མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཚོ་རྒྱ་ནག་གི་ལག་ཆར་མི་འགྱུར་བའི་རེ་སྐུལ་གནང་། 

བོད་ཀྱི་དུས་བབ།
༢༠༢༤/༠༣/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་རྒྱལ་གཙོས་ས་གནས་གང་སར་བཞུགས་པའི་བོད་མི་རྣམས་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་ལག་ཆ་མི་འགྱུར་རྒྱུར་གཙོ་འདོན་གནང་དགོས་པའི་ལམ་སྟོན་གནང་སོང་། 

སྤྱིར་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མི་རྣམས་དང་རྒྱལ་ཁབ་གཞན་ཁག་གི་མགོ་ཁྲིད་ཚོ་བེད་སྤྱད་ནས་བོད་ནང་གི་དངོས་ཡོད་ཀྱི་གནས་སྟངས་མང་དག་ཅིག་འཁྱོག་བརྗོད་བྱེད་ཐབས་གནང་གི་ཡོད་པ་ལྟར། དེ་རིང་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བཞི་པའི་ཚོགས་དུས་གསུམ་པའི་སྟེང་སུད་སི་སྐུ་ཚབ་དོན་གཅོད་ཀྱི་རྒྱུན་གྲོན་དང་འབྲེལ་ནས། ཉེ་ལམ་རྒྱ་ནག་གཞུང་གིས་བོད་རིགས་གཞན་མ་བདེ་ཆེན་ཤག་ལགས་ཀྱིས་བོད་ནང་དུ་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་བཅའ་སྡོད་སློབ་གྲྭའི་ཕན་ནུས་དང་དགེ་མཚན་སོགས་ཀྱི་ཐད་ལ་གླེང་སློང་བྱས་ཡོད་ལུགས་ཀྱི་དྲིལ་བསྒྲགས་བྱས་ཡོད་པས། སྤྱི་འཐུས་ཁག་ཅིག་གིས་ཕྱིའི་རྒྱལ་ཁབ་ཏུ་ཡོད་པའི་བོད་མི་གཙོས་བོད་མི་རྣམས་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་ལག་ཆར་མི་འགྱུར་བ་བྱ་དགོས་སྐོར་གསུངས་སོང་། 

དེའི་ཐད་ཡུ་རོབ་སྤྱི་འཐུས་ཚ་ཁོ་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས། ཉེ་ལམ་ལྷན་ཚོགས་ཤིག་གི་ཐོག་རྒྱ་ནག་གཞུང་གིས་བོད་རིགས་སྒྱུ་རྩལ་བ་བདེ་ཆེན་ཤག་ལགས་སུ་སྐར་མ་བཅུ་ལྷག་གི་སྐད་ཆ་བཤད་བཅུག་ཡོད་ཅིང་། རྒྱ་ནག་གཞུང་འབྲེལ་གསར་ཁང་གི་གསར་འགོད་པས་མོས་བཤད་པའི་སྐད་ཆ་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱི་འདུག་ཀྱང་། ཁོང་མོས་དོན་དངོས་ཐོག་ག་རེ་བསམ་གྱིན་པའི་འགྲེལ་བཤད་བྱ་རྒྱུ་ཡིན་འདུག་པས། ཚང་མས་རེ་ཞིག་ཁོང་མོའི་གསལ་བཤད་ལ་སྒུག་ནས་གནད་དོན་གཙང་སེལ་བྱ་དགོས་སྐོར་དང་། སྤྱིར་རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་གོང་ནས་ཕྱི་རྒྱལ་བ་ཁག་བེད་སྤྱད་ནས་རྒྱལ་སྤྱིའི་ནང་བོད་ནང་གི་གནད་དོན་མང་དག་ཅིག་འཁྱོག་བརྗོད་དང་རྒྱ་ནག་གི་ལང་ཕྱོགས་དྲིལ་བསྒྲགས་བྱེད་ཀྱི་ཡོད་སྐོར་གསུངས་སོང་། 

སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། ཉེ་ལམ་སུད་སི་ནང་ཡོད་པའི་བོད་རིགས་བུད་མེད་ཅིག་གིས་རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་ལྷན་ཚོགས་ཤིག་གི་ཐོག བོད་ནང་གི་བཅའ་སྡོད་སློབ་གྲྭའི་སྐོར་བཤད་པ་དེ་རྒྱ་ནག་གཞུང་གིས་ཕྱི་བསྒྲགས་བྱེད་ཀྱི་ཡོད་ཅིང་། ད་ལན་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ལག་ཆར་གྱུར་ནས་བེད་སྤྱོད་བྱས་ཟིན་ཡོད་ཀྱང་། སྐུ་ཚབ་དོན་གཅོད་ཁང་ཁག་གིས་གཙོས་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་ལག་ཆ་དང་གཡོ་འོག་ཏུ་མི་ཚུད་པའི་དོགས་ཟོན་བྱ་དགོས་སྐོར་དང་། སྤྱིར་འདས་པའི་ལོ་ཤས་རིང་འབུམ་རམས་པ་རྒན་རྒྱལ་ལོ་ལགས་སོགས་ཀྱིས་སྐུ་ལས་ཚད་མེད་བསྐྱོན་ནས་བོད་ནང་དུ་རྒྱ་ནག་གཞུང་གིས་གཉེར་མུས་ཡིན་པའི་བཅའ་སྡོད་སློབ་གྲྭའི་གནད་དོན་ཐད་རྒྱལ་སྤྱིའི་སྤྱི་ཚོགས་སུ་གླེང་སློང་ཤུགས་ཆེན་བྱེད་ཀྱི་ཡོད་པས། རྒྱ་ནག་གཞུང་གིས་སྲིད་ཇུས་གཞན་ཞིག་གི་ཐོག་ནས་བོད་ནང་གི་བཅའ་སྡོད་སློབ་གྲྭའི་གནད་དོན་གྱི་སྐོར་ལ་དཀར་འདོན་བྱེད་ཐབས་བྱེད་ཀྱི་ཡོད་པས། བོད་མི་ཚོ་རྒྱ་ནག་གི་ལག་ཆར་མི་འགྱུར་རྒྱུ་གཙོ་འདོན་གནང་དགོས་པའི་རེ་སྐུལ་ཞུས་སོང་། 

རྒྱ་ནག་ཉིན་རེའི་གསར་ཁང་(China Daily) གི་ཡུ་རོབ་ཁུལ་གྱི་འགན་འཛིན་ཁྲིན་ཝེ་ཧྥ་(Chen Weihua) ཟེར་བ་ཞིག་གིས་ཨེག་སི་(X) སྤྱི་ཚོགས་དྲ་ལམ་དུ། བོད་རིགས་སྒྱུ་རྩལ་བ་བདེ་ཆེན་ཤག་ཟེར་བ་ཞིག་གིས་སུད་སི་ཇེ་ནི་ཝ་རུ་ཚོགས་པའི་ལྷན་ཚོགས་ཤིག་གི་ཐོག རྒྱ་ནག་གཞུང་གིས་བོད་ནང་སྤེལ་མུས་ཡིན་པའི་བཅའ་སྡོད་སློབ་གྲྭའི་ལས་གཞི་དེ་ལམ་ལྷོང་དང་དོན་འཁྱོངས་ཡོང་བའི་རེ་སྨོན་དང་། དེ་སྔོན་མོ་རང་བོད་ཀྱི་རྒྱལ་ས་ལྷ་སར་རིག་གཞུང་འཁྲབ་སྟོན་དུ་སྐྱོད་སྐབས། ཚང་མས་ས་གནས་གང་སར་བོད་སྐད་བཤད་ཀྱི་ཡོད་པས་དགའ་ཚོར་བྱུང་ཡོད་ལུགས་བཤད་ཡོད་སྐོར་དྲིལ་བསྒྲགས་བྱས་འདུག 

གསར་འགོད་པ། དོན་གྲུབ་བཀྲ་ཤིས། དཔལ་ལྡན། རྩོམ་སྒྲིག་པ་སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༡༠ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese