མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་མགོ་ཁྲིད་ཅིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༣/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མི་མང་འཐུས་ཚོགས་ཀྱི་མགོ་ཁྲིད་གཞོན་པ་ལི་ཅེ་ཞང་ཟེར་བ་ཞིག་གིས་རྒྱ་སྒོར་བྱེ་བ་ ༨ ལྷག་གི་ལྐོག་རྔན་བླངས་ཡོད་པའི་ནག་ཉེས་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་འདུག

མཚོ་སྔོན་ཞིང་ཆེན་མི་མང་འཐུས་ཚོགས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཡིག་དང་།  མགོ་ཁྲིད་གཞོན་པ་ལི་ཅེ་ཞང་།

 ཞི་ཅིན་ཕིན་གཞུང་གིས་སྟག་དང་སྦྲང་མ་ལེབ་རྡུང་གི་སྲིད་ཇུས་ཟེར་བའི་མིང་འོག་ནས་རྒྱ་ནག་དང་། རྒྱའི་བཙན་བཟུང་འོག་ཡོད་པའི་བོད་དང་ལྷོ་སོག  ཡུ་གུར་སོགས་ཀྱི་དཔོན་རིགས་མང་པོ་ཞིག་ལ་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་བླངས་བ། དམར་ཤོག་གཞུང་ལ་བློ་སེམས་མི་དཀར་བ་སོགས་ཀྱི་ནག་ཉེས་འོག་ཁྲིམས་ཆད་ཕོག་གི་ཡོད་པ་ལྟར། ཉེ་ཆར་རྒྱ་ནག་ཐེན་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གཉིས་པ་ཟེར་བས། མཚོ་སྔོན་ཞིང་ཆེན་མི་མང་འཐུས་ཚོགས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཡིག་དང་།  མགོ་ཁྲིད་གཞོན་པ་ལི་ཅེ་ཞང་ཟེར་བས་ལྐོག་རྔན་རྒྱ་སྒོར་བྱེ་བ་ ༨ དང་ས་ཡ་༨ ལྷག་བླངས་བའི་ནག་ཉེས་བཙུགས་ཏེ་ཚེ་བཙོན་གྱི་ཁྲིམས་ཆད་དང་། མི་སྒེར་གྱི་རྒྱུ་ནོར་གཞུང་བཞེས་བཏང་ཡོད་འདུག

 དེའི་ཐད་རྒྱ་ནག་ཐེན་ཅིན་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གཉིས་པས།  ལི་ཅེ་ཞང་གིས་ཕྱི་ལོ་ ༢༠༠༤ ནས་ཕྱི་ལོ་ ༢༠༢༡ ལོའི་བར་དུ་ནང་སོག་རང་སྐྱོང་ལྗོངས་ཟེར་བའི་ཐུའུ་མོ་ཐེ་གཡས་ཆི་དམར་ཤོག་ཚོགས་པའི་དྲུང་ཡིག་དང་།  པའོ་ཐོའུ་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ།  ཐུང་ལེའོ་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ།  ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་དམར་ཤོག་ཚོགས་པའི་དྲུང་ཡིག་གཞོན་པ་དང་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ། ནང་སོག་ཧོ་ལིན་ཀེར་ཁུལ་གསར་དམར་ཤོག་ཚོགས་པའི་དྲུང་ཡིག ནང་སོག་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་རྒྱུན་ལས།  ཐུང་ལེའོ་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཡིག་སོགས་ཀྱི་ལས་གནས་གཉེར་སྐབས། མི་སྒེར་གྱི་ཁེ་ལས། ལས་གྲྭ་འགན་ལེན། གོ་གནས་སྤར་བ། ནོར་སྲིད་ཁ་གསབ་ལེན་པ་ཟེར་བ་སོགས་བྱས་ཡོད་སྐོར་དང་། ལྐོག་རྔན་ཁྱོན་རྒྱ་སྒོར་ཁྲི་ ༨༨༢༣ བླངས་ཡོད་ལུགས་ཀྱི་ནག་ཉེས་བཙུགས་འདུག

 ལི་ཅེ་ཞང་ནི་ཕྱི་ལོ་ ༡༩༦༤ ལོར་ལྷོ་སོག་ཏུ་སྐྱེས་ཡོད་ཅིང་།  ཕྱི་ལོ་ ༡༩༨༢ ནས་ ༡༩༨༥ བར་ལྷོ་སོག་པའོ་ཐོའུ་དགེ་འོས་རྒྱ་ཡིག་སྡེ་ཁག་ནས་སློབ་སྦྱོང་བྱས། ཕྱི་ལོ་ ༡༩༨༥ ལོར་ཟླ་ ༧ པར་རྒྱ་ནག་དམར་ཤོག་ཚོགས་པའི་ནང་དུ་ཞུགས་འདུག ཕྱི་ལོ་ ༡༩༨༦ ནས་བཟུང་ནང་སོག་རང་སྐྱོང་ལྗོངས་ཟེར་བའི་ནང་པའོ་ཐོའུ་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དང་། ཧོན་ལི་ཁྲིན་ལི་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ། ཧུའི་ཧི་ཀོ་ཐི་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཡིག་གཞོན་པ། ནང་སོག་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་རྒྱུན་ལས་སོགས་བྱས་འདུག ཕྱི་ལོ་ ༢༠༡༩ ནས་ ༢༠༢༢ བར་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་མགོ་ཁྲིད་གཞོན་པ་དང་། དམར་ཤོག་ཚོགས་པའི་དྲུང་ཡིག་གཞོན་པ། མཚོ་སྔོན་ཞིང་ཆེན་མི་མང་འཐུས་ཚོགས་ཀྱི་མགོ་ཁྲིད་གཞོན་པ་སོགས་བྱས་འདུག

གཞན་ཡང་། རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་དམར་ཤོག་ཚོགས་པའི་དྲུང་ཡིག་གཞོན་པ་དང་། གྲོང་ཁྱེར་གྱི་མགོ་འཛིན། རིམ་པ་གཉིས་པའི་སྐོར་ཞིབ་པ་འཇམ་དབྱངས་བློ་གསལ་གྱིས་ཁྲིམས་འགལ་ཚབས་ཆེན་བྱས་པ་དང་ལྐོག་རྔན་བླངས་བའི་དོགས་གཞི་འོག ཉེ་ཆར་རྔ་བ་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་འདྲི་ཞིབ་བྱས་པ་བརྒྱུད། མགོ་ཁྲིད་ཀྱི་གོ་གནས་བླངས་ཏེ་དམར་ཤོག་ཚོགས་པའི་ཚོགས་མི་ལས་ཕྱིར་ཕུད་བཏང་ཡོད་འདུག 

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese