མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༢༣ ལོའི་བོད་ནང་གི་གནས་སྟངས་སྐོར་གྱི་སྙན་ཐོ་ཞིག་བཏོན།

བོད་ཀྱི་དུས་བབ།
༢༠༢༤/༠༣/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་ ༢༠༢༣ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཀྱི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་འདས་ལོར་རྒྱ་ནག་གཞུང་གིས་ཉུང་མཐར་ཡང་བོད་མི་ ༣༧ ལྷག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

ཕྱི་ལོ་ ༢༠༢༣ ལོའི་བོད་ནང་གི་གནས་སྟངས་སྐོར་གྱི་སྙན་ཐོ་ཞིག་བཏོན། ༢༠༢༤། ༣། ༢༠ བོད་ཀྱི་དུས་བབ་ཀྱི་པར།

དེ་རིང་ཕྱི་ཟླ་ ༣ ཚེས ༢༠ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། ཕྱི་ལོ་ ༢༠༢༣ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཀྱི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ཁྲོད། རྒྱ་ནག་གཞུང་གིས་འདས་ལོར་གཅིག་པུར་བོད་མི་གྲངས་ ༣༧ ལྷག་གང་བྱུང་འཛིན་བཟུང་བཀག་ཉར་དང་། བོད་མི་བཞི་ཀློད་གྲོལ་དང་དྲུག་གར་སོང་ཆ་མེད། གསུམ་འདས་གྲོངས་དང་། དེ་བཞིན་བོད་མི་དྲུག་ལ་ཁྲིམས་ཐག་བཅད་ཡོད་ཀྱང་།  རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་བོད་མི་མང་དག་ཅིག་གི་ད་ལྟའི་དངོས་ཡོད་ཀྱི་གནས་སྟངས་ཤེས་རྟོགས་བྱུང་གི་མེད་པ་རེད་འདུག

ལྟེ་གནས་ཁང་དེས་སྤེལ་བའི་གསལ་འགོད་བསྒྲགས་གཏམ་ནང་། ཕྱི་ལོ་ ༢༠༢༣ ལོའི་ལོ་མགོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་དུ་མུ་མཐུད་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་སོགས་འགྲོ་བ་མིའི་ཐོབ་ཐང་ཁག་ལ་བཀག་སྡོམ་སྔར་ལྷག་བྱས་ཐོག གཞིས་བྱེས་བོད་མི་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་དུ་རིག་གཞུང་བཙན་བསྒྱུར་གྱི་ལས་གཞི་སྤེལ་བཞིན་པ་མཚམས་འཇོག་དགོས་པའི་དགོས་འདུན་ལན་མང་བཏོན་པ་ལ་ཉན་འཇོག་མ་བྱས་པར་མུ་མཐུད་བོད་ནང་དུ་རྒྱ་བསྐྱུར་གྱི་སློབ་གསོའི་ལམ་ལུགས་སྤེལ་ཤུགས་ཇེ་ཆེར་བཏང་ནས་མི་རིགས་རྒྱ་བསྒྱུར་དང་རིག་གཞུང་བཙན་བསྒྱུར་གྱི་ལས་འགུལ་མངོན་གསལ་དོད་པོར་སྤེལ་བཞིན་འདུག རྒྱ་གཞུང་གིས་སྤྱི་ཚོགས་བརྟན་རླིང་དང་དྲྭ་ལམ་གྱི་བདེ་འཇགས་སོགས་ཀྱི་མིང་ཐོག་ནས་བོད་མི་ཚོའི་འདུ་འཛོམས་རང་དབང་ལ་མུ་མཐུད་བཀག་སྡོམ་ཆེས་ཆེར་བྱེད་པར་དྲང་བདེན་མ་ཡིན་པའི་སྲིད་ཇུས་ལག་བསྟར་བྱེད་པར་དྲྭ་ལམ་དང་ཡུལ་དངོས་གཉིས་ནས་བསམ་ཚུལ་འཆད་མཁན་དང་སྐྱོན་བརྗོད་བྱེད་མཁན་གྱི་བོད་མི་ཚོ་འཇུ་བཟུང་མནར་གཅོད་དང་བཙོན་འཇུག་ཁྲིམས་ཆད་སོགས་བྱས་དང་བྱེད་མུས་རེད། ཅེས་བསྒྲགས་འདུག

གསལ་འགོད་བསྒྲགས་གཏམ་ནང་། རྒྱ་ནག་གཞུང་གིས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དོ་དམ་བྱེད་ཐབས་ཀྱི་སྒྲིག་ཁྲིམས་གསར་པ་སོགས་བཟོས་ནས་ཆོས་ཕྱོགས་ཀྱི་ལས་དོན་མཐའ་དག་རྒྱ་གཞུང་རང་གི་དོ་དམ་འོག་བཅུག་སྟེ་བོད་མི་རྣམས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་སྔར་ལྷག་རྡོག་རོལ་ཚབས་ཆེན་གཏོང་བཞིན་ཡོད་པའི་སྐོར་དང་། རྒྱ་ནག་གཞུང་གིས་བཀག་ཉར་འོག་ཏུ་ཡོད་པའི་བོད་མི་རྣམས་ལ་ཁྲིམས་བཤེར་གྱི་ཐོབ་ཐང་དང་། ཁྲིམས་རྩོད་པ་གླས་པ། ཁྲིམས་འགལ་ཐོག་ནས་ཡུན་རིང་བཀག་ཉར་བྱས་པའི་སྐོར། བཙན་གནོན་འོག་ཡོད་པའི་བོད་མི་རྣམས་ལ་གཅར་རྡུང་ཚད་མེད་བཏང་ནས་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་བཅས་ཀྱི་སྐོར་སོགས་གསལ་འདུག

ཡང་གསལ་འགོད་བསྒྲགས་གཏམ་ནང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་གཏོང་རྒྱུ་ནི་སྐབས་བབ་ཀྱི་གནད་དོན་གལ་ཆེ་ཤོས་ཤིག་ཡིན་པ་མཟད། བོད་མི་རིགས་ཀྱི་འཚོ་གནས་དང་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་གནས་ལ་ཐད་ཀར་འབྲེལ་བ་ཡོད་པས་རྒྱ་ནག་གཞུང་གིས་ངེས་པར་དུ་རྒྱལ་སྤྱིའི་སྤྱི་ཆིངས་དང་རང་གི་རྩ་ཁྲིམས་དང་བཅའ་ཁྲིམས་སོགས་ཀྱིས་བསྐུལ་བའི་ལས་འགན་དག་ཚུལ་བཞིན་བསྒྲུབས་ཏེ་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་ནན་པོ་བྱེད་དགོས། ཞེས་འཁོད་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་ ༢༠༢༣ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཀྱི་ལོ་འཁོར་སྙན་ཐོའི་ནང་དོན་ཚན་བརྒྱད་ཡོད་པའི་ཁྲོད། རྒྱ་ནག་གཞུང་གི་དམ་དྲག་དང་བཙན་གནོན་འོག་གི་ཕྱི་ལོ་ ༢༠༢༣ ལོའི་བོད་ནང་གི་སྨྲ་བརྗོད་རང་དབང་གི་གནས་བབ་ཀྱི་སྐོར་དང་། ཤེས་ཡོན་དང་སྐད་ཡིག་གི་ཐོབ་ཐང་། གང་བྱུང་འཇུ་བཟུང་དང་མནར་གཅོད་ཀྱི་སྐོར། བོད་ནང་གི་ཆོས་དད་རང་དབང་གི་གནས་བབ་སོགས་ཀྱི་ཐད་གསལ་སྟོན་བྱས་ཡོད་འདུག

གསར་འགོད་པ། དོན་གྲུབ་བཀྲ་ཤིས། དཔལ་ལྡན། རྩོམ་སྒྲིག་པ་སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༡༠ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese