མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སྡེ་དགེ་རྫོང་ཁོངས་སུ་སྲིད་གཞུང་གི་ལས་ཀར་བཀག་འགོག་བྱས་པའི་ཉེས་མིང་འོག་ཁྲིམས་ཆད་འདི་ལག་བསྟར་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp

བོད་སྡེ་དགེ་རྫོང་ཁོངས་སུ་སྲིད་གཞུང་གི་ལས་དོན་ལ་བཀག་འགོག་བྱས་པ་དང་སྤྱི་ཚོགས་ལ་དཀྲུག་རྐྱེན་བསླངས་བའི་ཉེས་མིང་འོག་ལོ་ ༥ ནས་ ༡༠ བར་བཙོན་འཇུག་དང་བཙན་ཉར་ལས་བསྐུལ་ཟེར་བ་སོགས་ཀྱི་ཁྲིམས་ཆད་ལག་བསྟར་བྱེད་ཀྱི་ཡོད་འདུག

རྒྱ་ནག་གཞུང་གིས་སྡེ་དགེ་རྫོང་ཁོངས་སུ་སྤེལ་བའིི་དོན་ཚན་དགུ་ཅན་གྱི་བརྡ་ཁྱབ། འབྲེལ་ཡོད་ཀྱིས་ཡིག་ཆ་འདི་བོད་ཀྱི་དུས་བབ་ལ་མཁོ་སྤྲོད་གནང་།

བོད་སྡེ་དགེ་རྫོང་དབོན་པོ་སྟོད་ནས་རྒྱ་ནག་གཞུང་གི་བཙན་བཀའ་ཟློག་ཐབས་སུ་ཞི་བའི་རེ་སྐུལ་གནང་མཁན་སེར་སྐྱ་མང་པོ་འཛིན་བཟུང་བཙན་འཁྲིད་བྱས་ཏེ། གོང་རིམ་གྱི་བཀའ་རྒྱ་དང་ལེན་མ་བྱས་པ་དང་སྤྱི་ཚོགས་ནང་དཀྲུག་རྐྱེན་བསླངས་བ་ཟེར་བ་སོགས་ཀྱི་ཉེས་མིང་གཡོག་གིན་ཡོད་འདུག་ལ། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༧ ཉིན་བོད་སྡེ་དགེ་རྫོང་མི་དམངས་ཁྲིམས་ཁང་དང་།  སྡེ་དགེ་རྫོང་མི་དམངས་ཞིབ་དཔྱོད་ཁང་། སྡེ་དགེ་རྫོང་ཉེན་རྟོག་ཁང་། སྡེ་དགེ་རྫོང་ཁྲིམས་འཛིན་ཁང་ཟེར་བ་བཅས་མཉམ་འབྲེལ་ཐོག བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས་དང་། འདུ་ཚོགས་ཁྲོམ་སྐོར་རྔམ་སྟོན་བཅའ་ཁྲིམས། ཡིག་སྐུར་ངོ་གཏུག་གི་སྲོལ་ཡིག་ཟེར་བ་སོགས་གཞིར་རྩར་བཟུང་སྟེ། མི་མང་མཉམ་རུབ་ཀྱིས་སྤྱི་ཚོགས་སྒྲིག་ལམ་དཀྲུགས་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ཟེར་བ་ཞིག་ལ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་སྐོར་གྱི་བརྡ་ཁྱབ་དོན་ཚན་དགུ་ཅན་གྱི་ཡིག་ཆ་ཞིག་བཀྲམ་སྟེ། མི་མང་མཉམ་རུབ་ཀྱིས་སྲིད་གཞུང་གི་ལས་དོན་ལ་འགོག་རྐྱེན་བཟོ་བ་དང་སྤྱི་ཚོགས་ལ་དཀྲུག་རྐྱེན་བསླངས་ན། ལས་འགུལ་སྣེ་འཁྲིད་མཁན་ལ་ལོ་ ༥ ནས་ ༡༠ བར་དང་། མཉམ་ཞུགས་བྱེད་མཁན་ལ་ལོ་ ༥ བཙོན་འཇུག་ཁྲིམས་ཐག་གཅད་རྒྱུ་དང་། བཙན་ཉར་ལས་བསྐུལ་དང་རྩིས་སྤྲོད་དོ་དམ། ཆབ་སྲིད་ཀྱི་ཁེ་དབང་འཕྲོག་རྒྱུ་ཡིན་པ་སོགས་གཏན་འབེབ་བྱས་ཏེ། ལོ་དེའི་ཕྱི་ཟླ་ ༣ ཚེས་ ༧ ཉིན་ནས་དངོས་སུ་ལག་བསྟར་བྱས་པའི་བཀའ་ཁྱབ་བསྒྲགས་འདུག  

ཁྲིམས་ཆད་བཀའ་ཁྱབ་དེའི་དོན་གནད་དང་པོའི་ནང་། སྲིད་གཞུང་གི་ལས་ཁུངས་རིམ་པ་ཁག་གི་གཞུང་དོན་སྒྲུབ་སའི་ནང་ལོགས་དང་མཐའ་སྐོར་དུ་ཁྲིམས་འགལ་གྱིས་འདུ་འཛོམས་བྱེད་པ་དང་། ཡང་ན། སྲིད་གཞུང་གི་ལས་ཁུངས་ཁག་གི་རྒྱལ་སྒོའི་མཐའ་བསྐོར་བ། རྒྱལ་ཁབ་ཀྱི་ལས་ཁུངས་རིམ་པ་ཁག་གི་གཞུང་ལས་སྒྲུབ་སར་རྡབ་རྡེག་བཏང་བ། གཞུང་སྒེར་གྱི་རྒྱུ་ནོར་རྡུང་གཅོག་དང་གཏོར་བརླག་བྱེད་པ། འཁོར་ལོའི་རིགས་ལམ་བར་དུ་འགོག་པ་དང་འཇབ་སྡོད་བྱེད་པ། རྒྱུ་ཆ་སྦྱར་བ་དང་འགྲེམ་སྤེལ་བྱེད་པ། འབོད་ཚིག་འབོད་པ། འཕྲེད་འགེལ་སྦྱར་ཡིག་འཐེན་པ། ཁྲིམས་དང་མི་མཐུན་པའི་ལྭ་བ་གྱོན་པ། གཏུག་བཤེར་ཞུ་ཡིག་འབྲི་ཤོག་སྟོན་པ། རང་བསྟོད་རང་སྨད་དང་། རང་ལུས་རང་སྐྱོན། རང་སྲོག་རང་གཅོད་སོགས་ཀྱི་བྱ་སྤྱོད་ལ་བཀག་སྡོམ་བསླབ་བྱ་དང་། སྐྱོན་བརྗོད། སློབ་གསོ་བྱས་ཀྱང་ཕན་འབྲས་མ་ཐོན་པར་བྱ་སྤྱོད་སྤེལ་མཁན་གྱི་གནས་ཚུལ་དང་། ནུས་པ་ཆེ་ཆུང་། དེ་བཞིན་གནོད་འཚེ་ཆེ་ཆུང་བཅས་ལ་གཞིགས་ནས་རྡུང་རྡེག་གཏོང་དགོས་སྐོར་དང་། མི་མང་མཉམ་རུབ་ཀྱིས་རིམ་པ་ཁག་ལ་རྡུང་རྡེག་གཏོང་དུ་ཡོང་བར་རྩ་འཛུགས་དང་ཇུས་འགོད་བྱེད་པ། ཡང་ན་ཧུར་ཐག་གིས་སྲིད་གཞུང་གི་བྱ་བ་བསྒྲུབ་ཐབས་མེད་པ་བཟོས་ཏེ་གྱོང་གུད་ཚབས་ཆེན་བྱུང་ན། ཉེས་ཅན་གཙོ་བོར་ལོ་ ༥ ནས་ ༡༠ བར་གྱི་བཙོན་འཇུག་དང་། མཉམ་ཞུགས་བྱེད་མཁན་ལ་ལོ་ ༥ མན་གྱི་བཙོན་འཇུག་དང་། བཙན་ཉར་ལས་བསྐུལ་དང་རྩིས་སྤྲོད་དོ་དམ་ཡང་ན། ཆབ་སྲིད་ཀྱི་ཁེ་དབང་འཕྲོག་རྒྱུ་ཡིན་པ་བཀོད་འདུག

ཁྲིམས་ཆད་དོན་གནད་གཉིས་པའི་ནང་། སྤྱི་པའི་འདུ་གནས་དང་མི་མང་འདུ་འཛོམས་བྱེད་སའི་འགྲོ་ལམ་སོགས་ལ་རྒྱུ་ཆ་སྦྱར་བ་དང་འགྲེམས་པ། འབོད་ཚིག་གཏོར་བ། འཕྲེད་འགེལ་གྱི་ཡི་གེ་འཐེན་པ། ཁྲིམས་འགལ་གྱི་གོས་གྱོན་པ། མྱ་ངན་རོལ་མོ་གཏོང་བ། གཏུགས་གཤེར་ཞུ་ཡིག་འབྲི་ཤོག་སྟོན་པ། ཡང་ན་ཆུ་ནང་མཆོངས་པ། ཐོག་ཁང་ནས་མཆོངས་པ། ཟམ་པ་ནས་མཆོངས་བ་སོགས་ཀྱི་བྱ་སྤྱོད་ཀྱིས་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོ་ཡི་ཡོད་པས། དེ་རིགས་ལ་བཀག་འགོག་དང་སྐྱོན་བརྗོད། སློབ་གསོ་བརྒྱབ་ཀྱང་མ་ཕན་པར་གནས་ཚུལ་བྱུང་ན་ཁྲིམས་ལྟར་རྡུང་རྡེག་གཏང་རྒྱུ་ཡིན་སྐོར་དང་། དེ་འབྲེལ་ཁྲིམས་ཆད་དོན་ཚན་དང་པོ་དང་གཉིས་པའི་ནང་གསལ་བ་ལྟར་ན། སྲིད་གཞུང་གི་བདེ་འཇགས་དོ་དམ་པས་ལས་འགན་སྒྲུབ་པར་མཁྲེགས་བཟུང་དང་། བཀག་འགོག་བྱས་ཏེ་ཉེས་གསོག་ཆུང་བའི་རིགས་བྱུང་ན། སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུགས་པའི་ཐ་ཚིག་བསྒྲག་རྒྱུའམ། ཡང་ན་སྒོར་ ༢༠༠ མན་གྱི་དངུལ་ཆད་གཅད་རྒྱུ། ཉེས་ཚབས་ཅུང་ཆེ་རིགས་ལ་ཉིན་ ༨ ནས་ ༡༠ བར་བཀག་ཉར་དང་སྒོར་ ༨༠༠ མན་གྱི་དངུལ་ཆད། ཉེས་ཅན་གཙོ་བོ་ཉིན་ ༡༠ ནས་ ༡༨ བར་བཀག་ཉར་དང་། སྒོར་ ༡༠༠༠ མན་གྱི་དངུལ་ཆད་གཅད་རྒྱུ།  ཉེས་ཚབས་ཆེན་པོ་བྱུང་ཚེ་ཉེས་ཅན་གཙོ་བོར་ལོ་༨ བར་གྱི་བཙོན་འཇུག་ཁྲིམས་ཆད་དང་། བཙན་ཉར་ལས་བསྐུལ། རྩིས་སྤྲོད་དོ་དམ། ཡང་ན་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་རྒྱུ་ཡིན་འདུག

 ཁྲིམས་ཆད་དོན་ཚན་གསུམ་པ། མི་མང་གིས་ལས་ཁུངས་རིམ་པ་སོ་སོའི་མཐའ་སྐོར་བ་དང་འགྲིམ་འགྲུལ་བགྲོད་ལམ་ལ་བཀག་འགོག ཡང་ན། འགྲིམ་འགྲུལ་སྒྲིག་ལམ་ལ་གཏོར་བཤིག་ཟེར་བའི་ཉེས་མིང་ཕོག་ཚེ། ནག་ཉེས་ཆུང་རིགས་ལ་ཐ་ཚིག་སྒྲོག་པའམ། ཡང་ན། སྒོར་ ༢༠༠ མན་གྱི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཅུང་ཆེ་རིགས་ལ་ཉིན་ ༨ ནས་ ༡༠ བཀག་ཉར་དང་། སྒོར་ ༥༠༠ མན་གྱི་དངུལ་ཆད། ཉེས་ཅན་གཙོ་བོར་ཉིན་ ༡༠ ནས་ ༡༨ བར་བཀག་ཉར་བྱ་རྒྱུ་དང་། སྒོར་ ༡༠༠༠ མན་གྱི་དངུལ་ཆད། ཉེས་ཚབས་ཆེ་རིགས་ལ་ལོ་ ༣ བར་བཙོན་འཇུག་ཁྲིམས་ཆད་དང་། བཙན་ཉར་ལས་བསྐུལ་དང་རྩིས་སྤྲོད་དོ་དམ། ཡང་ན་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་རྒྱུ་ཡིན་འདུག

 ཁྲིམས་ཆད་དོན་ཚན་བཞི་པ། ངན་སྐུལ་རྒྱག་པ་དང་། ཁྲིམས་དང་མི་མཐུན་པའི་འདུ་ཚོགས་ཇུས་འགོད་བྱེད་པ། རྔམ་སྟོན་བཅས་བྱེད་པར་བཀག་སྡོམ་བསླབ་བྱ་བརྒྱབ་ཀྱང་མ་ཉན་ན། ཉིན་ ༡༠ ནས་ ༡༥ མན་བཀག་ཉར་བྱེད་པ་དང་། འདུ་ཚོགས་དང་རྔམ་སྟོན་ཁྲོམ་སྐོར་གྱི་བྱེད་སྒོ་སྤེལ་བར་གཙོ་སྐྱོང་ལས་ཁུངས་ནས་ཆོག་མཆན་མ་ཐོབ་པའམ་ཐོབ་ཡོད་ཀྱང་ལས་ཁུངས་དེའི་དམིགས་ཡུལ་དང་འབོད་ཚིག དུས་ཚོད་སོགས་ལ་བརྒལ་སོང་བ་དང་། སྤྱིའི་བདེ་དོན་ལ་གནོད་འཚེ་གཏོང་བ་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་གཏོར་བཤིག་གཏོང་བའི་གནས་ཚུལ་བྱུང་བར་བཀག་འགོག་བསླབ་བྱ་དང་ཁ་འཐོར་དུ་གཏོང་བར་མ་ཉན་ན། བཙན་ཤེད་ཀྱིས་ཁ་བྲལ་བའམ། ཡང་ན། འཕྲལ་དུ་བཀག་སྐྱིལ་བྱས་ཏེ། འགན་འཁུར་མཁན་ལ་ཐ་ཚིག་སྒྲོག་པའམ། ཡང་ན། ཉིན་ ༡༨ མན་གྱི་བཀག་ཉར་བྱ་རྒྱུ་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་བཏང་བ་ཚབས་ཆེ་ན་ལོ་ ༥ མན་གྱི་བཙོན་འཇུག་བྱ་རྒྱུ། གྲི་སོགས་མཚོན་ཆ་དང་འབར་རྫས་རིགས་ཁྱེར་ནས་བྱེད་སྒོའི་ནང་མཉམ་ཞུགས་བྱེད་མཁན་ལ་བཙོན་འཇུག་ལོ་ ༢ མན་བཙོན་འཇུག་དང་། དེ་བཞིན་བཙན་ཉར་ལས་བསྐུལ་དང་རྩིས་སྤྲོད་དོ་དམ། ཡང་ན་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་གི་ཡོད་འདུག

 ཁྲིམས་ཆད་དོན་ཚད་ལྔ་པ། ལས་ཁུངས་རིམ་པ་ཁག་གི་ལས་བྱེད་པས་ལས་འགན་སྒྲུབ་པར་འགོག་རྐྱེན་བཟོ་བ་དང་། ཛ་དྲག་ཆེ་བའི་ལས་འགན་སྒྲུབ་མཁན་མེ་གསོད་རླངས་འཁོར་དང་། སྨན་བཅོས་སྲོག་སྐྱོབ་རླངས་འཁོར། ལས་གྲྭའི་ཉེན་ཁ་མྱུར་སེལ་རླངས་འཁོར། ཉེན་རྟོག་པའི་རླངས་འཁོར་སོགས་ལ་འགོག་རྐྱེན་ཆུང་ཆུང་བཟོས་ན། ཐ་ཚིག་སྒྲོག་པའམ། ཡང་ན་སྒོར་༢༠༠ མན་གྱི་དངུལ་ཆད་གཅད་རྒྱུ་དང་།  ཉེས་ཚབས་ཆེ་རིགས་ལ་ཉིན་ ༤  ནས་ ༡༠ མན་བཀག་ཉར་གྱི་ཆད་པ་གཅད་རྒྱུ་དང་། དངུལ་ཆད་སྒོར་ ༥༠༠། མི་མང་ཉེན་རྟོག་པས་ལས་དོན་སྒྲུབ་པར་བཀག་འགོག་བྱེད་མཁན་ལ་ཁྲིམས་ལྟར་ཆད་པ་ལྗིད་པོ་གཅད་རྒྱུ། དྲག་ཤུགས་དང་འཇིགས་སྣང་སྐུལ་བའི་བྱེད་ཐབས་ལ་བརྟེན་ནས་ལས་དོན་སྒྲུབ་པར་བཀག་འགོག་བཟོས་ན། ལོ་༣ མན་གྱི་བཙོན་འཇུག་དང་། མི་མང་ཉེན་རྟོག་པར་འཇབ་རྒོལ་བྱས་ན་བཙོན་འཇུག་ལོ་ ༣ མན་དང་བཙན་ཉར་ལས་བསྐུལ། རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅད་རྒྱུ་དང་། མེ་མདའ་དང་། གྲི་སོགས་བེད་སྤྱད་ནས་མིའི་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་བཟོས་རིགས་ལ་བཙོན་འཇུག་ལོ་ ༣ ནས་ལོ་ ༧ བར་གྱི་ཉེས་ཆད་གཅད་རྒྱུ་ཡིན་འདུག

 ཁྲིམས་ཆད་དོན་ཚན་དྲུག་པ། ཡིག་སྐུར་ངོ་གཏུག་སྣེ་ལེན་བྱེད་ཡུལ་རིམ་པ་ཁག་དང་སྲིད་གཞུང་གི་ལས་ཁུངས་ཀྱི་ལས་དོན་བྱེད་ཡུལ་དུ་ཟིང་ཆ་ཆུང་རིགས་བསླངས་བ་ལ་ཐ་ཚིག་སྒྲོག་པའམ་ཡང་ན།  དངུལ་ཆད་སྒོར་ ༣༠༠། ཉེས་པ་ཅུང་ཆེ་རིགས་ལ་ཉིན་ ༢ ནས་ ༡༠ མན་བཀག་ཉར་དང་། དངུལ་ཆད་སྒོར་ ༣༠༠། ཉེས་པ་ཆུང་རིགས་ཀྱི་ཉེས་ཅན་གཙོ་བོར་ཉིན་ ༡༠ ནས་ ༡༥ མན་བཀག་ཉར་དང་དངུལ་ཆད་སྒོར་ ༡༠༠༠། མི་མང་མཉམ་རུབ་ཀྱིས་སྲིད་གཞུང་གི་ལས་ཁུངས་ཀྱི་ལས་དོན་སྒྲུབ་མི་ཐུབ་པ་བྱུང་ནས་གྱོང་གུད་ཚབས་ཆེན་བྱུང་ན། ཉེས་ཅན་གཙོ་བོར་ལོ་ ༣ ནས་ལོ་ ༡༠ བར་གྱི་བཙོན་འཇུག་དང་། མཉམ་ཞུགས་བྱེད་མཁན་ལ་ལོ་ ༥ མན་བཙོན་འཇུག་དང་། བཙན་ཉར་ལས་བསྐུལ་དང་རྩིས་སྤྲོད་དོ་དམ་ཡང་ན། ཆབ་སྲིད་ཀྱི་ཁེ་དབང་འཕྲོག་པའི་ཉེས་ཆད་གཅོད་ཀྱི་ཡོད་འདུག

 ཁྲིམས་ཆད་དོན་ཚན་བདུན་པ། མི་མང་འདུ་སར་འདས་མཆོད་མེ་ཏོག་ཕྲེང་བ་དང་། རུས་ཐལ་སྒམ། འདས་པོའི་འདྲ་པར། མཆོད་རྫས་སོགས་བཤམས་པ་དང་མྱ་ངན་གྱི་རོལ་མོ་གཏོང་བ། འདས་མཆོད་དངུལ་སྒོར་བསགས་པར་བཀག་འགོག་བྱས་ནའང་མ་ཉན་ཚེ། ཉེས་པ་ཆུང་རིགས་ལ་ཉེན་བརྡ་གཏོང་བའམ་ཡང་ན། སྒོར་ ༢༠༠ མན་ཆད་ཀྱི་དངུལ་ཆད།  གནས་ཚུལ་ཆེན་པོ་བྱུང་ན་ཉིན་ ༥ ནས་ ༡༠ བར་བཀག་ཉར་བྱས་ཏེ། དངུལ་ཆད་སྒོར་ ༨༠༠། དེ་ནས་ཉེས་ཅན་གཙོ་བོར་ཉིན་ ༡༠ ནས་ ༡༨ བར་བཀག་ཉར་དང་། དངུལ་ཆད་སྒོར་ ༡༠༠༠། ནག་ཉེས་ཚབས་ཆེན་བྱུང་ན། ཉེས་ཅན་གཙོ་བོར་ལོ་ ༣ ནས་ ༧ བར་བཙོན་འཇུག་དང་། མཉམ་ཞུགས་བྱེད་མཁན་ལོ་ ༣ བཙོན་འཇུག དེ་བཞིན་མི་ཚོགས་བསྡུས་ནས་སྲིད་གཞུང་གི་ལས་ཁུངས་ལ་གནོད་སྐྱེལ་བའི་བྱ་སྤྱོད་སྤེལ་ཚེ། ཉེས་ཅན་གཙོ་བོ་ལ་བཙོན་འཇུག་ལོ་ ༥ ནས་ ༡༠ བར་དང་། མཉམ་ཞུགས་བྱེད་མཁན་ལ་ལོ་ ༥ མན་བཙོན་འཇུག དེ་བཞིན་བཀག་ཉར་ལས་བསྐུལ། རྩིས་སྤྲོད་དོ་དམ། ཡང་ན་ཆབ་སྲིད་དབང་ཆ་འཕྲོག་རྒྱུ་ཡིན་འདུག

 ཁྲིམས་ཆད་དོན་ཚན་བརྒྱད་པ། ཁྲིམས་འགལ་གྱིས་རིམ་པ་བརྒལ་ནས་འཕྲིན་གཏུག་བྱས་ཤིང་། ལས་ཁུངས་ཀྱི་སྒྲིག་ལམ་དཀྲུགས་པའམ་ཡང་ན། སྤྱི་པའི་འདུ་རའི་སྒྲིག་ལམ་གཏོར་བཤིག་བཏང་ན། ནག་ཉེས་ཆུང་རིགས་ལ་ཉེན་བརྡ་གཏོང་བའམ་ཡང་ན། སྒོར་མོ་ ༢༠༠ མན་ཆད་དངུལ་ཆད་དང་། གནས་ཚུལ་ཚབས་ཆེན་བྱུང་ན་ཉིན་ ༥ ནས་ ༡༠ བར་བཀག་ཉར་དང་། དངུལ་ཆད་སྒོར་ ༥༠༠།  ཉེས་ཅན་གཙོ་བོ་ལ་ཉིན་ ༡༠ ནས་ ༡༨ བར་བཀག་ཉར་དང་། དངུལ་ཆད་སྒོར་༡༠༠༠ གཅོད་ཆོག་ཀྱང་། པེ་ཅིང་སོགས་གནད་ཆེ་སའི་ས་ཁུལ་ཡང་ན། ཚབས་ཆེ་བའི་ས་ཁུལ་དུ་འུར་རྒྱག་ཅིང་དོན་རྐྱེན་བསླངས་ན། ཉིན་ ༥ ནས་ ༡༠ བར་བཀག་ཉར་དང་། དངུལ་ཆད་སྒོར་༨༠༠། གནས་ཚུལ་ཅུང་ཚབས་ཆེ་བྱུང་ན་ཉིན་ ༡༠ ནས་ ༡༥ བར་བཀག་ཉར་དང་། དངུལ་ཆད་སྒོར་ ༡༠༠༠། གནས་ཚུལ་ཚབས་ཆེན་བྱུང་ན་ལོ་ ༥ བར་བཙོན་འཇུག  ཐེངས་མང་པོར་བསྙད་བརྐོ་ཟིང་ཆ་སློང་ཞིང་སྤྱི་ཚོགས་སྒྲིག་ལམ་ཚབས་ཆེ་དཀྲུགས་ན་ལོ་ ༥ ནས་ ༡༠ བར་བཙོན་འཇུག་དང་དངུལ་ཆད་གཅད་རྒྱུ་ཡིན་འདུག

ཁྲིམས་ཆད་དོན་ཚན་དགུ་པ། གོང་གསལ་ནང་མ་ཚུད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་བྱུང་ཚེ། འབྲེལ་ཡོད་ཁྲིམས་ལུགས་ཆོད་དོན་གཞིར་བཟུང་བརྡ་ཐོ་འདི་བཀྲམ་རྗེས་མི་སུ་ཡིན་རུང་འཕྲིན་གཏུག་ངང་དབང་སྲུང་ལ་ཁ་གཡར་ནས། རྒྱལ་ཁབ་རིམ་པ་ཁག་ལ་བདེ་འཇགས་དང་སྤྱི་ཚོགས་སྒྲིག་ལམ་དཀྲུགས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མི་ཆོག་ཅེས་དང་། གལ་སྲིད་ཁྲིམས་འགལ་བྱ་སྤྱོད་རིགས་སྤེལ་ཚེ་མགོ་འཁྲིད་མཁན་ལ་ཁྲིམས་ཆད་ལྗིད་པོ་གཅད་རྒྱུ་ཡིན་ལུགས་བཀོད་འདུག 

གསར་འགོད་པ། དཔལ་ལྡན། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ།  པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Ven. Zega Gyatso Arrested. Photo :Tibettimes 2025/8/25
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༩ སྔོན་ལ།
རྒྱ་གར་བྱང་ཕྱོགས་ལྡེ་ར་རྡུན་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་བཀྲ་ཤིས་འཁྱིལ་དགོན་པར་རིགས་གྲྭ་རིག་པའི་རལ་གྲི་རྗེ་སྐལ་བཟང་བསྟན་པ་རབ་རྒྱས་མཆོག་དགུང་གྲངས་བརྒྱའི་སྟེང་སྐུ་གཤེགས་ཡོད་འདུག ༢༠༢༥།༨།༢༥
Mobile App

རིགས་གྲྭ་རིག་པའི་རལ་གྲི་རྗེ་སྐལ་བཟང་བསྟན་པ་རབ་རྒྱས་མཆོག་དགུང་གྲངས་བརྒྱའི་སྟེང་སྐུ་ཞི་བར་གཤེགས།

ཆུ་ཚོད་ ༩ སྔོན་ལ།
བོད་བོང་སྟག་མུ་རུའི་རྩྭ་ཐང་དུ་མི་ལོ་ ༤༠ ལྷག་རིང་རྡོ་སོལ་སྔོག་འདོན་བྱས། ༢༠༡༨ དྲ་ལམ་གྱི་པར།
Mobile App

ལོ་ལྔའི་ནང་རྒྱ་ནག་གཞུང་གིས་སྔར་ལྷག་རྡོ་སོལ་སྔོག་འདོན་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
Mobile App

མདོ་སྨད་གཙང་དགོན་པའི་གྲྭ་ཤེར་བཟང་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་སྲོག་བློས་བཏང་།

༢༠༢༥/༠༨/༢༢
སྲིད་སྐྱོང་མཆོག་གིས་སུ་ཇཱ་བོད་ཁྱིམ་གྱི་དགེ་སློབ་རྣམས་ལ་གསུང་བཤད་གནང་། ༢༠༢༥།༠༨།༢༡ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ནང་བྱིས་པ་རྣམས་རྒྱ་སྐད་བཤད་མཁན་ཆགས་པ་དང་བཙན་བྱོལ་ནང་བོད་སྐད་ལ་དོ་སྣང་མ་བྱས་ན་འགྲིག་གི་མ་རེད།

༢༠༢༥/༠༨/༢༢
བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

ཨ་འདུས་དགོན་པའི་དགེ་འདུན་པ་ཚེ་དབང་ལགས་ཀློད་གྲོལ་བཏང་འདུག

༢༠༢༥/༠༨/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese