མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མ་འོངས་པར་བོད་ནང་དུ་གཏེར་ཁ་བསྔོག་འདོན་ཤུགས་ཆེན་བྱ་འཆར་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་ཙི་ཅིན་གཏེར་ལས་ཚོང་གཉེར་ཁང་གིས་བོད་ཀྱི་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཡུལ་ཚོར་ཡོད་པའི་ཅུས་ལོང་ཟངས་གཏེར་བསྔོག་འདོན་ཁང་དེ་འཛམ་གླིང་གི་ཟངས་གཏེར་འདོན་ཁང་ཆེ་ཤོས་སུ་བསྒྱུར་རྒྱུ་ཡིན་ལུགས་བསྒྲགས་འདུག

བོད་ཀྱི་མལ་གྲོ་གུང་དཀར་རྒྱ་མ་ཡུལ་ཚོར་ཡོད་པའི་ཅུས་ལོང་ཟངས་གཏེར་བསྔོག་འདོན་ཁང་། དྲ་ལམ་གྱི་པར།

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་རྒྱ་ནག་གི་ཙི་ཅིན་གཏེར་ལས་ཚོང་གཉེར་ཁང་གིས་གསལ་བསྒྲགས་བྱས་པ་ལྟར་ན། བོད་ཀྱི་མལ་གྲོ་གུང་དཀར་རྫོང་དུ་ཡོད་པའི་ཅུས་ལོང་ཟངས་གཏེར་བསྔོག་འདོན་ཁང་དང་མཉམ་ལས་བྱས་ཏེ། བོད་ནང་གི་ཟངས་ཀྱི་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་རྒྱ་བསྐྱེད་ཤུགས་ཆེན་གཏོང་པར་རྒྱ་ནག་གཞུང་ནས་ཆོག་མཆན་སྤྲད་ཡོད་པ་མ་ཟད། མ་འོངས་པར་འཛམ་གླིང་ཐོག་གི་ཟངས་ཀྱི་གཏེར་ཁ་བསྔོག་འདོན་ཁང་ཆེ་ཤོས་སུ་བསྒྱུར་རྒྱུ་ཡིན་འདུག

དེ་འབྲེལ་གསལ་བསྒྲགས་ནང་དུ། ཅུས་ལོང་ཟངས་གཏེར་བསྔོག་འདོན་ཁང་གིས་ལོ་རེར་ཟངས་ཏོན་ ༡༥༠།༠༠༠ བསྔོག་བཏོན་བྱེད་བཞིན་ཡོད་པའི་ཐོག ལས་གཞི་གསར་པའི་ཆེད་ལོ་རེར་ཟངས་ཏོན་ ༢༠༠།༠༠༠ གདོན་ཚེ། ཁྱོན་ལོ་རེར་ཟངས་ཏོན་ ༣༥༠།༠༠༠ ཆགས་རྒྱུ་ཡིན་འདུག  ཕྱི་ལོ་ ༢༠༢༥ ལོའི་ལོ་མཇུག་བར་དུ་རིམ་པ་གཉིས་པའི་ལས་གཞིའི་འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས། ལོ་རེའི་ནང་ཟངས་ཏོན་ས་ཡ་ ༡༠༠ གདོན་འཆར་ཡོད་སྟབས། ཅུས་ལོང་ཟངས་གཏེར་བསྔོག་འདོན་ཁང་དེ་རྒྱ་ནག་ནང་གི་ཟངས་གཏེར་བསྔོག་འདོན་ཁང་ཆེ་ཤོས་སུ་འགྱུར་རྒྱུ་ཡིན་འདུག མ་འོངས་པར་ཙི་ཅིན་གཏེར་ལས་ཚོང་གཉེར་ཁང་གིས་རིམ་པ་གསུམ་པའི་ལས་གཞི་འཛུགས་སྐྲུན་བྱ་འཆར་ཡོད་པ་མ་ཟད། ལས་གཞི་དེའི་ནང་དུ་ལོ་རེར་ཟངས་ཏོན་ས་ཡ་ ༢༠༠ གདོན་འཆར་ཡོད་སྟབས། དེ་ནི་འཛམ་གླིང་ཐོག་ཟངས་ཀྱི་ཚོང་གཉེར་ཁང་ཆེ་ཤོས་སུ་འགྱུར་རྒྱུ་ཡིན་འདུག རྒྱ་ནག་གཞུང་གིས་མལ་གྲོ་གུང་དཀར་རྒྱ་མ་ཡུལ་ཚོའི་ཅུས་ལོང་ཟངས་གཏེར་བསྔོག་འདོན་ཁང་གིས་མ་འོངས་ལོ་ ༣༦ རིང་གཏེར་ཁུངས་དེ་བེད་སྤྱོད་གཏོང་ཆོག་པའི་ཆོག་མཆན་ཡང་སྤྲད་ཡོད་འདུག

ཅུས་ལོང་ཟངས་གཏེར་བསྔོག་འདོན་ཁང་ནི་བོད་ཀྱི་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཡུལ་ཚོའི་ནང་ཡོད་ཅིང་། ཕྱི་ལོ་ ༡༩༨༠ ནང་ནས་རྒྱ་གཞུང་གིས་ས་གནས་དེར་བརྟག་དཔྱད་བྱས་ཏེ་གཏེར་ཁ་བསྔོག་འདོན་བྱ་མགོ་བཙུགས་ཡོད་པ་མ་ཟད།  ཕྱི་ལོ ༢༠༠༧ ནས་བཟུང་གཏེར་ཁ་བསྔོག་འདོན་ལས་གཞི་རྒྱ་བསྐྱེད་བཏང་རྐྱེན། ས་གནས་ཀྱི་ཁོར་ཡུག་ལ་འབག་བཙོག་ཐེབས་ནས་མི་ཕྱུགས་གཉིས་ཀར་དཀའ་ངལ་འཕྲད་དེ། ས་གནས་མི་མང་གིས་རྒྱ་གཞུང་ལ་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས་ཀྱང་། བཟང་ཕྱོགས་ཀྱི་ཡ་ལན་གང་ཡང་མ་བྱུང་བར་མི་མང་ལ་གཅར་རྡུང་བཏང་སྟེ་དམ་དྲག་ཤུགས་ཆེན་བྱས་ཡོད་པ་རེད། འདས་ལོའི་ཕྱི་ཟླ་ ༥ ཚེས་ ༡༤ ཉིན་ཅུས་ལོང་ཟངས་གཏེར་བསྔོག་འདོན་ཁང་གི་ལས་བཟོ་བ་མི་གྲངས་དྲུག་གཏེར་ཁུང་ནང་ནས་བོར་བརླག་ཕྱིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། དེ་བཞིན་ཕྱི་ལོ་༢༠༡༣ ཟླ་༣ ཚེས་༢༩ ཉིན་ཡང་ཅུས་ལོང་གཏེར་ཁུང་དུ་ལས་བཟོ་བ་མི་གྲངས་ ༨༣ རྐྱེན་འདས་སུ་ཕྱིན་ཡོད་པ་དང་། དེའི་ཁྲོད་དུ་བོད་མི་ ༢ ཀྱང་ཡོད་པ་རེད།

Julong Copper produced 115,000 tonnes of the metal, used in power and construction, in 2022 and planned to produce 152,000 tonnes in 2023.

ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་དེ་འབྲེལ་གྱི་གནས་ཚུལ་ཞིག་སྤེལ་བའི་ནང་། རྒྱ་མའི་གཏེར་ཁ་བསྔོག་འདོན་ལས་གཞི་དེ་མིག་དཔེ་ལྡན་པ་ཞིག་བཟོ་རྒྱུ་ལྟ་ཞོག གཏེར་ཁ་སྔོག་འདོན་བྱས་པའི་ཉེར་ལེན་ལ་བརྟེན་ནས། ཁོར་ཡུག་དང་སྤྱི་ཚོགས་སོགས་ལ་གནོད་འཚེ་ཧ་ཅང་ཕོག་པའི་བོད་ཀྱི་ས་ཁུལ་ཁག་ ༢༠༠ ལྷག་ཡོད་པའི་ནང་ནས་གཅིག་རྒྱ་མ་གཏེར་ཁ་སྔོག་འདོན་གྱི་ས་ཁུལ་དེ་ཆགས་ཡོད། དེར་བརྟེན་བོད་མིའི་སྒྲིག་འཛུགས་ཁོར་ཡུག་ཚན་པས་རྒྱ་ནག་གཞུང་གིས་ཐེངས་འདིར་རྒྱ་མའི་ནང་གཏེར་ཁ་སྔོག་འདོན་བྱེད་མཁན་རྒྱ་མི་སྒེར་གྱི་བཟོ་གྲྭ་ཧྭ་ཐེ་ལོང་གཏེར་ལས་ཡར་རྒྱས་ཚོང་གཉེར་ཁང་ (Hua tai long Mining Development Co. Ltd) གི་ལས་གཞིའི་འོག་གོད་ཆག་བྱུང་བའི་དངོས་ཡོད་གནས་ཚུལ་གང་ཡིན་དང། གོད་ཆག་བྱུང་དགོས་པའི་རྒྱུ་རྐྱེན་གཙོ་བོ་གང་ཡིན་རྣམས་སྦས་གསང་མེད་པའི་ཐོག་ནས་གསལ་བཤད་གནང་རྒྱུ་མ་ཟད། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་སྲིད་ཇུས་ཇི་འདྲ་ཞིག་ལག་བསྟར་བྱེད་སྐབས། ས་གནས་བོད་རིགས་རྣམས་ལ་སྤྱི་ཚོགས་དང་ཁོར་ཡུག་སོགས་ཀྱི་གནད་དོན་ཐོག་ཐག་གཅོད་བྱ་རྒྱུའི་ཐོབ་ཐང་སྤྲོད་དགོས་པ་དང། རྒྱ་རིགས་གནས་སྤོར་མཚམས་འཇོག་དང་ཁོར་ཡུག་གཏོར་བཤིག་འཕྲལ་མར་མཚམས་འཇོག་བྱེད་དགོས་པ་སོགས་ཀྱི་རེ་འདུན་བཏོན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese