མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གཅིག་པ་འཚོགས།

བོད་ཀྱི་དུས་བབ།
༢༠༢༤/༠༣/༡༢
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་བཅུ་གཅིག་པའི་ཐོག་གྲོས་གཞི་དོན་ཚན་བཅུ་གསུམ་ལ་གྲོས་ཆོད་གཏན་འབེབས་བྱུང་ཡོད་འདུག

བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་བཅུ་གཅིག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༤།༠༣།༡༡ 

ཁ་སང་དང་དེ་རིང་ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཚོགས་ཁང་དུ། ཤེས་རིག་ལྷན་ཚོགས་ཀྱི་གོ་སྒྲིག་འོག བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་ ༡༡ འཚོགས་ཡོད་ཅིང་། དབུ་འབྱེད་མཛད་སྒོ་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག  ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས། ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས།  ཤེས་རིག་དྲུང་ཚབ་བསོད་ནམས་བཟང་པོ་ལགས། ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་བསྟན་འཛིན་པདྨ་ལགས། དེ་བཞིན་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་འདུ་འཛོམས་བྱུང་ཡོད་འདུག

འདི་གའི་གསར་འགོད་པས་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་བསྟན་འཛིན་པདྨ་ལགས་སུ་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་ཇི་ཙམ་ཡོད་སྐོར་དྲིས་པར་ཁོང་མོས། ཤེས་ཡོན་ལྷན་ཚོགས་ལ་ཚོགས་མི་བཅུ་ཡོད་ཅིང་། དེའི་ཁོངས་སུ་ཚོགས་མི་ལྔ་བཀའ་ཤག་གིས་དམིགས་བསལ་བསྐོ་བཞག་བྱེད་ཀྱི་རེད། དེ་དག་ནི་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས་དང་། ཚོགས་མི་གསུམ་ནི་གཞུང་ཁོངས་མིན་པའི་ཤེས་ཡོན་ཐོག་ཁྱད་ལས་པ་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིག་གནས་སློབ་དཔོན་ལྷག་པ་ཚེ་རིང་ལགས་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས། སྒང་ཏོག་དཔལ་ཁང་སློབ་གཉེར་ཁང་གི་སློབ་སྤྱི་སྤྱི་ཟུར་དཔལ་ཁང་ཉི་མ་དོན་གྲུབ་ལགས་བཅས་ཡིན། ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཡང་བཀའ་ཤག་ནས་བསྐོ་བཞག་བྱེད་ཀྱི་ཡོད། ཚོགས་མི་གཞན་ལྔ་ནི་དྷ་ས་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་ཤེས་ཡོན་ངེས་སྟོན་པ་བསྟན་འཛིན་མཚན་ལེགས་ལགས། མ་སུ་རི་བོད་ཁྱིམ་གྱི་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་པ་སངས་དོན་གྲུབ་ལགས། སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས། བལ་ཡུལ་གངས་ཅན་བདེ་རྩའི་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་བསྟན་འཛིན་རབ་རྒྱས་ལགས། ཤེས་རིག་ལས་ཁུངས་ཀྱི་སྐུ་ཚབ་དེང་རབས་དང་སྲོལ་རྒྱུན་ཤེས་ཡོན་ཚན་པའི་འགན་འཛིན་དྲུང་འཕར་བསྟན་འཛིན་རྡོ་རྗེ་ལགས་བཅས་ཡིན། ཞེས་འགྲེལ་བརྗོད་གནང་བྱུང་།

ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་བསྟན་འཛིན་པདྨ་ལགས། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༤།༠༣།༡༡

ཤེས་ཡོན་ལྷན་ཚོགས་ཐོག་གྲོས་ཆོད་གཏན་འབེབས་བྱས་པ་ཁག་ལག་བསྟར་བྱེད་ཕྱོགས་ཐད་ཁོང་མོས། ཚོགས་འདུ་འདི་ནི་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གིས་གོ་སྒྲིག་བྱེད་བཞིན་ཡོད། གྲོས་ཆོད་ཆ་ཚང་གཏན་འབེབས་བྱུང་ཚེ། ཤེས་ཡོན་ལྷན་ཚོགས་ཀྱི་ཡིག་ཚང་གིས་ལག་བསྟར་བྱེད་མཁན་སུ་ཡིན་ནམ་དབྱེ་བསལ་བྱ་རྒྱུ་རེད། དེའི་ཁྲོད་རིགས་གཅིག་ཤེས་རིག་ལས་ཁུངས་ཀྱིས་གནང་དགོས་ཀྱི་ཡོད་ཅིང་། རིགས་གཅིག་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་ཁྱབ་ཁོངས་ནས་གནང་དགོས་ཀྱི་ཡོད་པ་རེད། ཁག་ཅིག་སློབ་སྡེའི་ཁོངས་ཀྱི་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་དང་། དྷ་ས་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་སོགས་ཀྱིས་གནང་དགོས་པ་རེད། དེ་བཞིན་རིགས་གཅིག་སྒྲིག་འཛུགས་ཀྱི་ལྷན་ཁང་གཞན་པར་གཞེན་སྐུལ་ཞུ་དགོས། གྲོས་ཆོད་ལག་བསྟར་གྱི་ཆེད་དུ་གྲོས་ཆོད་ག་ཚོད་བྱུང་བ་དབྱེ་བ་ཕྱེས་ཏེ། ལག་བསྟར་བྱེད་མཁན་གྱི་རེའུ་མིག་བཟོས་ནས་ཕུལ་གྱི་ཡོད། ལོ་གཅིག་གི་ནང་ལག་བསྟར་ཆ་ཚང་བྱས་རྗེས། ལོ་རྗེས་མའི་ནང་གྲོས་ཆོད་ལག་བསྟར་ཕུལ་བ་བཞིན་ལག་བསྟར་གྲུབ་འབྲས་གང་འདྲ་བྱུང་ཡོད་མེད་སྙན་སྒྲོན་ཞུ་དགོས་ཀྱི་ཡོད་པ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་འདུའི་གལ་གནད་སྐོར་ལ་ཁོང་མོས། ལྷན་ཚོགས་འདི་ནི་ཧ་ཅང་གལ་གནད་ཅིག་ཆགས་ཡོད། ལྷག་པར་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་ཇུས་ནང་དུ་གསལ་བ་བཞིན། ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཉིས་བཙན་བྱོལ་བོད་མིའི་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་ཐད་ལས་འགན་གལ་ཆེ་ཤོས་ཆགས་ཡོད། ད་ལྟའི་བར་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་འདུ་འཚོགས་པ་ཙམ་མིན་པར་བཙན་བྱོལ་སློབ་གྲྭ་ཁག་གི་གནས་སྟངས་ཇི་མ་ཇི་བཞིན་གཞིར་བཟུང་བའི་ཐོག་ནས་གྲོས་གཞི་ཁག་བཏོན་གྱི་ཡོད་ལ། བཙན་བྱོལ་གྱི་ཤེས་ཡོན་ཡར་རྒྱས་གོང་སྤེལ་གཏོང་ཕྱོགས་དང་། འཐུས་ཤོར་ངོས་འཛིན་བྱེད་ཕྱོགས། ལེགས་སྤེལ་ཉེས་འགོག་སོགས་ལམ་སྟོན་གནང་གི་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

འདི་གའི་གསར་འགོད་པས་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས་ལ་ཚོགས་འདུ་འདིའི་སྐོར་དྲིས་པར་ཁོང་གིས། ཐེངས་འདིའི་ལྷན་ཚོགས་ནང་དུ་གྲོས་གཞི་དོན་ཚན་བཅུ་གསུམ་འཁྱེར་ཡོད་ཅིང་། གྲོས་གཞི་ཆ་ཚང་ལ་བགྲོ་གླེང་བྱས་ཏེ་གྲོས་ཆོད་གཏན་འབེབས་བྱེད་བཞིན་ཡོད། རྒྱལ་ཁབ་གང་ཡིན་རུང་ཤེས་ཡོན་སྲིད་ཇུས་དེ་ཤེས་ཡོན་ལྷན་ཚོགས་ཀྱིས་བཟོ་བཞིན་ཡོད་དུས། ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་འདུ་ཧ་ཅང་གལ་གནད་ཆེན་པོ་རེད། ཅེས་གསུངས་སོང་།

ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས།བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༤།༠༣།༡༡

 ཁ་སང་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། དེང་སྐབས་སློབ་གྲྭ་དང་དགོན་སྡེ་ཁག་ཏུ་བོད་པའི་སློབ་ཕྲུག་དང་གྲྭ་བཙུན་གྱི་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད་པར་བསྟུན། མ་འོངས་པར་གནས་སྟངས་དེ་དང་འཚམ་པའི་ལས་འཆར་བཟོ་དགོས་པའི་སྐོར། དེ་དག་གི་གྲངས་ཐོ་ཚད་ལྡན་ཞིག་བསྡུ་རུབ་བྱེད་དགོས་གལ་སྐོར་ནན་བཤད་གནང་བ་དང་། རྒྱ་གར་གཞུང་གི་སྒྲིག་གཞི་དང་མཐུན་པའི་སྒྲོམ་གཞི་ལེགས་བཅོས་གནང་དགོས་གལ་དང་། གཟའ་མཇུག་སློབ་གྲྭ་ཚོགས་དཀའ་བའི་ས་ཁུལ་དུ་དྲྭ་ཐོག་སློབ་ཁྲིད་བྱ་དགོས་སྐོར་སོགས་གསུངས་འདུག

དེ་བཞིན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས། ཐོག་མར་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་ཚོགས་མི་ཡོངས་ཀྱིས་འདས་པའི་ལོ་གཉིས་རིང་སློབ་གྲྭ་ཁག་ཏུ་ཕེབས་ཏེ། འཛིན་ཁང་ནང་གཟིགས་སྐོར་དང་། ཕྲུ་གུ། དགེ་རྒན། ཕ་མ་བཅས་དང་ལྷན་བཀའ་མོལ་གནང་བས་ཡི་རངས་བསྔགས་བརྗོད་གནང་བ་དང་། ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཕྱི་ལོ་ ༢༠༢༣ ནང་མ་སུ་རི་དང་། གོ་པལ་པུར། ཀ་སྦུག ལུགས་བསམ་བཅས་སློབ་གྲྭ་ཁག་ཏུ་ཤེས་ཡོན་འདུ་འཛོམས་གོ་སྒྲིག་ལེགས་གྲུབ་བྱུང་ཡོད་ལུགས་དང་། སྦེལ་ཇམ་དང་། ཨོ་གླིང་། སུད་སི་བཅས་ཀྱི་གཟའ་མཇུག་སློབ་གྲྭའི་དགེ་རྒན་རྣམས་ལ་དྲྭ་ཐོག་སློབ་ཁྲིད་གནང་ནས་གྲུབ་འབྲས་ཡག་པོ་ཐོན་ཡོད་པའི་སྐོར་དང་། དེ་བཞིན་ཤེས་རིག་ལས་ཁུངས་ནས་སློབ་གྲྭ་ཁག་གི་འཛིན་རིམ་ ༥ པ་དང་ ༨ པའི་སྤྱི་རྒྱུགས་ (Common Examination) གཏན་འབེབས་བྱ་རྒྱུ་ཡིན་སྐོར་གསུངས་འདུག

 ཐེངས་འདིའི་ཤེས་ཡོན་ལྷན་ཚོགས་ཐོག་འདས་ལོའི་གྲོས་ཆོད་བསྐྱར་ཞིབ་དང་།  ཤེས་ཡོན་ལྷན་ཚོགས་ཀྱིས་སློབ་སྡེ་ཁག་གི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་ཡོད་པ་མ་ཟད། ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་མི་རྣམས་བོད་པའི་སློབ་གྲྭ་ཁག་ཅིག་ལ་རྟོག་ཞིབ་བྱས་པར་ལེགས་སྤེལ་ཉེས་འགོག་གནང་ཕྱོགས་དང་། གཞི་རིམ་སློབ་གྲྭའི་འཛིན་གྲྭ་བཞི་པ་ནས་བརྒྱད་པ་བར་གྱི་གློག་ཀླད་སློབ་ཚན་གྱི་སློབ་ཁྲིད་རྩ་འཛིན་བསྐྱར་ཞིབ་དང་གཏན་འབེབས་གནང་ཕྱོགས་སྐོར། རྒྱ་གར་ནང་ཡོད་པའི་བོད་པའི་སློབ་གྲྭ་ཡོངས་ཀྱི་འཛིན་གྲྭ་ ༥ དང་ ༨ པར་སྤྱི་རྒྱུགས་ཡིག་ཚད་མགོ་འཛུགས་རྒྱུའི་སྐོར། བཙན་བྱོལ་ནང་མི་འབོར་ཉུང་དུ་འགྲོ་བའི་ཚབས་ཆེའི་དཀའ་ངལ་སེལ་ཐབས་སྐོར། བོད་མིའི་སྤྱི་ཚོགས་ནང་བོད་ཀྱི་སྐད་ཡིག་གི་ཆུ་ཚད་མཐོ་པོ་ཡོད་པའི་བོད་མི་གསོ་སྐྱོང་གནང་ཐབས་དང་། ཕ་མ་ཚོས་ནང་དུ་ཕྲུ་གུར་ཡ་རབས་བཟང་སྤྱོད་དང་། བོད་སྐད་གཙང་མ་བསྐྱོན་རྒྱུར་སློབ་སྟོན་དང་ཐབས་ལམ་སྟོན་ཕྱོགས་སྐོར། བོད་པའི་སློབ་གྲྭ་ཁག་གི་སྤྱི་ཡོངས་ཀྱི་ཤེས་ཡོན་གནས་སྟངས་རྟོག་ཞིབ་དང་དེ་འབྲེལ་ལེགས་བཅོས་ཐབས་ལམ་ཡོང་སླད་དྷ་ས་བོད་ཁྱིམ་དང༌། མ་སུ་རི་བོད་ཁྱིམ། སཾ་བྷོ་ཊ་བོད་སློབ་ཚོགས་པ་བཅས་ནས་གྲུབ་པའི་ལོ་འཁོར་རྟོག་ཞིབ་ཚོགས་ཆུང་བཙུགས་ཏེ་སློབ་གྲྭ་ཁག་ཏུ་རྟོག་ཞིབ་སོགས་ཀྱི་གྲོས་གཞི་དོན་ཚན་བཅུ་གསུམ་ལ་གྲོས་ཆོད་གཏན་འབེབས་བྱུང་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༣ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༥ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༢༤ སྔོན་ལ།
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese