མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲི་ཆེན་གུང་ཐང་འཇམ་པའི་དབྱངས་སྐུ་ཕྲེང་དྲུག་པ་མཆོག་གི་མཛད་རྣམ་ཞིག་དབུ་འབྱེད་གནང་།

བོད་ཀྱི་དུས་བབ།
༢༠༢༤/༠༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

འབུམ་རམས་པ་ལྡོང་ཕྱིང་གུར་བ་རྒྱལ་ལོ་ལགས་ཀྱིས་བརྩམས་གནང་བའི་ཁྲི་ཆེན་གུང་ཐང་འཇམ་པའི་དབྱངས་སྐུ་ཕྲེང་དྲུག་པ་རྗེ་བཙུན་འཇིགས་མེད་བསྟན་པའི་དབང་ཕྱུག་དཔལ་བཟང་པོའི་མཛད་རྣམ་༼སྲིད་པ་མགུ་བའི་མཆོད་ཕྲེང་།༽ ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་འདུག

སྦེལ་ལྗམ་དུ་ཁྲི་གུང་ཐང་སྐུ་ཕྲེང་དྲུག་པ་མཆོག་གི་མཛད་རྣམ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༤།༠༢།༢༥ པར་ས་དཀར་བཀྲ་ཤིས་ཀྱིས་བཏང་།

ཁ་སང་ཕྱི་ཟླ་༢ པའི་ཚེས་༢༥ ཉིན། སྤེལ་ལྗམ་དུ་ཡོད་པའི་བླ་བྲང་ཤིང་སློང་གོ་སྒྲིག་ཚོགས་ཆུང་གིས་གོ་སྒྲིག་འོག་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཟུར་བ་དང་། ཁ་ན་ཌའི་ཌོ་རོན་ཌོ་སློབ་ཆེན་གྱི་སྤྱི་ཚོགས་རིག་པའི་འབུམ་རམས་པ་ལྡོང་ཕྱིང་གུར་བ་རྒྱལ་ལོ་ལགས་ཀྱིས་བརྩམས་གནང་བའི་ཁྲི་ཆེན་གུང་ཐང་འཇམ་པའི་དབྱངས་སྐུ་ཕྲེང་དྲུག་པ་རྗེ་བཙུན་འཇིགས་མེད་བསྟན་པའི་དབང་ཕྱུག་དཔལ་བཟང་པོའི་མཛད་རྣམ་ ༼སྲིད་པ་མགུ་བའི་མཆོད་ཕྲེང་།༽ ཞེས་བྱ་བའི་དཔེ་དེབ་དབུ་འབྱེད་མཛད་སྒོ་ཚོགས་གནང་འདུག་ལ། མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྐུ་ངོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གཙོས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག གཞན་ཡང་སྦེལ་ལྗམ་དང་སུད་སི། དབྱིན་ལན། ཐེ་ཝན་བཅས་ཀྱི་སྐུ་ཚབ་དོན་གཅོད་རྣམ་པ། ཡོ་རོབ་ཕྱོགས་བཞུགས་སྤྱི་འཐུས་རྣམ་རྣམ་གཉིས་གཙོས་སྤྱི་འཐུས་ཁག་ཅིག་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་སོགས་རྒྱ་གར་དང་ཨ་རི། ཡོ་རོབ། ཐེ་ཝན་བཅས་སུ་ཡོད་པའི་གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་རྒྱུན་ལས་བཅས་ཁྱོན་སྐུ་མགྲོན་བཅོ་ལྔ་ལྷག་ཕེབས་འདུག

སྦེལ་ལྗམ་དུ་ཁྲི་གུང་ཐང་སྐུ་ཕྲེང་དྲུག་པ་མཆོག་གི་མཛད་རྣམ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༤།༠༢།༢༥ པར་ས་དཀར་བཀྲ་ཤིས་ཀྱིས་བཏང་།

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྐུ་ངོ་སྲིད་སྐྱོང་སྤེན་པ་ཚེ རིང་མཆོག་གིས་དཔེ་དེབ་དངོས་སུ་དབུ་འབྱེད་གནང་རྗེས་སྤྱི་འཐུས་ཚོགས་གཙོ་མཆོག་དང་དཔལ་ལྡན་སྲིད་སྐྱོང་གཉིས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་བ་དང་། མཛད་རྣམ་རྩོམ་པ་པོ་ལྡོང་ཕྱིང་གུར་བ་རྒྱལ་ལོ་ལགས་ཀྱིས་ཁྲི་ཆེན་གུང་ཐང་སྐུ་ཕྲེང་དྲུག་པ་མཆོག་གི་མཛད་རྣམ་༼སྲིད་པ་མགུ་བའི་མཆོད་ཕྲེང་།༽ ཞེས་བ་འདི་ཁོ་རང་བོད་ནང་བཞུགས་སྐབས་མགོ་བརྩམས་ཏེ་མཇུག་བཙན་བྱོལ་ནས་བསྡུས་བ་དང་། ༧ གོང་ས་མཆོག་ལ་དཔེ་དེབ་ཀྱི་མ་ཡིག་སྤྱན་འབུལ་ཞུས་བར་ཐུགས་དགྱེས་ཚོར་ཆེན་པོས་གླེང་བརྗོད་བསྩལ་གནང་བ་བཅས་དཔེ་དེབ་རྩོམ་པའི་བརྒྱུད་རིམ་ངོ་སྤྲོད་དང་། ལྷག་པར་དུ་ཁྲི་ཆེན་གུང་ཐང་སྐུ་ཕྲེང་དྲུག་པ་མཆོག་གིས་གཉན་འཕྲང་ཆེ་བའི་དུས་སྐབས་སུ་བོད་མི་རིགས་ཀྱི་བསྟན་སྲིད་སླར་གསོ་ཆེད་དཀའ་ངལ་གྲངས་མེད་ལ་གདོང་ལེན་གནང་སྟེ་སྐུ་ལས་རྒྱ་ཆེ་བསྐྱོན་ཡོད་པ། ༧པཎ་ཆེན་སྐུ་ཕྲེང་བཅུ་བའི་ཕྱག་གཡས་བ་ལྟ་བུ་གནང་སྟེ་རིག་གནས་གསར་བརྗེ་ཆེན་མོའི་རྗེས་བོད་ཀྱི་རིག་གཞུང་སླར་གསོ་ཆེད་སྐུ་ལས་ག་ཚད་བསྐྱོན་ཡོད་པ། ལྷག་པར་དུ་༧ པཎ་ཆེན་སྐུ་ཕྲེང་བཅུ་བ་ཞིང་གཞན་དུ་གཤེགས་རྗེས་བོད་བསྟན་སྲིད་ཀྱི་ལས་འགན་ཁོང་གི་ཕྲག་ཏུ་ལྷུང་རྗེས་སྐུ་ལས་ག་ཚད་བསྐྱོན་ཡོད་པ། ༧པཎ་ཆེན་རིན་པོ་ཆེ་ཡི་ཡང་སྲིད་ཐུགས་ཐག་གཅོད་སྐབས་སྐུ་ངལ་ག་ཚད་མྱངས་ཡོད་པ་བཅས་མཛད་རྣམ་ངོ་སྤྲོད་གནང་བ་དང་། བོད་མི་རིགས་ལ་བྱས་རྗེས་ཆེ་བའི་བླ་མ་འདི་ཉིད་ཀྱི་མཛད་རྗེས་གཞིས་བྱེས་གཉིས་ཀྱི་གཞོན་སྐྱེས་ཚོར་ངོ་སྤྲོད་གནང་བ་བརྒྱུད་བོད་གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་ཐག་ཉེ་རུ་འགྲོ་བར་ཕན་ཐོགས་ཡོད་པར་དགོངས་ཏེ་མཛད་རྣམ་འདི་བརྩམས་པའི་དམིགས་ཡུལ་སྐོར་ངོ་སྤྲོད་གནང་།

མཐར་སྤེལ་ལྗམ་བླ་བྲང་ཤིང་སློང་གོ་སྒྲིག་ཚོགས་ཆུང་ངོས་ནས་སྤེལ་ལྗམ་གནས་སྡོད་བྱང་ཉི་མ་བླ་བྲང་ལྷ་སྡེ་མི་སྡེ་ཡོངས་ཀྱི་ཚབ་བྱས་ཏེ་དཔལ་ལྡན་སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་གཙོས་སྐུ་མགྲོན་རྣམ་པར་ཐུགས་རྗེ་ཆེ་ཞུས་བ་དང་སྦྲགས་ཐུགས་རྗེ་ལེགས་འབུལ་དང་མཛད་རྣམ་དེབ་རེ་ཚོགས་བཅར་བ་ཡོངས་ལ་ཕུལ་ཡོད་འདུག

སྤེལ་ལྗམ་ནས་ས་དཀར་བཀྲ་ཤིས་ཀྱིས་གནས་ཚུལ་མཁོ་གཏོང་གནང་།

འབྲེལ་ཡོད་གསར་འགྱུར།

Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

སྐར་མ ༤༩ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

ཆུ་ཚོད་ ༤ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese