མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་ཝན་དུ་ཇོ་ནང་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་དང་པོ་འཚོགས། 

བོད་ཀྱི་དུས་བབ།
༢༠༢༤/༠༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཝན་དུ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་དབུ་བཞུགས་ཐོག་བོད་བརྒྱུད་ནང་བསྟན་དང་རྒྱ་བརྒྱུད་ནང་བསྟན་མཉམ་འབྲེལ་ཐོག་ཇོ་ནང་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་དང་པོ་འཚོགས་གནང་ཡོད་འདུག

ཐའེ་ཝན་དུ་ཇོ་ནང་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་དང་པོ་འཚོགས་སྐབས་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་དང་རྒྱ་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་གཙོ་བོ། ༢༠༢༤།༠༢།༢༤ པར་འབྲེལ་ཡོད་ནས་མཁོ་གཏོང་གནང་།

ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ཏེ་བོད་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་ཐའེ་ཝན་གྱི་དཔལ་ཇོ་ནང་ཐེག་གསུམ་ཆོས་གླིང་དུ་ཐའེ་ཝན་ཇོ་ནང་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་དང་པོ་འཚོགས་ཡོད་པ་དང་། སྐབས་དེར་རྒྱ་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་དགེ་འདུན་པ། བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཁག་གི་དགེ་འདུན་པ་དང་བཙུན་མ། དེ་བཞིན་མི་སྐྱ་ཕོ་མོ་བཅས་འཛོམས་ཡོད་འདུག

སྨོན་ལམ་ཆེན་མོའི་ཐོག་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས། དེ་རིང་ང་ཚོས་ཐའེ་ཝན་ཇོ་ནང་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དབུ་འཛུགས་གནང་བ་རེད། སྤྱིར་བཏང་གི་ཆ་ནས་སྔོན་མ་ནས་ང་རང་གི་ཀུན་སློང་གཙོ་བོ་ནི་ཞི་བདེ་དང་མཐུན་སྒྲིལ་ཡིན། གཞི་རྩའི་ཆ་ནས་ཞི་བདེ་ཡོང་བར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། དེའི་ནང་གི་བྱམས་པ་དང་སྙིང་རྗེ་ཆགས་ཀྱི་ཡོད་པ་རེད། དེའི་ནང་ནས་ནང་པ་སངས་རྒྱས་པའི་བསྟན་པ་སྤྱི་དང་། བྱེ་བྲག་ཏུ་དེང་སང་གི་ཆོས་བརྒྱུད་ཆེན་པོ་གསུམ་སྟེ་རྒྱ་བརྒྱུད་དང་ལྷོ་བརྒྱུད། བོད་བརྒྱུད་བཅས་རེད། ཅེས་དང་། ཚང་མས་གཅིག་གྱུར་གྱི་ཐོག་ནས་སྤྱིར་སྐྱེ་འགྲོ་སེམས་ཅན་དང་། ལྷག་པར་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་སྟེ་འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་དང་། ཆོས་ལུགས་མཐུན་འབྲེལ་ལ་སོགས་པ་དགོངས་དོན་ནང་བཞིན་འགྲུབ་ཐུབ་ཐབས་ཞུ་དགོས་པ་དེ་གལ་ཆེན་ཡིན་སྐོར་སོགས་བཀའ་སློབ་གནང་འདུག

ཐའེ་ཝན་དུ་ཇོ་ནང་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་དང་པོ་འཚོགས། ༢༠༢༤།༠༢།༢༤ པར་འབྲེལ་ཡོད་ནས་མཁོ་གཏོང་གནང་།

ཡང་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས། སྤྱིར་ཇོ་ནང་གི་སྨོན་ལམ་ནི་གནའ་སྔ་མོ་ལོ་ངོ་ ༦༠༠ དང་ ༧༠༠ གོང་ནས་ཀུན་མཁྱེན་དོལ་པོ་སངས་རྒྱས་མཆོག་གི་སྐབས་ནས་བྱུང་བ་ཞིག་རེད། འོན་ཀྱང་། སྐབས་དེར་སྨོན་ལམ་ནི་དེང་རབས་ཀྱི་སྨོན་ལམ་ལྟར་གྲ་རྒྱས་པོ་སོགས་དམིགས་བསལ་མེད་པ་རེད། རིམ་གྱིས་དགོན་སྡེ་ཁག་གི་ནང་རྒྱུན་དུ་ནས་སྨོན་ལམ་འཚོག་གི་ཡོད་པ་རེད། དེང་སང་གི་དུས་སུ་བོད་ནང་དུ་དགོན་པ་ཁག་ཅིག་མཉམ་འབྲེལ་གྱིས་སྨོན་ལམ་འཚོག་བཞིན་པ་རེད། རྒྱ་གར་འཕགས་པའི་ཡུལ་དུ་ནུབ་ཕྱོགས་རྡོ་རྗེ་གདན་ནས་ཇོ་ནང་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར་འཚོག་བཞིན་པ་རེད། ཅེས་དང་། ཐའེ་ཝན་དུ་ཆོས་བརྒྱུད་རིས་སུ་མ་ཆད་པའི་ཆོས་བརྒྱུད་རྣམས་ཀྱིས་སྨོན་ལམ་རྒྱས་པོ་དང་ཕུན་སུམ་ཚོགས་པ་འཚོགས་དང་འཚོག་མུས་ཡིན་པ་མ་ཟད། ཇོ་ནང་གི་ངོས་ནས་ཀྱང་སྨོན་ལམ་འཚོག་ཐུབ་ན་བསམ་པའི་ཀུན་སློང་དེ་སྔ་ནས་ཡོད་པ་ལྟར། ད་ལོ་ཐའེ་ཝན་དུ་བོད་བརྒྱུད་ནང་བསྟན་དང་རྒྱ་བརྒྱུད་ནང་བསྟན་མཉམ་འབྲེལ་གྱི་ཐོག་ནས་ནང་པ་སངས་རྒྱས་པའི་དགེ་འདུན་དང་། བཙུན་མ། དགེ་བའི་བཤེས་གཉེན་སོགས་མཉམ་འཛོམས་ཀྱིས། སྤྱིར་འཛམ་གླིང་ཞི་བདེ་དང་། ལྷག་པར་ཐའེ་ཝན་ལ་སོགས་པའི་སྐྱེ་འགྲོ་སེམས་ཅན་ཡོད་དོ་ཅོག་ལ་ཞི་བདེ་ཡོང་སླད་དང་། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པའི་ཆེད་དུ་ཇོ་ནང་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་འདི་འཚོགས་ཐུབ་པ་བྱུང་བ་སོགས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

སྐར་མ ༢༦ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

ཆུ་ཚོད་ ༤ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese