མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་གླིང་ནང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༣/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཨོ་གླིང་སྐུ་ཚབ་དོན་གཅོད་ཀྱིས་ཨོ་གླིང་གཞུང་ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དང་ལྷན་དུ་བོད་ནང་གི་ཛ་དྲག་གི་གནས་སྟངས་གླེང་སློང་དགོས་པའི་རེ་སྐུལ་ཞུས་འདུག

བོད་མི་དང་ཧོང་ཀོང་བ་སོགས་མཉམ་འབྲེལ་གྱིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་ངོ་རྒོལ་ལས་འགུལ་སྤེལ་བཞིན་འདུག བོད་ཀྱི་དུས་བབ་གསར་ཁང་གི་པར། ༡༩།༠༣།༢༠༢༤

སང་ཉིན་ཕྱི་ཚེས་ ༢༠ ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་དང་ཨོ་གླིང་གི་ཕྱི་སྲིད་བློན་ཆེན་པེ་ནི་ཝོང་ (Penny Wong) གཉིས་ཚོང་འབྲེལ་དང་བདེ་སྲུང་སླད་ཐུག་འཕྲད་བྱ་འཆར་ཡོད་པར་བརྟེན། ཨོ་གླིང་གི་རྒྱལ་ས་ཁེན་བྷེ་ར་ (Canberra) རུ་བོད་མི་དང་ཧོང་ཀོང་བ་སོགས་མཉམ་འབྲེལ་གྱིས་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་བཞིན་འདུག

དེ་འབྲེལ་ཐད་ཨོ་གླིང་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱིས། ཨོ་གླིང་གི་ཕྱི་སྲིད་བློན་ཆེན་པེ་ནི་ཝོང་ (Penny Wong) ལགས་སུ་ཕྱག་བྲིས་ཤིག་ཕུལ་ཏེ། ཨོ་རྒྱ་གཉིས་ཀྱི་མགོ་ཁྲིད་ཐུག་འཕྲད་སྐབས་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་གླེང་སློང་དང་གྲོས་མོལ་གནང་དགོས་པའི་རེ་སྐུལ་ཞུས་ཡོད་འདུག་ལ། ཞུ་ཡིག་དེའི་ནང་། ད་ལན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཨོ་གླིང་དུ་ཡོང་གི་ཡོད་པར་བརྟེན། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གླེང་སློང་བྱ་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡིན་པ་གསལ་སྟོན་དང་། བོད་ནང་དུ་རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་མི་སེར་སྤེལ་ཡུལ་དང་གཏན་འཇགས་སློབ་གྲྭ་ཁག་ཏུ་བོད་ཕྲུག་ས་ཡ་ ༡ ལྷག་བཙན་གྱིས་རྒྱ་སྒྱུར་སློབ་གསོ་སྤྲོད་ཀྱི་ཡོད་སྐོར་དང་། བོད་མིའི་ཆོས་དད་རང་དབང་ལ་དམ་དྲག བོད་མི་རྣམས་ནག་ཉེས་མེད་པར་འཛིན་བཟུང་དང་། ཉེ་ལམ་ཁམས་སྡེ་དགེའི་ཁུལ་དུ་བོད་མི་ཞི་རྒོལ་བ་རྣམས་ལ་དྲག་གནོན་བྱས་དང་བྱེད་མུས་ཡིན་པ་སོགས་བོད་ནང་གི་ཛ་དྲག་གནས་སྟངས་གསལ་བཤད་དང་། ཨོ་གླིང་གཞུང་གིས་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་བྱེད་སྐབས། འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དེ་ཚོང་འབྲེལ་ལས་ཀྱང་གལ་ཆེ་བ་བརྩི་གནང་ཡོང་བའི་འབོད་སྐུལ་ཞུས་འདུག་ལ། ཨོ་གླིང་གཞུང་གི་ངོས་ནས་ཕྱི་འབྲེལ་ཐབས་ཇུས་བེད་སྤྱོད་བྱས་ཏེ་བོད་ནང་གི་ཛ་དྲག་གནས་སྟངས་སེལ་ཐབས་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

ཞུ་ཡིག་ནང་དོན་ཚན་བཞི་ཅན་གྱི་འབོད་སྐུལ་ཞུས་པའི་ནང་། གཅིག བོད་ནང་དུ་ཆོས་དང་རིག་གཞུང་། ཁོར་ཡུག་གཏོར་བཤིག་གཏོང་བཞིན་པ་ཐེར་འདོན་གྱིས་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྐོར་གླེང་སློང་གནང་རྒྱུ་དང་། གཉིས། རྒྱ་ནག་གཞུང་ནས་ཁམས་སྡེ་དགེའི་ཞི་རྒོལ་བ་བཙོན་འཇུག་བྱས་པ་རྣམས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་འཕྲལ་དུ་ཀློད་གྲོལ་དང་། ཁོང་ཚོར་དུས་ཐོག་སྨན་བཅོས་མཐུན་རྐྱེན་སྦྱར་རྒྱུའི་འབོད་སྐུལ་གནང་དགོས། གསུམ། རྒྱ་ནག་གཞུང་ལ་བོད་ནང་རྒྱལ་སྤྱིའི་ལྟ་ཞིབ་དང་། གསར་འགོད་པ་སོགས་བསྐྱོད་རྒྱུར་དམ་དྲག་བྱེད་མཚམས་འཇོག་རྒྱུར་སྐུལ་འདེད་གཏོང་རྒྱུ། བཞི། རྒྱ་ནག་གཞུང་ལ་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་རྒྱའི་གྲོས་མོལ་སླར་གསོ་ཡོང་ཐབས་ལ་སྐུལ་འདེད་གཏོང་དགོས་བཅས་པ་རེད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

སྐར་མ ༨ སྔོན་ལ།
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

སྐར་མ ༤༧ སྔོན་ལ།
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༢ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

ཆུ་ཚོད་ ༥ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese