མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་གཙུག་ལག་ཁང་གི་བསླབ་པ་མཐར་སོན་མཛད་སྒོ་འཚོགས།

བོད་ཀྱི་དུས་བབ།
༢༠༢༤/༠༣/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་རིགས་པའི་ལམ་ནས་དྲངས་པའི་རྣམ་དཔྱོད་ཀྱི་ཤེས་རབ་དེ་ནམ་ཡང་རྨོངས་དད་ཀྱི་རྗེས་སུ་མི་འགྲོ་བར་རིགས་པའི་རྗེས་སུ་འགྲོ་བར་བྱ་དགོས་པ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་གཙུག་ལག་ཁང་གི་སྐབས་དྲུག་པ་དང་བདུན་པའི་བསླབ་པ་མཐར་སོན་མཛད་སྒོ། གྲྭ་ཚང་གི་ངོ་དེབ་ལས་བླངས། ༢༠༢༣།༠༤།༢༠

ཁ་སང་ཕྱི་ཚེས་ ༢༠ ཉིན་གངས་སྐྱིད་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་དུ། གཙུག་ལག་ཁང་གི་སྐབས་དྲུག་པ་དང་བདུན་པའི་བསླབ་པ་མཐར་སོན་གྱི་གཟེངས་བསྟོད་མཛད་སྒོ་འཚོགས་ཡོད་ཅིང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་། གནས་ཆུང་སྐུ་རྟེན་ཐུབ་བསྟན་དངོས་གྲུབ་མཆོག མཆོག་སྤྲུལ་རིན་པོ་ཆེ་བསྟན་འཛིན་བློ་གསལ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་འཕར་ཀུན་དགའ་རྒྱལ་མཚན་ལགས། དྷ་ས་རིགས་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་བསམ་གཏན་རྒྱ་མཚོ་ལགས་བཅས་གྲྭ་མང་འདུས་སྡེ་གདན་འཛོམས་ཐོག་བསླབ་པ་མཐར་སོན་པ་དགེ་འདུན་པ་བཅུ་ལ་ལག་འཁྱེར་གནང་ཡོད་འདུག

སྐབས་དེར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས། གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་ཞེས་པ་འདས་པའི་ལོ་ ༥༠༠ ཡས་མས་ཀྱི་རིང་བོད་གངས་ཅན་ལྗོངས་ལ་གལ་གནད་ཆེ་བ་ཞིག་ཡིན་པ་རེད། འབྲས་སྤུངས་དང་ཐག་ཉེ་བོ་ཡིན་ཞིང་། གྲྭ་ཚང་ནང་དགེ་འདུན་གྱི་ཞལ་གྲངས་མང་པོ་མེད། སྐུ་རྟེན་རྣམ་པ་ཚོ་བརྒྱུད་ནས་ལྷ་རྩེ་ཞུགས་པར་བརྟེན་ནས་གཞུང་མང་གཉིས་ཀྱི་ལས་དོན་ཆེན་པོ་བསྒྲུབ་ཆེད་སྔགས་ཕྱོགས་ཀྱི་གྲྭ་ཚང་ཞིག་ཡིན། མཚན་ལ་གནས་ཆུང་ཞེས་བཏགས་པ་བཞིན་གཞི་རྒྱ་ཆེན་པོ་མེད་ཀྱང་གནད་འགག་ཆེན་པོ་ཞིག་ཆགས་ཡོད། པེ་ཧར་རྒྱལ་བོའི་རྟེན་གཞི་རྩ་ཆེན་ཞིག་ཡིན་ལ། ཟླ་རེའི་ཚེས་པ་གཉིས་ཉིན་འབྲས་སྤུངས་ཀྱི་གྲྭ་བ་རྣམས་ལྷ་རྩེ་ཞུགས་སར་འགྲོ་བཞིན་ཡོད་པས། དེ་ནི་སློབ་གཉེར་སྐབས་བར་ཆད་སེལ་བ་དང་། ལྷ་དང་མི་བར་གྱི་འབྲེལ་བ་འཇོག་སྟངས་གཙོ་བོ་ཞིག་ལ་བརྩི་བཞིན་ཡོད་པ་རེད། ཅེས་གསུངས་སོང་།

ཡང་ཁོང་གིས། བོད་ནང་སྔགས་ཕྱོགས་ཀྱི་གྲྭ་ཚང་སོ་སོའི་ནང་རང་ཉིད་ཀྱི་སྐབས་སུ་བབ་པའི་ལས་འགན་བསྒྲུབ་རྒྱུ་དང་། སོ་སོའི་རྒྱུན་ལྡན་གྱི་ཆོ་ག་ཕྱག་ལེན་གནང་རྒྱུ་ཙམ་མ་གཏོགས་མཚན་ཉིད་ཀྱི་སློབ་གཉེར་ལམ་སྲོལ་མེད་པ་རེད། བོད་ནང་གནས་ཆུང་དགོན་པ་མཚན་ཉིད་ཀྱི་སློབ་གཉེར་གྱི་ལུགས་སྲོལ་ཡོད་ཚེ། འབྲས་སྤུངས་དགོན་པར་གོམ་པ་བརྒྱབ་ནས་སླེབས་ཐུབ་པ་ཞིག་རེད། འོན་ཀྱང་ང་ཚོ་རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་རྗེས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཡང་ནས་ཡང་དུ་བཀའ་སློབ་གནང་སྟེ། ཆོས་བརྒྱུད་ཚང་མའི་ནང་གཞུང་ཆེན་མོར་མཚན་ཉིད་ཀྱི་སློབ་གཉེར་བྱེད་པའི་ལམ་སྲོལ་གསར་འཛུགས་གནང་བ་ཞིག་རེད། དེ་ནི་ངས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུན་མོང་མ་ཡིན་པའི་མཛད་འཕྲིན་ཁྲོད་གལ་ཆེ་བ་ཞིག་ལ་བརྩི་བཞིན་ཡོད། རྒྱུ་མཚན་ནི་ནང་པ་སངས་རྒྱས་པའི་ཆོས་དེ་དད་པའི་རྗེས་འབྲངས་མ་ཡིན་པར་ཤེས་རབ་ཀྱི་རྗེས་འབྲངས་ཤིག་ཆགས་ཡོད། ཡིད་ཆེས་དང་། དད་པར་བརྟེན་པའི་སྨོན་ལམ་གྱིས་ས་ལམ་གྱི་ལམ་བགྲོད་ཐུབ་ཀྱི་མེད་པ་རེད། ལས་དོན་ཅི་ཞིག་བསྒྲུབ་ཀྱང་སོ་སོའི་ཉམས་སུ་བླངས་བའི་འབྲས་བུ་ཞིག་ཐོབ་པ་མ་གཏོགས། ཉམས་ལེན་མ་བྱས་པར་དད་པ་དང་ཡིད་ཆེས་ཀྱི་སྨོན་ལམ་གྱི་ཐོག་ནས་འགྲུབ་པའི་ཆོས་ཞིག་མེད་པ་ཡིན་དུས། སངས་རྒྱས་བསྟན་པར་འཇུག་པའི་རིམ་པ་དང་པོ་ནི་ཚུལ་ཁྲིམས་སྲུང་བ་དང་། དེའི་ཐོག་ཐོས་བསམ་སྒོམ་གསུམ་བྱ་རྒྱུ་དེ་ཡིན། ཞེས་གསུངས་སོང་།

དེ་བཞིན་ཁོང་གིས། བསླབ་པ་མཐར་སོན་པའི་རྗེས་ལ་བསྟན་པའི་ཞབས་འདེགས་ཞུ་བའི་ཚུལ་ག་འདྲ་དགོས་པ་ངས་གསར་པ་ཞུ་རྒྱུ་ཆགས་ཀྱི་མེད། དེ་ཡང་གཞུང་ལུགས་ནང་ལ་གཏན་འཁེལ་བ་ཞིག་རེད། བསྟན་པའི་ཞབས་འདེགས་ཞེས་པ་དེ། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།།ལུང་དང་རྟོགས་པའི་བདག་ཉིད་དོ།།དེ་འཛིན་བྱེད་པ་སྨྲ་བྱེད་པ།།སྒྲུབ་པར་བྱེད་པ་ཁོ་ན་ཡིན།། ཞེས་བསྟན་པའི་བྱ་བ་སྒྲུབ་སྟངས་དེ་ཐོས་བསམ་གྱི་སྒོ་ནས་སློབ་སྦྱོང་བྱ་རྒྱུ་དང་། སྒོམ་པའི་སྒོ་ནས་ཉམས་སུ་ལེན་རྒྱུའམ་སྒྲུབ་པར་བྱ་རྒྱུ་གཉིས་ལས། གཞན་པའི་བསྟན་པའི་བྱ་བ་བྱེད་སྟངས་གཞན་ཞིག་མེད་པ་རེད། དེ་གཉིས་གཙོ་བོ་རེད་ཅེས་མ་གསུངས་པར། སྒྲུབ་པར་བྱེད་པ་ཁོ་ན་ཡིན་ཞེས་པའི་ཁོ་ན་ཞེས་པའི་ཚིག་དེ་གཞན་ལྡན་རྣམ་གཅོད་ཀྱི་ཚིག་རེད། དེ་ལས་གཞན་པའི་ཐབས་ལམ་གཞན་གང་ཡང་ཡོད་མ་རེད།  དེ་འདྲ་ཡིན་དུས་བསླབ་པ་མཐར་སོན་པ་ཞེས་པ་དེ་སློབ་ཚན་དང་འཛིན་གྲྭ་ངེས་ཅན་ཞིག་བརྒྱུད་ནས་ལོ་རེ་ལོ་རེར་སློབ་སྦྱོང་བྱས་ནས་ཚད་གཞི་ཡོད་པའི་གཞུང་ཆེན་བཀའ་པོད་ལྔ་དང་། གཞུང་ཆེན་བཅུ་གསུམ། གཞུང་ཆེན་བཅོ་བརྒྱད་བཅས་གང་ཡིན་ཡང་། ཐོག་མ་ནས་བསླབ་གཞི་ལ་གཏན་འཁེལ་བའི་གཞུང་དེ་དག་མཐར་ཕྱིན་པའི་སྐབས་ལ་བསླབ་པ་མཐར་སོན་པ་དང་དགེ་བཤེས་ཐོན་པ་ཞེས་མིང་བཏགས་ཐོན་པ་ཞེས་སྔོན་མ་ནས་རྒྱ་གར་ནས་བྱུང་བ་ཡོད་ལ། བོད་ལའང་བྱུང་བ་རེད། དེ་ནི་ཕྱིའི་ངག་གི་རང་བཞིན་ལ་བརྟེན་པ་དང་། གཞུང་ལུགས་ལ་བརྟེན་པའི་ཐོས་བསམ་བྱ་བའི་རིམ་པ་དེ་ཚད་གཞི་བཟོ་རྒྱུ་ཡོད་པ་མ་གཏོགས། རང་གི་རྒྱུད་ལ་སྦྱར་ནས་ཐོས་བསམ་སྒོམ་གསུམ་བྱ་བའི་རིམ་པ་དེ་སངས་རྒྱས་ཀྱི་གོ་འཕང་མ་འཐོབ་བར་དུ་མུ་མཐུད་ནས་འགྲོ་དགོས་པ་དང་། དེའི་རྒྱུན་མཐུད་པ་དེ་བསྟན་པའི་བྱ་བ་དང་བསྟན་པའི་ཞབས་འདེགས་ཡིན་པ་བཤད་མི་དགོས་པ་ཞིག་ཆགས་བསྡད་ཡོད། ཅེས་གསུངས་སོང་།

མཇུག་ཏུ་ཁོང་གིས། དེ་རིང་རྒྱུགས་སྤྲོད་གཏོང་མཁན་ཚོ་ཨང་གྲངས་ཧ་ཅང་མཐོ་བོ་རག་འདུག སྤྱིར་ང་ཚོའི་སྲོལ་རྒྱུན་གྱི་རྒྱུགས་སྤྲོད་ནི་རྩོད་རྒྱུགས་དང་ངག་རྒྱུགས་མ་གཏོགས་མེད། དེང་རབས་ཀྱི་འབྲི་རྒྱུགས་ཟེར་བ་དེ་དེང་རབས་ཀྱི་ཤེས་ཡོན་སྤྱི་ཚོགས་ཆགས་ཡོད། བཤད་སྲོལ་ཞིག་ཡོད། དེང་སང་འབྲི་རྒྱུགས་ལ་ཞིབ་འཇུག་བྱས་ཏེ་བརྒྱ་ཆ་ཨང་གྲངས་སྤྲོད་པ་ནུབ་ཕྱོགས་པའི་རྒྱུགས་ལེན་སྟངས་ལམ་སྲོལ་ཞིག་རེད། ད་ལྟ་ང་ཚོས་ལམ་སྲོལ་དེ་བེད་སྤྱོད་གཏོང་བཞིན་ཡོད་པ་རེད། རྒྱུགས་སྤྲོད་དེས་གང་ཤེས་ཀྱི་མེད་པ་ཧ་གོ་བའི་ཆེད་དུ་རེད། དེའི་ཐོག་གང་ཤེས་ཀྱི་ཡོད་པ་ལྟ་ཐུབ་ཀྱི་མ་རེད། རྒྱུགས་ཤོག་དེས་རྒྱུགས་སྤྲོད་མཁན་གྱི་ཤེས་ཡོན་ཚད་མཐོ་བོ་གང་འདྲ་ཡིན་མིན་ཚད་ཐུབ་རྒྱུ་ཁག་པོ་རེད། གང་དང་གང་ཤེས་ཀྱི་མེད་པ་རྩད་གཅོད་གཏོང་བའི་སྲོལ་ལྟ་བུ་ཆགས་ཀྱི་ཡོད་པ་རེད། དེང་སང་རྒྱ་གར་སྤྱི་ཡོངས་ཀྱི་སློབ་གྲྭའི་འགྲོ་སྟངས་ལྟར་ན་ཨང་གྲངས་ ༨༠ དང་ ༩༠ ཧ་ཅང་ཚད་མཐོ་བོ་རེད། སྤྱིར་དྲི་ཤོག་ག་འདྲ་བཟོ་བ་དང་། བརྒྱ་ཆ་སྤྲོད་སྟངས་ལ་རྒྱུས་མེད་ཀྱང་། བརྒྱ་ཆ་ལོན་ཡོད་པས་རྗེས་སུ་ཡི་རངས་བྱ་དགོས་པ་ཞིག་རེད། ཡིན་ནའང་ད་ལྟ་ཐོན་པའི་རྒྱུགས་སྤྲོད་དེ་རྒྱུགས་སྤྲོད་ཀྱི་སྦྱོང་བརྡར་ལྟ་བུ་རེད། མི་ཚེའི་རྒྱུགས་སྤྲོད་ད་ལྟ་གཞི་ནས་བསྡད་ཡོད། མི་ཚེའི་རྒྱུགས་སྤྲོད་དེ་དྲི་བ་དྲིས་ལན་དང་། རྩོད་རྒྱུགས། ངག་རྒྱུགས་ཐོག་ནས་སྤྲོད་རྒྱུ་མེད་ཅིང་། དེ་ནི་མི་ཚེ་བསྐྱལ་ནས་རྒྱུགས་སྤྲོད་དགོས་པ་ཞིག་རེད། མི་ཚེའི་རྒྱུགས་སྤྲོད་ནང་ལ་རྒྱུགས་མ་འཕྲོད་པར་ལྷག་ཚེ་ཧ་ཅང་ཐབས་སྐྱོ་བོ་རེད། མི་ཚེའི་རྒྱུགས་སྤྲོད་ནང་ལ་རྒྱུགས་འཕྲོད་པར་སོ་སོའི་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་དང་། རིགས་པའི་ལམ་ནས་དྲངས་པའི་རྣམ་དཔྱོད་ཀྱི་ཤེས་རབ་དེ། ནམ་ཡང་རྨོངས་དད་ཀྱི་རྗེས་སུ་མི་འགྲོ་བར་རིགས་པའི་རྗེས་སུ་འགྲོ་བར་བྱ་དགོས་པ་གལ་ཆེན་པོ་ཆགས་ཀྱི་ཡོད། ལེགས་པར་བརྟག་ལ་ང་ཡི་བཀའ།།བླང་བར་བྱ་ཡི་གུས་ཕྱིར་མིན།། གསུངས་པ་དེ་ག་དུས་ཡིན་ཡང་ཐུགས་ལ་འཇོག་དགོས་པ་ཞིག་རེད། ཅེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese