མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་དགུང་གྲངས་བརྒྱ་ཕྲག་ལྷག་འཚོ་བཞུགས་གནང་རྒྱུ་ཡིན་པའི་བཀའ་བཞེས་མཛད།

བོད་ཀྱི་དུས་བབ།
༢༠༢༤/༠༤/༠༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྟོད་པ་གཞིས་བྱེས་གཉིས་དང་སྤུ་ཧྲེང་མི་མང་གིས་བརྟན་བཞུགས་བསྟར་འབུལ་ཞུས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༤།༠༣།༠༣

དེ་རིང་སྔ་དྲོ་ཆུ་ཚོད་ ༨ སྟེང་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྟོད་པ་གཞིས་བྱེས་དང་སྤུ་ཧྲེང་མི་མང་གིས་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་། སྐབས་དེར་༧མགོན་པོ་གང་ཉིད་མཆོག་གིས་སྐུ་ཉིད་དགུང་གྲངས་བརྒྱ་ཕྲག་ལྷག་བཞུགས་རྒྱུ་ཡིན་པའི་བཀའ་བཞེས་བསྐྱངས་གནང་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེ་རིང་ཁྱེད་རང་ཚོས་སེམས་པ་རྣམ་དག་གི་ཐོག་ནས་བརྟན་བཞུགས་འབུལ་བར་དངོས་གནས་ཡག་པོ་ཞེ་དྲགས་བྱུང་སོང་། ངོས་རང་ལ་ཆ་བཞག་ན་ལོ་བརྒྱ་ཕྲག་ལྷག་སྡོད་ཐུབ་པར་སྨོན་ལམ་དང་སེམས་ཤུགས་སྐྱེས་ནས་ཡོད། འཛམ་གླིང་ནང་སངས་རྒྱས་ཀྱི་བསྟན་པ་མར་རྒུད་བཞིན་པའི་དུས་སྐབས་འདིར། ངོས་ནས་སངས་རྒྱས་ཀྱི་བསྟན་པར་ཞབས་འདེགས་ཕྲན་བུ་སྒྲུབ་ཐུབ་པར་ཕྱི་ནང་གི་རྐྱེན་མང་པོ་ཞིག་འདུག དེ་སྔ་ནང་པའི་ཆོས་དར་ཁྱབ་མེད་པའི་ས་ཁུལ་དུའང་ཁ་སང་དེ་རིང་དོ་སྣང་གསར་པ་ཡོང་གི་འདུག ལྷག་པར་དུ་ཆོས་ཁས་མི་ལེན་པའི་ངོས་ཀྱི་གྲོགས་པོ་ཚན་རིག་པ་མང་པོས་ནང་ཆོས་ལ་དགའ་པོ་ཞེ་དྲགས་བྱེད་ཀྱིན་འདུག དེར་བརྟེན། ང་ཚོ་ཆོས་ཁས་ལེན་མཁན་དང་མི་ལེན་མཁན་ཚང་མས་སེམས་ཀྱི་ཞི་བདེ་བརྒྱུད་འཛམ་གླིང་ཞི་བདེ་ཡོང་བར་དམིགས་བསལ་དོ་སྣང་བྱེད་བཞིན་ཡོད་ལ། ངོས་ཀྱི་ངོ་ཤེས་ཚན་རིག་པ་མང་པོས་ཀྱང་དམིགས་བསལ་གྱིས་དོ་སྣང་དང་དགའ་པོ་ཞེ་དྲགས་བྱེད་ཀྱིན་འདུག

ངོས་ནས།  བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག། ཅེས་སྨོན་ལམ་འདེབས་བཞིན་ཡོད། ངོས་ཀྱི་མི་ཚེར་ཆ་བཞག་ན། ཉེ་ཆར་རང་ཨམ་རྗེ་ལ་བསྟེན་སྐབས། གཟུགས་པོ་ཡག་པོ་ཞེ་དྲགས་འདུག་ཟེར་གི དེར་བརྟེན། ངོས་ད་དུང་ལོ་བཅོ་ལྔ་ཉི་ཤུ་ཞིག་ཕལ་ཆེ་སྡོད་ཀྱི་རེད། ངོས་ནས་སྤྱིར་མིའི་ཡ་རབས་སྤྱོད་བཟང་དང་བྱེ་བྲག་ཏུ་སངས་རྒྱས་ཀྱི་ཆོས་དང་འབྲེལ་སེམས་ཁམས་རིག་པ་དང་འབྲེལ་བའི་ཐོག་ནས་འཛམ་གླིང་ཞི་བདེ་ཡོང་བར་ཞབས་འདེགས་གང་འཚམ་བསྒྲུབ་ཐུབ་པ་འདུག དེར་བརྟེན། ཆོས་ལུགས་སོ་སོ་གཙོ་བོར་གྱུར་བའི་བསྟན་པའི་འཁུར་བཞེས་མཁན་ཚང་མས་ངོས་ལ་བསྟན་པའི་ཞབས་འདེགས་སྒྲུབ་པའི་ཆ་རྐྱེན་ཞིག་གཟིགས་ཀྱི་ཡོད་དུས། ཚང་མས་ངོས་ལ་ཆར་བ་གྲོགས་ཤར་གནང་བཞིན་པ་ཞིག་ཏན་ཏན་ཡོད། དེ་བས་ངོས་ཀྱིས་ཀྱང་སེམས་པ་རྣམ་དག་གི་ཐོག་ནས་བསྟན་པའི་ཞབས་འདེབས་སྒྲུབ་བཞིན་ཡོད།  ཅེས་གསུངས།

དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲ་རྒྱའི་སྟེང་གི་མཛད་འཆར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༩ དང་ ༢༠ ཉིན་གཉིས་རིང་གི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སོག་པོའི་བླ་མའི་དགེ་རྒན་གྱི་གསུང་ཆོས་གོ་སྒྲིག་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ་བཀའ་དྲིན་སྩལ་གཏན་ཁེལ་འདུག

གསར་འགོད་པ། དོན་གྲུབ་བཀྲ་ཤིས། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese