤེལ་དཀར་ཆོས་སྡེ་དགའ་ལྡན་ལེགས་བཤད་གླིང་། ཤྲཱི་ཆུ་བཟང་བསམ་གཏན་ཡང་རྩེ་དགོན། ཆུ་དབར་འགྲོ་ཕན་གླིང་། སྒོ་སོག་ཕུན་ཚོགས་ཆོས་གླིང་དགོན། དགའ་ལྡན་བྱམས་མགོན་གླིང་། གྲུབ་དགོན་ཐུགས་རྗེ་ཆོས་གླིང་། ཀོ་པན་བཙུན་དགོན་མཁའ་སྤྱོད་དགའ་འཁྱིལ་གླིང་། བཙུན་དགོན་ཐུགས་རྗེ་ཆོས་གླིང་། བལ་ཡུལ་བླ་མ་དགོན། རོང་ཤར་ཆུ་དབར་དགའ་ལྡན་འགྲོ་ཕན་གླིང་སོགས་དགོན་པ་ཁག་དང་། བལ་ཡུལ་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་གཙོ་དང་ཚོགས་གཞོན། དེ་བཞིན་དགོན་པ་ཁག་གི་མཁན་རིན་པོ་ཆེ་དང་། ཕྱག་མཛོད། དགེ་འདུན་པ་དང་མི་མང་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། བལ་ཡུལ་ཇོ་ནང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་ཆོས་འཁོར་གླིང་གི་དཀའ་བཅུ་དགེ་བཤེས་སྐབས་དང་པོའི་མཐར་སོན་མཛད་སྒོ་འཚོག་བཞིན་པ། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༤།༣།༡༥
Mobile App

སྐབས་དང་པོའི་དཀའ་བཅུ་དགེ་བཤེས་བསླབ་པ་མཐར་སོན།

༢༠༢༤/༠༣/༡༦
Tourists Trekking around Mount Kailash
Mobile App

རྒྱ་ནག་གཞུང་གིས་གངས་རིན་པོ་ཆེའི་གནས་མཇལ་བར་སྔར་ལྷག་དམ་དྲག་བྱེད་ཀྱིན་འདུག 

༢༠༢༣/༠༥/༡༠
ཁྱིམ་ཐོ། དྲ་ལམ་གྱི་པར།
Mobile App

བོད་དུ་ཕྱིར་ལོག་བྱེད་མཁན་ཚོར་ཁྱིམ་ཐོ་མ་སྤྲད་པར་དཀའ་ངལ་འཕྲད་ཀྱི་འདུག

༢༠༢༣/༠༣/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese