མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་ལོར་ཡང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྡུག་ཤོས་ཀྱི་གྲས་སུ་ཚུད་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༣/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༤ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དེ་བརྒྱ་ཆ་བཞི་བཅུ་ནས་གོར་ཐིག་འོག་གི་གཉིས་ལ་ཟགས་ནས་འཛམ་གླིང་གི་རང་དབང་ཆེས་སྡུག་ཤོས་ཀྱི་ས་ཁུལ་དུ་གྱུར་ཡོད་པའི་སྙན་ཐོ་བཏོན་ཡོད་འདུག

ཕྱི་ལོ་ ༢༠༢༤ ལོའི་ཨ་རིིའི་རང་དབང་ཁང་པའི་སྙན་ཐོའི་རྒྱབ་ཤ།

ཉེ་ལམ་ཨ་རིར་རྟེན་གཞི་བྱས་པའི་རང་དབང་ཁང་  (Freedom house) པས། ཕྱི་ལོ་ ༢༠༢༤ ལོའི་འཛམ་གླིང་གི་རང་དབང་ (Freedom in the world 2024) ཞེས་པའི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་། འཛམ་གླིང་ཁྱོན་ཡོངས་ཀྱི་རྒྱལ་ཁབ་དང་རང་སྐྱོང་ས་ཁུལ་ ༡༡༠ ལྷག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཞིབ་འཇུག་བྱས་པའི་ཁྲོད། ཕྱི་ལོ་ ༢༠༢༤ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དེ་བརྒྱ་ཆ་བཞི་བཅུ་ནས་གོར་ཐིག་འོག་གི་གཉིས་ལ་ཟགས་ནས། འཛམ་གླིང་གི་རང་དབང་ཆེས་སྡུག་ཤོས་ཀྱི་ས་ཁུལ་དུ་གྱུར་ཡོད་པའི་སྙན་ཐོ་བཏོན་ཡོད་འདུག 

ཨ་རིའི་རང་དབང་ཁང་པའི་སྙན་ཐོའི་ནང་། ཕྱི་ལོ་ ༢༠༢༤ ལོར་ནཱ་ཇི་རི་ཡ་( Nigeria) དང་། ཊོ་ནི་ཤི་ཡ་ (Tunisia) ། པི་རུ་ (Peru) སུ་ཌན་ (Sudan) སོགས་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཇེ་ཞན་དུ་གྱུར་ཡོད་ཅིང་།  བོད་ནང་གི་རང་དབང་གི་གནས་བབ་དེ་ཛ་དྲག་ཅན་དུ་འགྱུར་མུས་ཡིན་པ་མ་ཟད། རྒྱ་ནག་གཞུང་གིས་བོད་དང་། ཧོང་ཀོང་། རྒྱ་ནག་གིས་བཙན་འཛུལ་བྱས་པའི་གྲངས་ཉུང་མི་རིགས་སོགས་སུ་ཚད་ལས་འདས་པའི་དྲག་གནོན་བྱེད་མུས་ཡིན་པའི་མུར། བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ཆོས་རིག་སོགས་རྩ་མེད་གཏོང་སླད། བོད་ཕྲུག་སྟོང་ཕྲག་མང་པོ་རྒྱ་ནག་གཞུང་གིས་གཉེར་བའི་བཅའ་སྡོད་སློབ་གྲྭ་ཁག་ཏུ་མངགས་ནས། བོད་ཕྲུག་ཚོ་བོད་ཀྱི་རིག་གཞུང་དང་ཕ་མ་སོགས་ནས་རྒྱང་དུ་བཀྱེད་དུ་བཅུག་གི་ཡོད་སྐོར་སོག་གསལ་འདུག

དེའི་ཐད་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། རྒྱ་གཞུང་གིས་འདས་པའི་མི་ལོ་ ༦༥ རིང་བོད་ནང་དུ་དྲག་གོན་གྱི་བྱ་སྤྱོད་མང་དག་ཅིག་སྤེལ་བ་ལ་བརྟེན་ནས། དེང་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཛ་དྲག་ཅན་དུ་འགྱུར་མུས་ཡིན་པའི་ཁར། འདི་ལོའི་ཨ་རིའི་རང་དབང་ཁང་པའི་སྙན་ཐོའི་ནང་དུའང་།  རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་དག་ལམ་ལྷོང་མ་བྱུང་བར་གསལ་སྟོན་བྱས་ཡོད་སྐོར་སོགས་འགྲེལ་བརྗོད་གནང་འདུག   

འདི་ལོར་ཨ་རིའི་རང་དབང་ཁང་པས་འཛམ་གླིང་ཁྱོན་ཡོངས་ཀྱི་རྒྱལ་ཁབ་དང་རང་སྐྱོང་ས་ཚིགས་ ༢༡༠ ཡི་སྤྱི་དམངས་རང་དབང་དང་། ཆབ་སྲིད་ཁེ་དབང་གི་གནས་སྟངས་ཐད་ཉམས་ཞིབ་བྱས་པའི་ཁྲོད། རང་དབང་ཚད་ལྡན་པའི་རྒྱལ་ཁབ་གྲངས་ ༨༣ དང་རང་སྐྱོང་ས་ཚིགས་ ༡། ལ་རང་དབང་ཚད་ལྡན་དང་། རྒྱལ་ཁབ་གྲངས་ ༥༦ དང་རང་སྐྱོང་ས་ཚིགས་ ༣ ལ་རང་དབང་ཕྱེད་ཙམ། དེ་བཞིན་རྒྱལ་ཁབ་ ༥༦ དང་རང་སྐྱོང་ས་ཚོགས་ ༡༡ ལ་རང་དབང་གཏན་ནས་མེད་པ་རེད་འདུག  ཨ་ཧྥི་རི་ཁ་ནི་གླིང་ཆེན་རིམ་པའི་ནང་ནས་རང་དབང་ཆེས་སྡུག་ཤོས་ཀྱི་གླིང་ཕྲན་དེ་ཡིན་པའི་ངོས་འཛིན་བྱས་ཡོད་ཅིང་། ཨ་ཧྥི་རི་ཁ་གླིང་ཆེན་ནང་རྒྱལ་ཁབ་གྲངས་ ༥༤ ལ་མི་གྲངས་ཐེར་འབུམ་ ༡།༤ ཡོད་པའི་ཁྲོད། མི་གྲངས་ཀྱི་བརྒྱ་ཆ་ ༡༧ ལ་རང་དབང་ཚད་ལྡན་ཡོད་པ་དང་། བརྒྱ་ཆ་ ༣༧ ལ་རང་དབང་ཕྱེད་ཙམ་ཡོད་པ། མི་གྲངས་བརྒྱ་ཆ་ ༤༦ ལ་རང་དབང་གཏན་ནས་མེད་པ་རེད་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༨ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༡༡ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese