མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གྲོས་ཚོགས་འཐུས་མིས་ཐའེ་ཝན་དུ་འཚམས་གཟིགས་གནང་བཞིན་པར་རྒྱ་ནག་གིས་རྒོལ་གཏམ་བསྒྲགས།

བོད་ཀྱི་དུས་བབ།
༢༠༢༤/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཉིན་གྲངས་གསུམ་ཙམ་རིང་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐབས་ཇུས་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མེག་གྷ་ལ་གྷེར་ལགས་ཀྱིས་དབུ་འཁྲིད་པའི་ཨ་རིའི་གྲོས་ཚོགས་འཐུས་མི་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་ཐའེ་ཝན་དུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་རེད།

In this photo released by the Taiwan Presidential Office, Taiwan’s President Tsai Ing-wen, right, talks to Rep. Mike Gallagher, the Republican chair of the House Select Committee on the Chinese Communist Party, left, in Taipei, Taiwan.

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་མི་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐབས་ཇུས་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མེག་གྷ་ལ་གྷེར་ (Mike Gallagher) ལགས་ཀྱིས་སྣེ་འཁྲིད་པའི་ཨ་རིའི་གྲོས་ཚོགས་འཐུས་མི་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཐའེ་ཝན་ནང་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཏེ། ཁ་སང་ཕྱི་ཚེས་ ༢༢ ཉིན་ཐའེ་ཝན་གྱི་སྲིད་འཛིན་ལྕམ་སྐུ་ཚའེ་ཡེན་ཝན་ (Tsai Ing-Wen) མཆོག་དང་། ཐའེ་ཝན་གྱི་དཔོན་རིགས་མཐོ་གྲས་ཁག་ཅིག་དང་མཇལ་འཕྲད་གནང་སྟེ། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་ཚོང་འབྲེལ་སོགས་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་དང་། རྒྱ་ནག་གཞུང་གིས་ཐའེ་ཝན་ལ་དཔལ་འབྱོར་དང་དྲག་དམག་སོགས་ཕྱོགས་མང་པོའི་ཐོག་ནས་གནོན་ཤུགས་སྤྲད་དང་སྤྲོད་མུས་ཡིན་པའི་སྐོར་ལ་གླེང་མོལ་གནང་ཡོད་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག  ཨ་རི་དང་ཐའེ་ཝན་གྱི་དཔོན་རིགས་བར་གྱི་གཞུང་འབྲེལ་གྱི་འབྲེལ་ལམ་བསྐྲུན་བཞིན་པ་དང་། ཨ་རིས་ཐའེ་ཝན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་བརྗོད་འདུག

ཁ་སང་ཕྱི་ཚེས་ ༢༢ ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པའེ་ (Taipei) རུ་སྐུ་ཞབས་མེག་གྷ་ལ་གྷེར་ལགས་ཀྱིས། ད་ལན་གྱི་གཞུང་འབྲེལ་འཚམས་གཟིགས་འདི་བརྒྱུད་ཨ་རིའི་ངོས་ནས་ཐའེ་ཝན་གྱི་གཟེངས་སུ་ཐོན་པའི་དམངས་གཙོའི་གནས་བབ་ལ་རྒྱབ་སྐྱོར་ཡོད་པ་སྟོན་ཆེད་དང་། འབྱུང་འགྱུར་ཨ་རིའི་རྒྱལ་ཡོངས་འོས་བསྡུའི་ནང་སྲིད་འཛིན་གྱི་རྒྱལ་ཁ་སུ་ལ་ཐོབ་པ་ཡིན་ཡང་། ཨ་རིས་ཐའེ་ཝན་ལ་སྔར་བཞིན་རྒྱབ་སྐྱོར་མུ་མཐུད་དུ་གནང་རྒྱུ་དང་། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ཐོག་ནས་ཨ་རིར་གནོན་ཤུགས་ཅི་ཙམ་སྤྲད་མིན་ལ་མ་ལྟོས་པར། ཨ་རིས་ཐའེ་ཝན་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་ནན་བརྗོད་གནང་ཡོད་འདུག

The bipartisan delegration of Republicans and Democrats vowed support for Taiwan during the visit, despite their political differences at homeImage: TAIWAN PRESIDENTIAL OFFICE/Handout/AFP

དེ་བཞིན་ཐའེ་ཝན་གྱི་སྲིད་འཛིན་ལྕམ་སྐུ་ཚའེ་ཡེན་ཝན་མཆོག་གིས། ཨ་རིའི་གཞུང་གིས་ཐའེ་ཝན་གྱི་བདེ་འཇགས་ཀྱི་ནུས་པ་གོང་འཕེལ་དུ་གཏོང་བར་མུ་མཐུད་དུ་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་མཉམ་རུབ་ཀྱི་ཐོག་ནས་དམངས་གཙོ་དང་རང་དབང་སྲུང་སྐྱོབ་ཀྱིས་ཞི་བདེ་རྒྱུན་གནས་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། ཨ་རི་དང་ཐའེ་ཝན་གཉིས་ཀྱིས་མཉམ་ལས་ནུས་པ་གོང་མཐོར་གཏང་རྒྱུ་དང་། ཕྱོགས་གཉིས་ཀྱི་འབྲེལ་ལམ་སོགས་ཡར་རྒྱས་གཏོང་བར་ཤུགས་སྣོན་གནང་རྒྱུ་ཡིན་སྐོར་སོགས་གསུངས་འདུག

ད་ལན་གྱི་འཚམས་གཟིགས་དེ་རྒྱ་ནག་དང་ཐའེ་ཝན་གཉིས་བར་གྱི་གནས་བབ་ཛ་དྲག་ཅན་གྱི་དུས་སྐབས་ཤིག་ཏུ་ཁེལ་ཡོད་པ་མ་ཟད། རྒྱལ་སྤྱིའི་གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས། ད་ལན་འཚམས་གཟིགས་གནང་བ་དེས་རྒྱ་ནག་ལ་ཁོང་ཁྲོ་སློང་གཞི་ཞིག་ཡིན་པ་དང་། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་ངེས་ཡིན་སྐོར་རྗོད་ཀྱིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༡༢ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese