མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་རྣམས་ཀྱིས་མུ་མཐུད་སེམས་ཤུགས་སྐྱེད་དེ་འཐབ་རྩོད་གནང་རོགས།

བོད་ཀྱི་དུས་བབ།
༢༠༢༤/༠༣/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་དྲག་གནོན་ག་ཚོད་བྱས་ཀྱང་བོད་དོན་འཐབ་རྩོད་རྒྱུན་གནས་ཐུབ་ཡོད་པ་ནི་གཟི་བརྗིད་ཅིག་ཡིན་པས་མུ་མཐུད་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་གནང་།

འཇར་མན་དང་ཨོ་གླིང་གི་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མིའི་གསར་འགོད་གསལ་བསྒྲགས། ༢༠༢༤།༠༣།༡༠ དུས་བབ་ཀྱི་པར།

དེ་རིང་ཕྱི་ཟླ་ ༠༣ ཚེས་༡༠ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། འཇར་མན་གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་ཀལ་བྷ་རན་ཌི་(Michael Karl Brand) མཆོག་དང་། དེ་བཞིན་ཨོ་གླིང་གྲོས་ཚོགས་འཐུས་མི་ལྕམ་སྐུ་དི་བུ་ར་ཨོ་ནིལ་ (Deborah Mary O’Neill) ལགས་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་མ་ཧི་ཀལ་མེག་ཀོར་མེག་ (Michael McCormack)ལགས། གྲོས་ཚོགས་འཐུས་མི་སྐུ་ཞབས་ཊེ་ཝིཊ་ཨི་སི་མིཊ་ (David Smith)ལགས་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ཊིན་ཨི་སི་མིཊ་ (Dean Anthony Smith) ལགས་བཅས་ཀྱིས་བོད་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་དང་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སོང་།

གསར་འགོད་གསལ་བསྒྲགས་ཐོག་འཇར་མན་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་ཀལ་(Michael Brand) མཆོག་གིས། རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱི་ཐོག་ནས་བོད་མི་གཙོས་ཡུ་གུར་བ་དང་། ཧོང་ཀོང་བ་སོགས་ལ་དྲག་གནོན་ཤུགས་ཆེན་བྱེད་བཞིན་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་རྦད་དེ་འགལ་ཡོད་པ་མ་ཟད། འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་ཨུ་རུ་སུ་དང་དྲག་སྤྱོད་རིང་ལུགས་པ་སོགས་ལ་རྒྱབ་སྐྱོར་བྱས་ནས་ཨེ་ཤ་ཡ་དང་དཀྱིལ་ཤར་ཨེ་ཤ་ཡའི་ཁུལ་དུ་དྲག་པོའི་བྱ་སྤྱོད་མང་དག་ཅིག་སྤེལ་མུས་ཡིན་པའི་ཁར། ཧིན་བོད་མཐའ་མཚམས་ཁུལ་དུ་ཡང་དང་བསྐྱར་དུ་རྩོད་རྙོག་མང་དག་ཅིག་སློང་མུས་ཡིན་པས། དེ་ནི་བོད་ཀྱི་གནད་དོན་དང་བོད་མི་གཅིག་པུ་མིན་པར། རྒྱ་གར་གྱི་བདེ་འཇགས་གཙོས། ཨེ་ཤ་ཡའི་བདེ་འཇགས་ལའང་འབྲེལ་བ་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་བོད་ནང་དུ་བཅའ་སྡོད་སློབ་གྲྭ་བཙུགས་ནས་བོད་ཕྲུག་རྣམས་བཙན་གྱིས་ཕ་མ་དང་ཁ་བྲལ་དུ་བཅུག་སྟེ་བཅའ་སྡོད་སློབ་གྲྭར་གཏོང་བ་ཚུད་པའི་བོད་ཀྱི་སྐད་ཡིག་དང་། ངོ་བོ། རིག་གཞུང་སོགས་རྩ་མེད་གཏོང་ཐབས་བྱས་དང་བྱེད་མུས་ཡིན་པར་བློ་ཕམ་ཡོད་པའི་སྐོར་གསུངས་སོང་། 

འདི་ག་བོད་ཀྱི་དུས་བབ་གསང་ཁང་གི་གསར་འགོད་པས། དེ་རིང་གསུམ་བཅུའི་དུས་དྲན་ཐེངས་ ༦༥ པའི་ཉིན་མོ་དང་བསྟུན། རྒྱ་ནག་གཞུང་གི་བཙན་གནོན་གྱི་འོག་ཏུ་ཡོད་པའི་བོད་མི་རྣམས་ལ་བརྡ་ལན་ག་རེ་ཡོད་མེད་དྲིས་པར།  འདས་པའི་ལོ་ངོ་ ༦༥ རིང་བོད་མི་ཚོས་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་ཇུས་ལ་མ་བལྟོས་པར། བོད་ཀྱི་རང་དབང་འཐབ་རྩོད་ཀྱི་ཆེད་དུ། ཞུམ་མེད་ཀྱི་སེམས་ཤུགས་སྐྱེད་ནས་བོད་ཀྱི་འཐབ་རྩོད་དེ་རྒྱུན་གནས་ཐུབ་ཡོད་པས། དེ་ནི་བོད་མིའི་གཟི་བརྗིད་དང་རླབས་ཆེན་གྱི་བྱ་གཞག་ཅིག་ཡིན་པས། བོད་མི་རྣམས་ཀྱིས་མུ་མཐུད་སྙིང་སྟོབས་སྐྱེད་ནས་བོད་དོན་འཐབ་རྩོད་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་པའི་སྐོར་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་དུ་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་འགལ་ནས་ཚད་ལས་འདས་པའི་དྲག་གནོན་བྱེད་ཀྱིན་ཡོད་པའི་ཐད་ལ་གནོན་ཤུགས་སྤྲད་རྒྱུ་དང་དེའི་ཐོག་ཤེས་རྟོགས་བྱ་རྒྱུ་ནི་གལ་ཆེན་ཡིན་སྐོར་དང་། མ་འོངས་པར་ཨོ་གླིང་དང་འཇར་མན་གྱི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་དང་བོད་མི་རྣམས་ལ་གདུང་སེམས་ཡོད་སྐོར་སོགས་གསུངས་སོང་། 

འཇར་མན་དང་ཨོ་གླིང་གི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་དེ་རིང་ཞོགས་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་གྲུབ་རྗེས། གསུམ་བཅུའི་དུས་དྲན་ཐེངས་༦༥ པའི་གཞུང་འབྲེལ་མཛད་སྒོ་ལ་ཆེད་ཕེབས་གནང་ཡོད་པ་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་དབུས་གཞུང་ཁོངས་དང་གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ཁག་དང་ཐུག་འཕྲད་གནང་ཡོད་འདུག 

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

སྐར་མ ༡༨ སྔོན་ལ།
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༡ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

ཆུ་ཚོད་ ༥ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese