མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐབས་དང་པོའི་དཀའ་བཅུ་དགེ་བཤེས་བསླབ་པ་མཐར་སོན།

བོད་ཀྱི་དུས་བབ།
༢༠༢༤/༠༣/༡༦
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་ཇོ་ནང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་ཆོས་འཁོར་གླིང་དུ་སྐབས་དང་པོའི་དཀའ་བཅུ་དགེ་བཤེས་ ༡༡ བསླབ་པ་མཐར་སོན་བྱུང་ཡོད་འདུག

པར་འགྲེལ། བལ་ཡུལ་ཇོ་ནང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་ཆོས་འཁོར་གླིང་གི་དཀའ་བཅུ་དགེ་བཤེས་སྐབས་དང་པོའི་མཐར་སོན་མཛད་སྒོ་འཚོག་བཞིན་པ། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༤།༣།༡༥

ཟླ་འདིའི་ཕྱི་ཚེས་ ༡༣ ནས་ཚེས་ ༡༥ བར་ཉིན་གྲངས་གསུམ་རིང་བལ་ཡུལ་ཇོ་ནང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་ཆོས་འཁོར་གླིང་དུ། དཀའ་བཅུ་དགེ་བཤེས་སྐབས་དང་པོའི་མཐར་སོན་མཛད་སྒོ་འཚོགས་ཡོད་ཅིང་། ཐེངས་འདིའི་མཛད་སྒོའི་ཐོག་ཏུ་༧དབུ་འཛིན་མཆོག་སྤྲུལ་རིན་པོ་ཆེ་བཀྲ་ཤིས་རྒྱལ་མཚན་མཆོག་དང་། མཁན་རིན་པོ་ཆེ་ངག་དབང་དགེ་འདུན་རྒྱ་མཚོ་མཆོག་གི་དབུས་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་གི་སྐུ་ཚབ་མཁན་པོ་ཡེ་ཤེས་མཆོག དགེ་བཤེས་ལྷ་རམས་པ་དྲི་མེད་འོད་ཟེར་མཆོག དཀའ་བཅུ་དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་མཆོག འཕགས་ཡུལ་སིམ་ལ་ཇོ་ནང་མ་དགོན་གྱི་མཁན་ཟུར་རིན་པོ་ཆེ་ཀུན་དགའ་མཚམས་ཆུང་མཆོག ༧སྐྱབས་རྗེ་སྟེང་རིན་པོ་ཆེ་མཆོག་གི་སྐུ་ཚབ་ཀཿ ཐོག་སྤུལ་སྐུ་བསྟན་འཛིན་འཇིགས་མེད་རྡོ་རྗེ་མཆོག མཁན་པོ་ཆོས་འབྱོར་རྒྱ་མཚོ་མཆོག རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་རྟག་བརྟན་དགེ་བཤེས་བླ་མ་སྦྱིན་པ་བཟང་པོ་མཆོག རྒྱ་གར་དང་བལ་ཡུལ་གྱི་དགོན་སྡེ་ཁག་དང་ཚོགས་སྡེ་ཁག་གི་མཁན་བླ་སྤྲུལ་རྣམ་པ། གྲྭ་མང་འདུས་སྡེ་གདན་འཛོམས་ཐོག་དཀའ་བཅུ་དགེ་བཤེས་རྣམ་པས་གཞུང་བཀའ་པོད་ལྔ་ལ་དམ་བཅའ་ཆེན་མོ་བཞག་ཡོད་འདུག

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་དགེ་བཤེས་བཟོད་པ་རྣམ་རྒྱལ་ལགས་སུ་དཀའ་བཅུ་དགེ་བཤེས་དེ་གལ་གནད་ཆེན་པོ་ཡིན་པའི་རྒྱུ་མཚན་ག་རེ་ཡིན་སྐོར་དྲིས་པར། ཁོང་གིས། ད་ལོ་དཀའ་བཅུ་དགེ་བཤེས་གལ་གནད་ཆེན་པོ་ཡིན་པའི་རྒྱུ་མཚན་གཙོ་བོ་ནི། ང་ཚོ་དགོན་པ་རང་ལ་མཚོན་ན་དཀའ་བཅུ་དགེ་བཤེས་སྐབས་དང་པོ་ཆགས་ཀྱི་ཡོད་པ་དང་། དཀའ་བཅུ་དགེ་བཤེས་ཟེར་བ་དེ་ལོ་ངོ་སུམ་བརྒྱ་གོང་ལ་ཇོ་ནང་གི་བླ་མ་རྣམས་ཀྱི་མཚན་གནས་ལ་དཀའ་བཅུ་དགེ་བཤེས་ཀྱི་མཚན་གནས་བཞེས་མཁན་མང་པོ་ཡོད་རེད། འོན་ཀྱང་། དེའི་རྗེས་ནས་ཇོ་ནང་དུ་དཀའ་བཅུ་དགེ་བཤེས་ཀྱི་མཚན་གནས་བཞེས་མཁན་ཉམས་སོང་བར་བརྟེན། ད་ལོ་ང་ཚོའི་དགོན་པ་འདི་ནང་དཀའ་བཅུ་དགེ་བཤེས་ཀྱི་མཚན་དེ་ཉམས་པ་སླར་གསོ་བྱས་པ་སོགས་ལ་བརྟེན་ནས་དཀའ་བཅུ་དགེ་བཤེས་དེ་གལ་གནད་ཆེན་པོར་འཛིན་གྱི་ཡོད། ཅེས་བརྗོད་བྱུང་།

ཁ་སང་ཕྱི་ཚེས་ ༡༥ ཉིན་དཀའ་བཅུ་དགེ་བཤེས་ཀྱི་དངོས་གཞིའི་མཛད་སྒོ་ཚོགས་ཏེ། དཀའ་བཅུ་དགེ་བཤེས་མཐར་སོན་པ་ ༡༡ ལ་དཀའ་བཅུ་རབ་འབྱམས་པའི་ཕྱག་འཁྱེར་གནང་ཡོད་འདུག ཇོ་ནང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་ཆོས་འཁོར་གླིང་གི་དཀའ་བཅུ་དགེ་བཤེས་སྐབས་དང་པོའི་ནང་དཀའ་བཅུ་དགེ་བཤེས་མཐར་ཐོན་པ་མི་གྲངས་ ༡༡ བྱུང་ཡོད་ཅིང་། དཀའ་བཅུ་དགེ་བཤེས་མཐར་སོན་པ་རྣམས་ཀྱིས་ལོ་ངོ་བཅོ་བརྒྱད་ལྷག་གི་རིང་ལ་ཐུན་མོང་རིག་གནས་དང་། དཔལ་རྒྱལ་བ་ཇོ་ནང་པའི་རང་ལུགས་ཐུན་མོང་མ་ཡིན་པའི་གཞུང་ཆེན་བཀའ་པོད་ལྔ་མཐར་ཕྱིན་ཏེ་དཀའ་བཅུ་དགེ་བཤེས་ཀྱི་བསླབ་པ་མཐར་སོན་པ་ཞིག་ཡིན་འདུག

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་དམ་བཅའ་ཆེན་མོའི་མཛད་རིམ་ལ་༧དབུ་འཛིན་མཆོག་སྤྲུལ་རིན་པོ་ཆེ་བཀྲ་ཤིས་རྒྱལ་མཚན་མཆོག་དང་། མཁན་རིན་པོ་ཆེ་ངག་དབང་དགེ་འདུན་རྒྱ་མཚོ་མཆོག་གི་དབུས་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་གི་སྐུ་ཚབ་མཁན་པོ་ཡེ་ཤེས་མཆོག་སོགས་གྲྭ་མང་འདུས་སྡེ་གདན་འཛོམས་ཐོག དཀའ་བཅུ་དགེ་བཤེས་རྣམ་པས་གཞུང་བཀའ་པོད་ལྔ་ལ་དམ་བཅའ་ཆེན་མོ་འཇོག་པ་དང་འཛིན་གྲྭ་སོ་སོ་ནས་རྟགས་གསལ་བཏང་ཡོད་འདུག ཕྱི་ཚེས་ ༡༣ ཉིན་སྔོན་འགྲོའི་མཛད་རིམ་ལ་དགེ་འདུན་འདུས་མང་ཚོགས་ཁང་ངེས་དོན་ལུང་རྟོགས་ཆོས་ཀྱི་དགའ་ཚལ་དུ། མཁན་རིན་པོ་ཆེ་ངག་དབང་དགེ་འདུན་རྒྱ་མཚོ་མཆོག་དབུ་བཞུགས་ཐོག་མཁན་བླ་སྤྲུལ་དགེ་འདུན་འདུས་མང་ནས་བླ་བརྒྱུད་གསོལ་འདེབས་དང་ཀུན་མཁྱེན་མཆོད་ཆོག་ཚོགས་དང་བཅས་པ་གསུང་གནང་བ་དང་། མཁན་རིན་པོ་ཆེ་ངག་དབང་དགེ་འདུན་རྒྱ་མཚོ་མཆོག་ནས་དགེ་འདུན་འདུས་མང་ཚོགས་དབུས་སུ་དཀའ་བཅུའི་དགེ་བཤེས་ཀྱི་མཚན་གནས་དང་ན་བཟའ་བསྩལ་ཡོད་འདུག

བལ་ཡུལ་ཇོ་ནང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་ཆོས་འཁོར་གླིང་ནི་ཕྱི་ལོ་ ༢༠༠༤ ལོར་༧མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་མཆོག་གིས་བལ་ཡུལ་གྱི་གནས་མཆོག་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་དུ་གསར་འཛུགས་གནང་བའི་དཔལ་རྒྱལ་བ་ཇོ་ནང་བའི་གདན་ས་ཐོག་མ་ཡིན་འདུག མཆོག་སྤྲུལ་རིན་པོ་ཆེའི་གཟིགས་སྐྱོང་འོག་ད་ལྟའི་ཆར་བལ་ཡུལ་གྱི་དོལ་པོ་དང་། ཀརྨ་ལུང་པ། ཡོར་མོ། མུ་གུམ་བཅས་དང་། རྒྱ་གར་གྱི་མོན་རྟ་དབང་སོགས་ནས་ཕེབས་པའི་དགེ་འདུན་པ་དང་སློབ་ཕྲུག་ ༤༠༠ ཙམ་གྱིས་བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པའི་རྒྱལ་བ་ཇོ་ནང་བའི་རང་ལུགས་དབུ་མ་གཞན་སྟོང་གི་གཞུང་ལུགས་ལ་སློབ་གཉེར་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་བལ་ཡུལ་ཀོ་པན་འོག་མིན་བྱང་ཆུབ་ཆོས་གླིང་དགོན་དུ། བལ་ཡུལ་དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སྐབས་སོ་གཉིས་པའི་ཚོགས་མགོན་དུ་ཕེབས། ༢༠༢༣།༢།༢༡ དྲ་ལམ་གྱི་པར།
Mobile App

གླིང་རིན་པོ་ཆེ་མཆོག་བལ་ཡུལ་དགེ་ལྡན་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་ཕེབས།

༢༠༢༤/༠༢/༢༢
Tourists Trekking around Mount Kailash
Mobile App

རྒྱ་ནག་གཞུང་གིས་གངས་རིན་པོ་ཆེའི་གནས་མཇལ་བར་སྔར་ལྷག་དམ་དྲག་བྱེད་ཀྱིན་འདུག 

༢༠༢༣/༠༥/༡༠
ཁྱིམ་ཐོ། དྲ་ལམ་གྱི་པར།
Mobile App

བོད་དུ་ཕྱིར་ལོག་བྱེད་མཁན་ཚོར་ཁྱིམ་ཐོ་མ་སྤྲད་པར་དཀའ་ངལ་འཕྲད་ཀྱི་འདུག

༢༠༢༣/༠༣/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese