མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྡེ་དགེ་དབོན་པོ་སྟོད་ནས་སེར་སྐྱ་མང་པོ་འཛིན་བཟུང་བྱས་ཏེ་དྲག་གནོན་ཤུགས་ཆེན་བྱེད་བཞིན་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་སྡེ་དགེ་རྫོང་དབོན་པོ་སྟོད་ཀྱི་སེར་སྐྱ་མི་མང་གིས་རྒྱ་ནག་གཞུང་གི་བཙན་བཀའ་ཟློག་ཐབས་ཀྱི་ཞུ་འབོད་གནང་བའི་རྐྱེན་གྱིས་ས་གནས་སེར་སྐྱ་མང་པོ་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་མི་ཁག་ཅིག་ལ་རྨས་སྐྱོན་བཟོས་ཏེ་སྨན་ཁང་དུ་ཡོད་འདུག

སྡེ་དགེ་དབོན་པོ་སྟོད་ཀྱི་སེར་སྐྱ་མི་མང་གིས་ཞུ་འབོད་གནང་སྐབས་ཉེན་རྟོག་པས་གཅར་རྡུང་བཙན་འཁྲིད་བྱེད་བཞིན་པ། ༢༠༢༤།༠༢།༢༡-༢༢ པར་བོད་ནས་འབྱོར་བའི་བརྙན་ཐུང་ལས་བླངས།

རྒྱ་ནག་གཞུང་གིས་སྐམ་ཐོག་ཆུ་གློག་ཁང་ཟེར་བ་འཛུགས་སྐྲུན་བྱེད་པར་ཁ་གཡར་ཏེ། སྡེ་དགེ་རྫོང་དབོན་པོ་སྟོད་ཀྱི་དབོན་སྟོད་དགོན་དང་ཡེ་ན་དགོན་སོགས་དགོན་པ་དྲུག་དང་གྲོང་ཚོ་གཉིས་ལྷག་གནས་སྤོར་དགོས་པའི་བཙན་བཀའ་གཏོང་གི་ཡོད་པ་ལྟར། ས་གནས་སེར་སྐྱ་མི་མང་གིས་ཕྱི་ཚེས་ ༢༡ དང་ ༢༢ ཉིན་ཞི་བའི་ཐོག་ནས་འབྲེལ་ཡོད་ལས་བྱེད་པར་རེ་སྐུལ་ངུ་འབོད་གནང་སྟེ་བཙན་བཀའ་ཟློག་ཐབས་གནང་ཡོད་སྟབས། གློ་བུར་དུ་ཉེན་རྟོག་པ་མང་པོ་བསླེབས་ནས་གང་བྱུང་གཅར་རྡུང་བཏང་སྟེ་མི་ཁག་ཅིག་སྡེ་དགེ་རྫོང་མི་མང་སྨན་ཁང་དུ་བསྐྱལ་ཡོད་པ་མ་ཟད། སེར་སྐྱ་མི་མང་མང་པོ་འཛིན་བཟུང་བཙན་འཁྲིད་བྱས་ཏེ། ས་གནས་མི་མང་གི་འགྲོ་འདུག་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་འདུག

ཕྱི་ཕྱོགས་སུ་དེ་འབྲེལ་བརྙན་ཐུང་ཁག་ཅིག་འབྱོར་བའི་ནང་དུ། འབྲེལ་ཡོད་ལས་བྱེད་ཚོའི་མདུན་དུ་སེར་སྐྱ་མི་མང་གིས་མཐེ་བོང་བསྟན་ནས་པུས་མོ་སར་བཙུགས་ཏེ་ངུ་འབོད་བྱེད་བཞིན་པ་དང་། ཉེན་རྟོག་པ་མང་པོས་སེར་སྐྱ་མི་མང་ལ་གཅར་རྡུང་གཏོང་ཞོར་དུ་བཙན་འདྲིད་བྱེད་བཞིན་པ། དེ་བཞིན་དགེ་འདུན་པ་རེ་ཟུང་གིས་ངུ་འབོད་བྱེད་བཞིན་དྲན་པ་བརྒྱལ་བ་སོགས་མཐོང་རྒྱུ་འདུག

སྐམ་ཐོག་ཆུ་གློག་ཁང་ཟེར་བ་དེ་ནི་རྒྱ་ནག་ཆུ་གློག་གསར་སྤེལ་ཚོང་གཉེར་ཁང་(华电金沙江上游水电开发有限公司)ཟེར་བ་དེས་བཟོ་སྐྲུན་བྱེད་བཞིན་ཡོད་འདུག་ལ། ལས་གཞི་དེའི་ཁྲོད་འབྲི་ཆུའི་རྒྱུད་དུ་ཆགས་པའི་སྡེ་དགེ་རྫོང་ཁོངས་ཀྱི་ཡེ་ན་དགོན་པ་དང་། དབོན་སྟོད་དགོན་པ། མཁའ་མདོ་དགོན་པ། རབ་བསྟན་དགོན་པ། དགོན་སར་དགོན་པ། བཀྲ་ཤིས་དགོན་པ་བཅས་དགོན་སྡེ་དྲུག་དང་། གྲོང་ཚོ་གཉིས་ལྷག་བཅས་བཙན་གཏོར་གཏོང་གི་ཡོད་འདུག

ཤུལ་བཞག་རིག་དངོས་རྩ་ཆེན་བཞུགས་པའི་དབོན་པོ་དགོན། དྲ་ལམ་གྱི་པར།

ད་ལྟ་བཙན་གནོན་ཐེབས་བཞིན་པའི་ཡེ་ན་དགོན་དང་དབོན་སྟོད་དགོན་གཉིས་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། རྟེན་དང་བརྟེན་པའི་ཤུལ་བཞག་རིག་དངོས་རྩ་ཆེན་བཞུགས་ཡོད་འདུག དབོན་སྟོད་དགོན་ལྟ་བུར་མཚོན་ན། ཕྱི་ལོ་ ༢༠༡༨ ཟླ་ ༧ པའི་ནང་ནང་བསྟན་ཆོས་ལུགས་ཀྱི་ལྷ་སྐུའི་ལྡེབས་རིས་མང་པོ་ཞིག་གསར་རྙེད་བྱུང་ཡོད་པའི་ཁྲོད། དུས་རབས་བཅུ་བཞི་དང་བཅོ་ལྔ་ནང་བཞེངས་བའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་། མགོན་པོ་འོད་དཔག་མེད།  རྒྱལ་བ་རིགས་ལྔ་དང་རྡོ་རྗེ་འཆང་།  སྒྲོལ་ལྗང་། གནས་བརྟན་བཅུ་དྲུག  ཀུན་རིག་རྩ་ལྷ་སོགས་ཡོད་པ་དང་། ལྡེབས་རིས་དེ་དག་ནི་ད་ལྟའི་བར་རྙེད་སོན་བྱུང་བའི་ལྡེབས་རིས་དག་ལས་སྒྱུ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་པས་བོད་ཀྱི་རི་མོའི་སྒྱུ་རྩལ་ལ་ཞིབ་འཇུག་གི་རྒྱུ་ཆ་གལ་ཆེན་ཆགས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༡༢ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese