མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩིས་ལོའི་ནང་སྒོར་ས་ཡ་ ༣༠༣༤། ༠༡ གི་བཀའ་འཁྲོལ་རྒྱབ་གཉེར་གནང་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༣/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྩིས་ལོ་ ༢༠༢༤ ་་་ ༢༠༢༥ ལོའི་སྔོན་རྩིས་ནང་བཀའ་ཤག་གིས་སྒོར་ས་ཡ་ ༣༠༣༤། ༠༡ གི་འགྲོ་གྲོན་རྒྱབ་གཉེར་ཞུས་པར་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་གཅོག་ཆ་གཉིས་ལས་གཅིག་ལ་གཅོག་ཆའི་གྲོས་འཆར་ཕུལ་འདུག

དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་མཆོག་གིས་རྩིས་ལོ་ ༢༠༢༤་་་༢༠༢༥ ལོའི་སྔོན་རྩིས་གསུང་བཤད་གནང་བཞིན་པ། ༡༩།༠༣།༢༠༢༤

ཁ་སང་ཕྱི་ཚེས་ ༡༨ དང་ ༡༩ སྟེ་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༤ དང་ ༢༠༢༥ ཡི་སྔོན་རྩིས་ལས་ཉིན་གཉིས་རིང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ ༢༠༢༤ ་་་ ༢༠༢༥ ཡི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ། དམིགས་བཀར་ལས་འཆར་བཅས་ལ་བཀའ་འཁྲོལ་གཏན་འབེབས་སྒོར་ས་ཡ་ ༣༠༣༤། ༠༡ གི་བཀའ་འཁྲོལ་གནང་ཡོད་ཀྱང་། ནང་སྲིད་ལས་ཁུངས་ཀྱི་སྣུམ་འཁོར་གསར་ཉོའི་ཆེད་མཐའ་མའི་འཕར་སྣོན་རིན་ཚད་བརྒྱ་ཆ་ ༢༥ ནས་བརྒྱ་ཆ་༡༨ གཅོག་ཆའི་གྲོས་འཆར་བཏོན་གནང་འདུག

ཁ་སང་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་དང་པོའི་ཚོགས་ཐུན་གསུམ་སྟེང་དཔལ་འབྱོོར་བཀའ་བློན་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༤ ་་་ ༢༠༢༥ ལོའི་སྔོན་རྩིས་འགོད་འབུལ་གྱི་གསུང་བཤད་གནང་བའི་ནང་། བཙན་བྱོལ་བོད་མིའི་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། སྔོན་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་དོན་ཚན་བརྒྱད་པའི་ནང་གསེས་དང་པོ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་དྲུག་ཅུ་རེ་དྲུག་པའི་ནང་གསེས་གསུམ་པའི་དགོངས་དོན། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༤ ་་་ ༢༠༢༥ ལོའི་བཀག་ཤག་གི་སྔོན་རྩིས་འཆར་འབུལ་གྲོས་ཚོགས་ལ་འཆར་འབུལ་ཞུས་ནས། འཛིན་སྐྱོང་གིས་ངོས་ནས་རྒྱ་བལ་གཉིས་ཀྱི་བོད་མི་རྣམས་ཀྱི་དགོས་འདུན་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྣམས་ཀྱི་གཞུང་འབྲེལ་ཕྱོགས་སྐྱོད་སྐབས། ས་གནས་བོད་མི་རྣམས་ཀྱིས་སྤྱི་འཐུས་རྣམས་ལ་བཏོན་པའི་རེ་འདུན་དང་དགོས་མཁོ་སོགས་ལ་གཞིགས་ནས། ལས་འཆར་བཀོད་ནས་རྩིས་ལོ ༢༠༢༣ དང ༢༠༢༤ ལོའི་ལས་དོན་མང་དག་ཅིག་འགྲོ་དང་འགྲོ་མུས་ཡིན་པའི་སྐོར་གསུངས་སོང་། 

ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། རྩིས་ལོ ༢༠༢༤ ་་་ ༢༠༢༥ ཡི་རྩིས་ལོའི་ནང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ལྷག་མ་དང་། ལས་གཞི་གསར་པ་ཁག་ཅིག་ཚུད་པ་བྱས་ཡོད་པའི་སྐོར་དང་། འདས་པའི་ལོ་གཅིག་གི་རིང་དབུས་བོད་མི་རིགས་ཀྱི་རོགས་ཁག་ཏུ་འབྲེལ་ལམ་བཙུགས་ནས་ཚོགས་འདུ་ལན་འགར་བསྡུ་སྐོང་བྱས་ནས། རོགས་ཚོགས་ཁག་གི་རོགས་དངུལ་ཁ་བསྒྱུར་སོགས་ཀྱི་ལས་དོན་ཐད་གོ་བསྡུར་དང་མཉམ་ལས་ཀྱི་ལས་དོན་གོང་མཐོར་དང་། བཀའ་ཤག་སྐབས་ ༡༦ པའི་གྲངས་ཐོ་ཞིབ་བཤེར་གྱི་ལས་གཞི་གང་མགྱོགས་ལེགས་གྲུབ་དང་གྲངས་ཐོ་སོགས་ལ་གཞིགས་ནས་མི་མང་གི་བདེ་སྡུག་ལྟ་ཞིབ་བགྱིས་ཏེ་ལས་དོན་ཚགས་ཚུད་ཡོང་རྒྱུར་རེ་འདུན་བཅང་གི་ཡོད་སྐོར་གསུངས་སོང་། 

རྩིས་ལོ་གསར་པས་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་༢༠༢༤་་་༢༥ ལོའི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ། དམིགས་བཀར་ལས་འཆར་བཅས་ཀྱི་ཕྱོགས་སྡོམ་གྱི་འགྲོ་གྲོན་དགོས་དངུལ་སྒོར་ས་ཡ་ ༣༣༣༡། ༥༥ འཆར་འབུལ་གནང་ཡོད་ཅིང་། རྩིས་ལོ་༢༠༢༣་་་༢༤ ལོའི་ཐོག་མའི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་སྒོར་ས་ཡ་ ༣༠༣༤། ༠༡ ལས་སྒོར་ས་ཡ་ ༢༩༧། ༥༤ དང༌། བརྒྱ་ཆ་ ༩། ༨༡ མང་བ་བྱས་ཡོད་འདུག་ལ། སྔོན་རྩིས་འཆར་འགོད་ཚོགས་ཆུང་གིས་ཞིབ་འཇུག་བྱས་པ་བརྒྱུད།  རྩིས་ལོ་འདིའི་ནང་སྔ་ལོ་ལས་སྔོན་རྩིས་འཆར་འབུལ་སྒོར་ས་ཡ་ ༢༩༧། ༥༤ དང་བརྒྱ་ཆ་ ༩། ༨༡ སྤར་ཡོད་པ་དེར། བཀའ་ཤག་གི་རྒྱབ་གཉེར་གནང་བའི་འགྲོ་གྲོན་ལ་ཚོགས་ཆུང་གི་ངོས་ནས་ཆེད་གཉེར་གྱིས་སྤར་གཅོག་གང་ཡང་བྱས་མེད་ཀྱང་། ནང་སྲིད་ལས་ཁུངས་ཀྱི་སྣུམ་འཁོར་གསར་ཉོའི་ཆེད་མཐའ་མའི་འཕར་སྣོན་རིན་ཚད་བརྒྱ་ཆ་ ༢༥ ནས་བརྒྱ་ཆ་༡༨ གཅོག་ཆའི་གྲོས་འཆར་ཕུལ་ཡོད་འདུག

ཡང་དེ་རིང་གི་ལས་ཉིན་སྟེང་ཕྱི་ལོ་ ༢༠༢༣ ཟླ་ ༣ པའི་ཚེས་ ༡༦ ཉིན་གྱི་སྔ་དྲོར་བོད་དོན་ཐོག་རྒྱབ་སྐྱོར་ཡུན་རིང་གནང་མཁན་ལ་དྭགས་བླ་མ་བློ་བཟང་མཆོག་དགུང་ལོ་ ༩༣ གྱི་ཐོག་ལྡི་ལིར་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཞིག་བཏོན་གནང་སོང་།

 

གསར་འགོད་པ། དོན་འགྲུབ་བཀྲ་ཤིས། དཔལ་ལྡན། རྩོམ་སྒྲིག་པ་སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༡༠ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese