མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་འབྲེལ་སྤྱི་འཐུས་ཕྱོགས་སྐྱོད་ཕྱིར་འཐེན་དང་འབྲེལ་བའི་གྲོས་འཆར་ལ་མང་མོས་རྒྱབ་སྐྱོར་ཐོབ་མ་སོང་།

བོད་ཀྱི་དུས་བབ།
༢༠༢༤/༠༣/༢༢
Share on FacebookShare on TwitterShare on EmailShare on Whatsapp

གཞུང་འབྲེལ་སྤྱི་འཐུས་ཕྱོགས་སྐྱོད་ཕྱིར་འཐེན་དགོས་མིན་ཐད་མང་མོས་འོས་བསྡུ་གནང་བར་སྤྱི་འཐུས་གསུམ་གྱིས་རྒྱབ་སྐྱོར་དང་སྤྱི་འཐུས་ ༣༤ ཡིས་རྒྱབ་སྐྱོར་མ་བྱས་སྟབས་གྲོས་ཆོད་གྲོས་འཆར་དེ་མར་ཟགས་སོང་།

དེ་རིང་བོད་མི་མང་སྐབས་བཅུ་བདུན་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་ལྔ་བའི་ཚོགས་ཐུན་དང་པོའི་སྟེང་། སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་ཀྱིས་གཞུང་འབྲེལ་སྤྱི་འཐུས་ཕྱོགས་སྐྱོད་ཀྱི་སྔར་ཡོད་གྲོས་ཆོད་དེ་ཕྱིར་འཐེན་བྱེད་དགོས་པའི་སྤྱི་འཐུས་སྒེར་གྱི་གྲོས་ཆོད་ཅིག་བསྣམས་ཡོད་པའི་ཐོག སྤྱི་ཡོངས་བགྲོ་གླེང་བྱེད་སྐབས། སྤྱི་འཐུས་གྲངས་ ༢༢ ཀྱིས་ཆ་ཤས་བཞེས་ཏེ་གཞུང་འབྲེལ་ཕྱོགས་སྐྱོད་དགོས་མིན་གསུང་མཁན་རིགས་གཉིས་བྱུང་སྟབས། ཚོགས་གཙོའི་སྟངས་འཛིན་འོག་མང་མོས་འོས་བསྡུ་བྱས་པ་བརྒྱུད་སྤྱི་འཐུས་ ༣ གྱིས་རྒྱབ་སྐྱོར་དང་སྤྱི་འཐུས་ ༣༤ ཡིས་རྒྱབ་སྐྱོར་གནང་མ་སོང་བས། གཞུང་འབྲེལ་ཕྱོགས་སྐྱོད་ཕྱིར་འཐེན་གྱི་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་དེ་ཟགས་སོང་།

གྲོས་ཆོད་དེར་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས། ཕྱིར་འཐེན་བྱས་པའི་གྲོས་ཆོད་དེ་ཚོགས་གཙོ་བགྲེས་གཞོན་གཉིས་ཕུད། དེ་མིན་སྤྱི་འཐུས་རྣམས་ཚོགས་གཙོ་བགྲེས་གཞོན་གཉིས་ཀྱིས་ས་ཆ་ཆ་བགོས་རེའུ་མིག་གཏན་འབེབས་གནང་བ་ལྟར་འགན་འཁུར་ཞུ་རྒྱུ། གོང་གསལ་ལས་འགུལ་ཞུ་རྒྱུར་འགྲོ་གྲོན་ཐད་སྤྱི་འཐུས་སོ་སོའི་འབྲེལ་ཡོད་ས་གནས་མཉམ་ཡིག་འབྲེལ་བྱ་རྒྱུ་གཙོས་སྦྲགས་གླ་ཡིག་ཆ་ཙག་ཙིག་ལ་འགྲོ་གྲོན་ཆེད་རྒྱུན་ལས་ནས་བཀའ་འཁྲོལ་མི་དགོས་པར་རྩིས་ལོ་གཅིག་ནང་སྒོར་ ༡༠༠༠ གཏོང་དུས་དང་། འདི་ལྷག་འགྲོ་གྲོན་གཏོང་དགོས་རིགས་ཀྱི་ལས་དོན་རྣམས་སྤྱི་འཐུས་རྒྱུན་ལས་ནས་བཀའ་འཁྲོལ་ཞུ་དགོས་པའི་གྲོས་ཆོད་དུ། འདིའི་དོན་དག་རྡོག་རྡོག་དེ་ད་ལྟའི་ཆར་ང་ཚོ་ཁ་པར་གྱི་དོད་ཟེར་ནས་དངུལ་སྤྲོད་ཀྱི་འདུག་པཱ། དེ་སྤྲོད་རྒྱུའི་གྲོས་ཆོད་ཆགས་པ་རེད་མ་གཏོགས་གཞུང་འབྲེལ་ཕྱོགས་སྐྱོད་འགྲོ་རྒྱུ་དེ་མ་རེད། དེར་བརྟེན། འདི་ཕྱིར་འཐེན་བྱས་པ་ཡིན་ན་ད་ལྟའི་ཆར་ཁ་པར་གྱི་དོད་ཡོད་པ་དེ་ཕྱིར་འཐེན་བྱེད་ཀྱི་ཡོད། སྤྱིར་བཏང་གི་ས་གནས་ལ་འགན་འཁུར་བྱེད་པ་དང་འབྲེལ་བ་ཡོད། སྐབས་དེ་དུས་ཁ་པར་གཏོང་བ་དེ་ཚོ་ཚོགས་གཙོ་གཞོན་ཕུད་དགོས་པ་འདྲ་བོ་མཚོན་པ་ཡིན་ན། ཡིག་ཚང་ལ་ (STD) ཁ་པར་གཏོང་རྒྱུ་ཡོད་པ་དེའི་རྒྱུ་མཚན་གྱི་ཐོག་ནས་རེད། དེ་ཕྱིར་འཐེན་བྱེད་དགོས་ཀྱི་ཡོད་ན་དེ་རེད་མ་གཏོགས། དེས་གཞུང་འབྲེལ་ཕྱོགས་སྐྱོད་དེ་ཕྱིར་འཐེན་བྱེད་ཀྱི་ཡོད་པ་མ་རེད། སྔོན་མ་སྐབས་ ༡༣ པའི་སྐབས་ཀྱི་གྲོས་ཆོད་ཟེར་བ་དེ་ལོ་གཅིག་གི་ནང་ལ་ཐེངས་གཉིས་ལ་འགྲོ་དགོས་ཀྱི་འདུག་ལབ་པའི་གྲོས་ཆོད་དེ་འདྲ་རེད་མ་གཏོགས། གྲོས་ཆོད་དེ་མེད་པའི་སྔོན་ནས་སྤྱི་འཐུས་རྣམ་པ་གཞུང་འབྲེལ་ཕྱོགས་སྐྱོད་ཕེབས་སྡོད་ཀྱི་ཡོད། གྲོས་ཆོད་ཅིག་གི་སྒང་ནས་ཕེབས་པ་ཞིག་མ་རེད། དེར་བརྟེན་དེ་དགོས་མཁོ་མི་འདུག་ཟེར་ནས་དགག་བྱ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་ཀྱིས། ཐེངས་འདིའི་གྲོས་གཞི་གྲོས་ཆོད་ལ་རྒྱབ་སྐྱོར་བྱེད་པའི་གནས་སྟངས་ཆགས་ཀྱི་མི་འདུག སྤྱི་འཐུས་ཚང་མ་ཁོངས་གང་ནས་ཡོང་མིན་ལ་མ་བལྟས་པར། རྒྱ་ཆེའི་མང་ཚོགས་ཀྱི་མདུན་དུ་འགྲོ་དུས་བོད་མི་མང་སྤྱི་འཐུས་ཀྱི་ངོ་བོ་ཐོག་ནས་འགྲོ་བཞིན་ཡོད། ས་གནས་ས་ཐོག་ཏུ་འགྲོ་དུས་གནད་དོན་མང་པོ་ཞིག་ཤེས་དགོས་པ་ཆགས་ཀྱི་ཡོད། དམངས་གཙོའི་བརྒྱུད་ལམ་ནས་ཡོང་བའི་སྤྱི་འཐུས་ཞིག་ཆགས་ཡོད་དུས། གཞི་རིམ་མི་མང་གི་ཐོག་གནས་ཚུལ་འདི་འདྲའི་རིགས་ཡོང་ཚེ། རྣམ་རྟོག་ལྟ་བུ་བྱས་ཏེ་ཚོགས་གཏམ་བཏང་བསྡད་ན་ཡག་པོ་ཡོང་གི་མ་རེད་བསམ། དེ་འདྲའི་རིགས་མི་གནང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་དང་། ང་ཚོའི་སྤྱི་བའི་ལས་དོན་ཚགས་ཚུད་ཆགས་དགོས་ཀྱི་ཡོད་པས། ས་གནས་ས་ཐོག་ཏུ་འགྲོ་རྒྱུ་ཧ་ཅང་གལ་ཆེན་པོ་མཐོང་གི་ཡོད། རྩ་བའི་འཛིན་སྐྱོང་གི་ཐོག་ནས་བྱ་སྤུ་གནོན་གྱི་སྒྲིག་འཛུགས་ཡོད་ཀྱང་། ས་གནས་ཁ་ཤས་སུ་ས་གནས་རང་གི་བདག་པོ་མ་བརྒྱབ་པར་ལྷག་བསྡད་ཡོད་པའི་གནད་དོན་མང་པོ་ཡོད་པ་རེད། སྤྱི་འཐུས་ཀྱི་མིང་ཞིག་འཁུར་ནས་འགྲོ་བཞིན་ཡོད་དུས། འདིའི་རིགས་ཀྱི་ཐོག་ལྷན་ཚོགས་སོ་སོར་ཞུས་པར་གྲུབ་འབྲས་ཐོན་པ་སོ་སོའི་ཉམས་མྱོང་ཐོག་བྱུང་། སྤྱི་འཐུས་འཚམས་གཟིགས་ཕྱིན་པའི་ཕན་ཐོགས་ཆེ་ཤོས་ཞིག་ནི་ལོ་སྔོན་མའི་སྙན་ཐོ་ཐོག་ནས་ལག་ལེན་བསྟར་ཡོད་མེད་དང་། དེའི་ཐོག་ལ་བསྐྱར་ཞིབ་བྱེད་པའི་གོ་སྐབས་ཤིག་རག་གི་འདུག་ལ། དེའི་ཐོག་ལ་བསྐྱར་གནོན་ག་འདྲ་བྱེད་དགོས་མིན་ཡོང་གི་འདུག གྲོས་ཆོད་འདོན་མཁན་དང་རྒྱབ་སྐྱོར་བྱེད་མཁན་གྱི་ཀུན་སློང་ཧ་ཅང་ཡག་པོ་རེད། བགྲོ་གླེང་བྱེད་པའི་གོ་སྐབས་ཤིག་བྱུང་བ་རེད། དངོས་ཡོད་ཀྱི་གནད་དོན་ཐོག་ནས་རྒྱབ་སྐྱོར་བྱ་ཐུབ་ཀྱི་མི་འདུག ཅེས་བརྗོད་སོང་།

དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས། སོ་སོར་མཚོན་ན་སྤྱི་འཐུས་ས་གནས་འཚམས་གཟིགས་སུ་འགྲོ་བ་ནི་མི་མང་གི་དཀའ་ངལ་དང་དོགས་འདྲི་སེལ་བའི་སྡིངས་ཆའི་གོ་སྐབས་ཧ་ཅང་ཡག་པོ་ཞིག་རེད་བསམ་གྱི་འདུག གོ་སྐབས་འདི་མུ་མཐུད་ཉར་དགོས་པ་མ་ཟད། འདིའི་ཐོག་ཏུ་ཡར་རྒྱས་གཏོང་དགོས་ཀྱི་འདུག སོ་སོའང་ས་ཆ་གང་སར་མི་མང་གི་འགྲམ་ལ་བཅར་བ་ཡིན། སྤྱི་འཐུས་དང་མི་མང་གི་བར་བགྲོ་གླེང་གནང་སྟངས་ཐོག་ལ་རྟོག་ཞིབ་གནང་དགོས་བར་བསམ་གྱི་འདུག དེས་ཆུང་ས་ནས་དང་བླངས་དཔྱ་ཁྲལ་སྐོར་གྱི་དཀའ་ངལ་སེལ་ཐབས་དང་། མི་མང་ཁྲོད་སྤྱི་བའི་ས་ཆ་སོགས་ཀྱི་སྐོར་ལ་མི་ལེགས་པའི་ལས་ཀ་མཐོང་གི་འདུག དེའི་རིགས་ཀྱི་ཐོག་སྤྱི་འཐུས་འཚམས་གཟིགས་ཡར་ཞུ་ཐུབ་པ་འདུག ཐེངས་འདིའི་གྲོས་གཞི་སླེབས་པར་རྒྱབ་ལྗོངས་ཤིག་ཡོད་ཅིང་། ད་ལྟ་དཀའ་ངལ་ག་རེ་འཕྲད་པ་དེ་ང་ཚོ་ཚང་མར་འགན་འཁུར་ཡོད་བསམ་གྱི་འདུག དེ་བཞིན་མི་མང་ལའང་འགན་འཁུར་འདུག མི་མང་ནང་དུ་ཆབ་སྲིད་ནག་པོ་ལབ་དགོས་རེད་པས། དེའི་ནང་དུ་མི་འཛུལ་བའི་རེ་སྐུལ་ཞུ་རྒྱུ་ཡིན། ལས་དོན་ག་རེ་ཡིན་ཡང་ཕྱོགས་ཚང་མའི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད། ང་ཚོ་ཚང་མས་དམངས་གཙོའི་ལམ་ལུགས་ཤེས་པའི་ཐོག་ཕྱག་ལས་གནང་རྒྱུ་གལ་ཆེན་པོ་རེད། ང་ཚོས་རྩ་དོན་རྩོད་དགོས། ལས་ཀ་ཆུང་ཆུང་ཞིག་གི་ཐོག་ནས་འགག་བསྡད་རྒྱུ་ཡོད་པ་མ་རེད། ཅེས་བརྗོད་སོང་།

སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་ཀྱིས། སྤྱི་འཐུས་སྒེར་གྱི་གྲོས་གཞི་གྲོས་ཆོད་ཐོག་རྒྱབ་སྐྱོར་ཞུ་ཐུབ་ཀྱི་མི་འདུག ཡིན་ནའང་། གྲོས་ཆོད་འདི་ཕེབས་པའི་སྤྱི་ཚོགས་ཀྱི་དཀའ་ངལ་གྱི་རྒྱབ་ལྗོངས་ལ་ངོས་འཛིན་ཞུ་ཡི་ཡོད། དམངས་གཙོའི་བརྒྱུད་རིམ་ནང་སྤྱི་འཐུས་ཀྱི་འགན་འཁྲི་ཆེ་ཤོས་དེ་མི་མང་ཆགས་ཡོད། སྤྱིར་དམངས་གཙོ་ནང་དུ་གནད་དོན་གཉིས་ངོས་འཛིན་ཞུ་ཡི་ཡོད། དེ་ཡང་གྲངས་ཀའི་མང་ཉུང་ལ་མ་བལྟས་པར་ངོས་འཛིན་དང་ཆ་ཤས་ལེན་ཐུབ་པ་དགོས། དམངས་གཙོ་ནང་དུ་གྲངས་ཀ་མང་བ་ལས་ཉུང་བའི་ཁ་ཡོད་ལག་ཡོད་ཀྱི་དགོས་མཁོ་ངོས་འཛིན་ཞུ་དགོས་པ་གལ་ཆེན་པོ་རེད། རང་ཉིད་ཀྱང་ཕྱག་སྦྲེལ་སྤྱི་འཐུས་དང་མཉམ་དུ་ལྷོ་ཕྱོགས་སུ་འགྲོ་སྐབས། མི་མང་ལ་དྲང་བདེན་གྱི་ཕྱོགས་སུ་འགྲོ་དགོས་པ་ཞུ་རྒྱུ་བྱུང་། དེ་བཞིན་སློབ་གྲྭའི་ནང་སྡོད་ཁང་གི་དཀའ་ངལ་སོགས་སེལ་བ་མངོན་གསལ་རྒྱུས་ལོན་བྱེད་རྒྱུ་བྱུང་། སྤྱི་འཐུས་འཚམས་གཟིགས་མུ་མཐུད་གནས་དགོས་པ་གལ་ཆེན་པོ་མཐོང་གི་འདུག ཅེས་བརྗོད་སོང་།

གྲོས་ཆོད་འདོན་མཁན་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་ཀྱིས། གྲོས་ཆོད་དེ་འཁྱེར་ཡོང་བའི་རྒྱབ་ལྗོངས་གོང་གི་ཚོགས་ཐུན་ནང་རོབ་ཙམ་ཞུས་ཚར་བ་རེད། གྲོས་ཆོད་དེ་འཁྱེར་ཡོང་དགོས་པའི་རྒྱབ་ལྗོངས་ཕྱོགས་གཉིས་རེད། གནད་དོན་མཐོང་རྒྱུ་ཡོད་པ་དེ་དཔེར་ན་མོན་གྷོ་ལ་མི་མང་མར་ཐོན་འགྲོ་བ་གཅིག་དང་། དེ་བཞིན་དྷི་མ་པུར་ (Dimapur) ལ་ངོས་ལེན་མེད་ནས་མར་ཐོན་འགྲོ་བ་དེ་གཉིས་རེད། སྤྱི་འཐུས་བསླེབ་པའི་སྐབས་སུ་ས་གནས་མི་མང་གིས་དྲི་བ་དྲིས་པ་དང་སྐད་བརྒྱབ་པ་སོགས་ག་རེ་བྱས་རུང་དམངས་གཙོའི་འགྲོ་སྟངས་རེད། འོན་ཀྱང་། ངོས་ལེན་མེད་ནས་ལོག་འགྲོ་ཡི་འདུག་པར་ངས་བསྡོམས་རྒྱག་མ་ཐུབ་ནས་གྲོས་ཆོད་དེ་བསླེབས་པ་རེད། ང་ཚོའི་ནང་ལ་ས་བགོས་དང་འཚམས་གཟིགས་ལ་ཕེབས་མཁན་དང་མ་ཕེབས་མཁན་ཡང་མང་པོ་ཞིག་ཡོད། ཕེབས་ནའང་སོ་སོའི་དགོས་མཁོ་དང་འོས་ཤོག་ག་བར་ཡོད་མེད་ལ་བལྟས་ནས་བརྗེ་པོ་རྒྱག་པ་དང་། སྐོར་བ་སོགས་བརྒྱབ་སྟེ་ཕེབས་བསྡད་པའི་གནས་སྟངས་ཤིག་ཀྱང་ཡོད། དེ་ཚང་མ་ལ་གཞི་བཞག་ནས་ངས་དེ་རིང་གྲོས་ཆོད་འདི་འཁྱེར་བ་རེད། ཅེས་བརྗོད་སོང་།

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གྱི་སྔོན་གླེང་ནང་། ཕྱི་ལོ་ ༢༠༠༣ ཟླ་ ༤ ཚེས་ ༡ འཁོད་སྐབས་ ༡༣ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༥ པའི་ཡིག་ཆ་ཨང་ ༤༠ པ་དང་། སྤྱི་འཐུས་སྒེར་གྱི་གྲོས་ཆོད་ཨང་ ༢༠༠༣།༡༣།༥།༥༣ པ་མང་མོས་གཏན་འབེབས་ཀྱིས་”ཚོགས་གཙོ་བགྲེས་གཞོན་གཉིས་ཕུད་དེ་མིན་སྤྱི་འཐུས་རྣམས་ཚོགས་གཙོ་བགྲེས་གཞོན་གཉིས་ཀྱིས་ས་ཆ་ཆ་བགོས་རེའུ་མིག་གཏན་འབེབས་གནང་བ་ལྟར་འགན་འཁུར་ཞུ་རྒྱུ།” ཞེས་སོགས་གསལ་བ་བཞིན་ད་བར་ལག་བསྟར་ཚུལ་བཞིན་བྱུང་མེད་པ་དང་། ད་ལྟའི་ཆར་དུས་ཀྱི་འགྱུར་འགྲོས་དང་མང་ཚོགས་ཀྱི་དགོས་མཁོ། སྤྱི་ཚོགས་ཀྱི་གནས་སྟངས་གང་ལ་བལྟས་ཀྱང་གྲོས་ཆོད་དེ་ཉིད་དགོས་གལ་མ་མཐོང་བས་གྲོས་ཆོད་དེ་ཕྱིར་འཐེན་གྱི་གྲོས་ཆོད་ཅིག་འཇོག་དགོས་གལ་མཐོང་། ཞེས་དང་། གྲོས་ཆོད་ནང་སྐབས་ ༡༣ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༥ པའི་ཡིག་ཆ་ཨང་ ༤༠ པ་དང་གྲོས་ཆོད་ཨང་ ༢༠༠༣།༡༣།༥།༥༣ པ་དེ་ཉིད་ཕྱིར་འཐེན་བྱ་རྒྱུའི་སྤྱི་མོས་སམ་མང་མོས་གྲོས་ཆོད་ཅེས་འཁོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ་སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

ཆུ་ཚོད་ ༢༠ སྔོན་ལ།
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

ཆུ་ཚོད་ ༢༠ སྔོན་ལ།
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༤ སྔོན་ལ།
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

༢༠༢༦/༠༦/༢༤
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

༢༠༢༦/༠༦/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese