མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཤག་གིས་འདས་ལོ་ཉི་ཤུའི་དཔལ་འབྱོར་གནས་བབ་སྐོར་གྱི་སྙན་ཐོ་བཏོན།

བོད་ཀྱི་དུས་བབ།
༢༠༢༤/༠༣/༢༨
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ལས་ཁུངས་དང་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༠༢་་་ ༠༣ ནས་ ༢༠༢༢ ་་་༢༠༢༣ བར་སྔོན་རྩིས། གཏན་འཇགས། ཟུར་བཀོལ་སྤྱིར་བཏང་། ལས་འཆར་མ་དངུལ། བསྒྱུར་དཀའི་མཁར་དབང་བཅས་ཀྱི་བསྡོམས་ཧིན་སྒོར་ས་ཡ་ ༧༣༩༨་༥༨ ཆགས་འདུག

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བཅུ་པའི་ཉིན་དཔལ་འབྱོར་ལས་ཁུངས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོའི་ཐད་གླེང་སློང་བྱས་པ་དང་བསྟུན་ནས། བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་ཁྱབ་ཁོངས་ལས་ཁུངས་ཁག་གི་རྩིས་ལོ་ ༢༠༠༢ –༢༠༠༣ ནས་ ༢༠༢༢– ༢༠༢༣ བར་གྱི་དཔལ་འབྱོར་གྱི་གནས་བབ་ཀྱི་སྙན་ཐོ་ཞིག་འདོན་སྤེལ་བྱས་པའི་ཁྲོད། བོད་མིའི་སྒྲིག་འཛུགས་ལས་ཁུངས་དང་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༠༢་་་ ༠༣ ནས་ ༢༠༢༢ ་་་༢༠༢༣ བར་སྔོན་རྩིས། གཏན་འཇགས། ཟུར་བཀོལ་སྤྱིར་བཏང་། ལས་འཆར་མ་དངུལ། བསྒྱུར་དཀའི་མཁར་དབང་བཅས་ཀྱི་བསྡོམས་ཧིན་སྒོར་ས་ཡ་ ༧༣༩༨་༥༨ ཆགས་ཀྱི་འདུག་པ་དང་། རྩིས་ལོ་ ༢༠༡༣ ནས་ ༢༠༢༣ ཟླ་ ༣ ཚེས་ ༣༡ བར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གྱི་འཕར་འབབ་བརྒྱ་ཆ་ ༡༩༥།༩༠ ཆགས་ཡོད་འདུག 

འདས་པའི་ལོ་བཅུ་རིང་གི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་ཁྱབ་ཁོངས་ལས་ཁུངས་ཁག་གི་དཔལ་འབྱོར་གྱི་གནས་བབ་མཚོན་པའི་སྙན་ཐོ་དེའི་ཁྲོད། བཙན་བྱོལ་བོད་མིའི་བདེ་དོན་གྱི་ལས་འགན་སྒྲུབ་པར་ལོ་རེའི་་རོགས་དངུལ། དང་བླངས་དཔྱ་དངུལ། སྐྱེད་འབབ་དང་ཙག་ཙིག་ཡོང་འབབ། ཟུར་བཀོལ་སྤྱིར་བཏང་མ་དངུལ་བཅས་ནས་གཏོང་དགོས་ལ་སོང༌། བོད་མི་མི་རེ་ངོ་རེས་སོ་སོའི་ཁྱིམ་ནང་གི་དཔལ་འབྱོར་གནས་སྟངས་རྒྱུས་ལོན་ཐུབ་པ་ཙམ་ཞིག་མ་ཡིན་པར། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་བབ་མཁྱེན་པ་ཡིན་ན། སོ་སོོས་སྒྲིག་འཛུགས་ནས་རོགས་རམ་ཇི་ཙམ་ཞུ་དགོས་མིན་དང༌།  སྒྲིག་འཛུགས་ལ་ཞབས་འདེགས་ཅི་ཞིག་ཞུ་དགོས་མིན་དགོངས་པ་བཞེས་ཕྱོགས་ལ་ཁྱད་པར་འགྲོ་ངེས་དང༌། གྲོས་ཚོགས་དང་མང་ཚོགས་ལ་འགན་འཁུར་བའི་ཐོག་ནས་ཕྱི་གསལ་ནང་གསལ་ཡོང་བར་ཕན་རླབས་ཡོང་ངེས་ཡིན་པས། གྲོས་ཚོགས་ཚོགས་དུས་གསུམ་པར་བཀའ་ཤག་སྐབས་ ༡༦ པས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་ཁྱབ་ཁོངས་ལས་ཁུངས་ཁག་གི་མ་དངུལ་གྱི་གནས་བབ་སྙན་ཐོ་འདོན་འབུལ་སྐབས་ལོ་གཉིས་རྗེས་དཔལ་འབྱོར་གནས་བབ་སྙན་ཐོ་འདོན་རྒྱུ་ཡིན་ཞེས་ཁས་ལེན་ཞུས་ཡོད་པ་ལྟར དཔལ་འབྱོར་གནས་བབ་ཀྱི་སྙན་ཐོ་འདི་འབུལ་ལམ་ཞུ་ཡི་ཡོད། ཅེས་འཁོད་འདུག 

སྙན་ཐོའི་ནང་དཔལ་འབྱོར་འབབ་གྲོན་གྱི་ཁྲོད།  ༡༩༧༦ ལོར་ཡིད་ཆེས་དགེ་རྩ་དཔལ་འབྱོར་ལས་ཁུངས་སུ་ཟླ་བསྒྲིལ་གྱིས་ ༡༩༧༩ ཙམ་ནས་བསྐྱར་དུ་ཚོང་ལས་བརྩམས་ཏེ་ལོ་རེའི་ཁེ་འབབ་ནས་གཞུང་གྲོན་ལ་གང་ཙམ་ཕན་པ་བྱུང་འདུག་ཅིང་། འཕྲོས་ཁ་མ་འདུམ་པ་རྣམས་སྐབས་སོ་སོའི་བཀའ་ཤག་གིས་ཐབས་ཤེས་གནང་འདུག སྐབས་དེ་དུས་དཔལ་འབྱོར་ལས་ཁུངས་ཀྱིས་རྒྱུན་གྲོན་དང་། གཞུང་མཛོད་ནས་གཏོང་དགོས་པའི་ལས་འཆར་མ་གཏོགས་གཞན་ལས་གཞི་ཁག་ལས་ཁུངས་སོ་སོས་ཐབས་ཤེས་ཀྱིས་འགྲོ་གྲོན་བཏང་སྟེ་དངུལ་ལྷག་རྣམས་ཟུར་འཇོག་གིས་དུས་ད་ལྟའང་ཟུར་བཀོལ་སྤྱིར་བཏང་མ་དངུལ་ངོ་བོར་འཁྱེར་བཞིན་འདུག ཕྱི་ལོ་ ༢༠༠༣ ཟླ་ ༣ ཚེས་ ༣༡ ཉིན་སྔོན་རྩིས། གཏན་འཇགས། ཟུར་བཀོལ་སྤྱིར་བཏང་མ་དངུལ། ལས་འཆར་མ་ དངུལ་ལྷག་བསྡད། བསྒྱུར་དཀའི་མཁར་དབང་མ་གནས་བཅས་བསྡོམས་འབོར་ཧིན་སྐོར་ས་ཡ་ ༡༣༥༨།༣༤ ཡོད་ཐོག་ ༢༠༡༣ ཟླ་ ༣ ཚེས་ ༣༡ ཉིན་བར་གྱི་འཕར་འབབ་ཧིན་སྒོར་ས་ཡ་ ༡༡༤༡།༩༨ བསྣན་ཏེ་ཁྱོན་ཧིན་སྒོར་ས་ཡ་ ༢༥༠༠།༣༢ བྱེད་ཀྱི་འདུག་པ་འདས་ལོ་བཅུའི་ནང་འཕར་འབབ་བརྒྱ་ཆ་ ༨༤་༠༧ ཆགས་ཀྱི་འདུག དེའི་ཐོག་ ༢༠༡༢་་་༡༣ ནས་ ༢༠༢་་༢༣ བར་གྱི་འཕར་འབབ་ཧིན་སྒོར་ས་ཡ་ ༤༨༩༨།༢༦ བསྡོམས་ ༢༠༢༣ ཟླ་ ༣ ཚེས་ ༣༡ ཉིན་ཁྱོན་བསྡོམས་ཧིན་སྒོར་ས་ཡ་ ༧༣༩༨།༥༨ བྱེད་ཀྱི་འདུག འདས་ལོ་བཅུའི་ནང་འཕར་འབབ་བརྒྱ་ཆ་ ༡༩༥།༩༠ ཡིན་འདུག 

དེ་བཞིན་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་རྩིས་ལོའི་ ༢༠༠༢ –༢༠༠༣ ནས་ ༢༠༢༢– ༢༠༢༣ བར་གྱི་དཔལ་འབྱོར་གནས་བབ་ཀྱི་སྙན་ཐོ་ཞིག་འདོན་སྤེལ་བྱས་པའི་ཁྲོད། རྩིས་ལོ་བཅུ་ལྷག་གི་སྤྱི་ཡོངས་ཀྱི་དཔལ་འབྱོར་གྱི་གནས་བབ་འཕར་བའི་རྒྱུ་རྐྱེན་དང་། མ་དངུལ་གྱི་གནས་བབ། ལས་འཆར་མ་དངུལ་ལྷག་བསྡད། བསྒྱུར་དཀའི་མཁར་དབང་། སྔོན་རྩིས་མ་དངུལ། གཏན་འཇགས་མ་དངུལ། ཟུར་བཀོལ་སྤྱིར་བཏང་མ་དངུལ་བཅས་ཀྱི་གནས་བབ་ཀྱི་ཐད་ལ་གསལ་སྟོན་བྱས་འདུག

གསར་འགོད་པ། དོན་གྲུབ་བཀྲ་ཤིས། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༡ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese