མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་རིག་གཞུང་ཟབ་སྦྱོང་ཐེངས་བཅུ་བཞི་པ་འཚོག་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༤/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་རིག་གཞུང་ཟབ་སྦྱོང་ཐེངས་བཅུ་བཞི་པའི་ནང་བོད་ཀྱི་གཞིས་ཆགས་ཁག་ཅིག་དང་། ལ་དྭགས། མོན་རྟ་དབང་། འབྲུག་བཅས་ནས་ཚོགས་བཅར་བ་གྲངས་ ༢༤ མཉམ་ཞུགས་གནང་འདུག

བོད་ཀྱི་རིག་གཞུང་ཟབ་སྦྱོང་ཐེངས་བཅུ་བཞི་པ། དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་པར། ༢༠༢༤།༠༤།༠༣

ཁ་སང་ཕྱི་ཚེས་ ༣ ནས་ཕྱི་ཟླ་ ༥ ཚེས་ ༣༡ བར་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག བོད་ཀྱི་རིག་གཞུང་ཟབ་སྦྱོང་ཐེངས་བཅུ་བཞི་པ་འཚོག་བཞིན་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་། སྤྱི་ཁྱབ་དྲུང་ཆེ་ངག་དབང་ཡེ་ཤེས་ལགས། དགེ་བཤེས་རྒྱལ་མཚན་ཚེ་རིང་ལགས། རིག་གཞུང་ཉམས་ཞིབ་དང་པར་སྐྲུན་སྡེ་ཚན་གྱི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་སོགས་དང་། ཟབ་སྦྱོང་དགེ་རྒན་རྣམ་པ་དང་། གཞིས་ཆགས་ཁག་ཅིག་ནས་ཡོང་བའི་སློབ་གཉེར་བ་དང་། འབྲུག ལ་དྭགས། མོན་རྟ་དབང་བཅས་ཀྱི་ཚོགས་བཅར་བ་གྲངས་ ༢༤ བཅས་མཉམ་ཞུགས་གནང་འདུག

ཐེངས་འདིའི་ཟབ་སྦྱོང་སྐོར་ལ་རིག་གཞུང་ཉམས་ཞིབ་དང་པར་སྐྲུན་སྡེ་ཚན་གྱི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས། ང་ཚོའི་དུས་ཚོད་དང་བརྩོན་འགྲུས་སོགས་བོད་ཀྱི་ཆོས་དང་རིག་གཞུང་ཐོག་ཏུ་གཏོང་ཐུབ་ཚེ། དེས་རིག་གཞུང་གི་གལ་གནད་དང་རིན་ཐང་རྟོགས་ཐུབ་པ་མ་ཟད། རང་བཞིན་གྱིས་རིག་གཞུང་ལ་དབྱིངས་ཞུགས་པ་ཆོས་ཉིད་ཆགས་བསྡད་ཡོད། རིག་གཞུང་ལ་དབྱིངས་མ་ཞུགས་པར་བཙན་ཐབས་བྱས་ན་ཕན་ཐོགས་འབྱུང་རྒྱུ་ཧ་ཅང་ཁག་པོ་རེད། བོད་ཀྱི་སྐད་ཡིག་གི་རང་བཞིན་ཐོག་ནས་བོད་པ་ཞིག་གིས་བསམ་བློ་བཏང་ན་དཀའ་ལས་དེ་འདྲ་མ་རེད། འོན་ཀྱང་། རྒྱུ་མཚན་གཞན་པ་མང་པོ་ཞིག་ལ་བརྟེན་ནས་ང་ཚོས་སྐད་ཡིག་སྦྱོང་བའི་ལམ་དུ་འགྲོ་མ་ཐུབ་པར་འགག་བསྡད་ཡོད། གལ་སྲིད་སོ་སོའི་ངོས་ནས་སྐད་ཡིག་སྦྱོང་བའི་ལམ་དུ་འགྲོ་ཐུབ་ཚེ་གཤོག་པ་བརྐྱངས་པ་དང་གཅིག་པ་རེད། བོད་ཀྱི་སྐད་ཡིག་གི་ཐོག་ནས་རང་གཞན་གཉིས་ལ་ཕན་ཐོགས་བྱུང་ཡོད། འཛམ་གླིང་གི་སྐད་ཡིག་འདྲ་མིན་ནང་དུ་དགོས་མཁོ་ཅན་མང་པོ་ཡོད་ཀྱང་། ཉམས་ཞིབ་པ་རྣམས་ཀྱིས་དམིགས་བསལ་བོད་ཀྱི་ཆོས་དང་རིག་གཞུང་གིས་སྤྱི་ཚོགས་ནང་དུ་ཕན་ཐོགས་པ་གསལ་བོ་མཐོང་སྟེ། དངོས་ཤུགས་བརྒྱུད་གསུམ་ནས་སྲུང་སྐྱོབ་བྱེད་པའི་རོགས་རམ་གནང་བཞིན་ཡོད། དངོས་སུ་བདག་པོ་རྒྱག་མཁན་ང་ཚོ་ཡིན་པ་མ་གཏོགས་གཞན་གྱིས་གནང་ཐུབ་ཀྱི་མ་རེད། གཞན་གྱི་རོགས་རམ་དང་མཐུན་རྐྱེན་ལ་བརྟེན་ནས་ང་ཚོས་རང་ཉིད་ཀྱི་སྐད་ཡིག་གསོན་པོར་གནས་ཐུབ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།  ཅེས་སོགས་བརྗོད་སོང་།

དགེ་བཤེས་རྒྱལ་མཚན་ཚེ་རིང་ལགས་ཀྱིས། ང་ཚོའི་སྐད་དང་ཡི་གེ་རྩ་ཆེན་པོ་ཡིན་པ་དེའི་ནང་དུ་ཡོད་པའི་ཆོས་དང་རིག་གཞུང་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཛམ་གླིང་གི་ཚན་རིག་པ་དང་མཁས་པ་མང་པོ་མཉམ་དུ་བགྲོ་གླེང་གནང་མྱོང་། བོད་ཀྱི་སྐད་ཡིག་ནང་ཡོད་པའི་ཆོས་དང་རིག་གཞུང་དེ་བོད་ཀྱི་གཅེས་ནོར་ཡིན་པ་མ་ཟད། འཛམ་གླིང་གི་གཅེས་ནོར་ཞིག་ཆགས་འདུག བོད་ཀྱི་སྐད་ཡིག་ཉམས་རྒུད་དུ་གྱུར་ཚེ་གྱོང་ཆེན་པོ་རེད། ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་བྱ་ཐུབ་ན་འཛམ་གླིང་ལ་ཕན་ཐོགས་ཆེན་པོ་འདུག་ལ། ང་ཚོའི་མི་རིགས་ཀྱི་རྩ་བའང་ཆེན་པོ་ཆགས་ཐུབ་ཀྱི་འདུག་ཅེས་གསུངས་ཡོད། ང་ཚོས་བརྟན་བཞུགས་ཕུལ་ཏེ་སྐྱབས་སུ་མཆི་ཞུས་པ་ཙམ་གྱིས་འགྲིག་གི་མེད། གཙོ་ཆེ་ཤོས་བཀའ་བཞིན་བསྒྲུབ་དགོས། ང་ཚོ་ཚང་མས་ཤུགས་བརྒྱབ་པ་ཡིན་ན་ཕྱོགས་གཅིག་ནས་མི་རིགས་ཀྱི་ངོ་བོ་སྲུང་སྐྱོང་བྱེད་ཐུབ་ཀྱི་ཡོད་པ་དང་། ཕྱོགས་གཅིག་ནས་བླ་མའི་ཞབས་པད་བརྟན་པར་བརྟན་བཞུགས་དེ་ལས་ལྷག་ཅིག་མེད་པ་རེད། ཅེས་བརྗོད་སོང་།

བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། ད་ལྟའི་བོད་ཀྱི་སྐད་དང་ཡི་གེའི་གནས་སྟངས་ག་རེ་ཆགས་ཡོད་ཟེར་ན། རྒྱ་གཞུང་གིས་བོད་ནང་གི་སློབ་གྲྭ་ཁག་ཏུ་ཆེད་དུ་བོད་ཡིག་མེད་པ་བཟོས་ཏེ་རྒྱ་ཡིག་ཐོག་སློབ་ཁྲིད་བྱེད་བཞིན་ཡོད། བཙན་བྱོལ་དུ་བོད་པ་འབུམ་གཅིག་ལྷག་ཡོད་པའི་ཁྲོད་ཕྱེད་ཀ་ཕྱི་རྒྱལ་ཁག་ཏུ་སླེབས་ཚར་ཡོད། ཕྱི་རྒྱལ་ཏུ་བོད་ཡིག་སྦྱངས་དགོས་པའི་དོ་སྣང་སླེབས་ཀྱང་ཅུང་ཙམ་འཕྱི་དྲགས་ཡོད། ཕྱི་རྒྱལ་ནས་ཁྱིམ་མ་གཏོགས་བོད་སྐད་བཤད་ས་མེད་པ་རེད། གཟའ་མཇུག་གི་སློབ་གྲྭ་ཡོད་ཀྱང་ནུས་པ་ཐོན་རྒྱུ་ཁག་པོ་རེད། དེ་བས་ཁྱེད་ཚོར་དམིགས་བསལ་གྱི་གོ་སྐབས་ཤིག་ཐོབ་ཡོད། ཅེས་གསུངས་སོང་།

ཡང་ཁོང་གིས། ཕྱི་རྒྱལ་དུ་འགྲོ་མཁན་རྣམས་སྡུག་ཅག་རེད་ཟེར་གྱི་མེད་ཀྱང་། ཕྱི་རྒྱལ་དུ་ཡོད་པའི་མི་རབས་རྒན་པ་རྣམས་ཀྱིས་ད་ལྟ་སྐད་ཡིག་ཐོག་དོ་སྣང་བྱེད་ཀྱི་ཡོད་པ་མ་ཟད། དུས་ཚོད་མེད་ཀྱང་ཕྲུ་གུ་རྣམས་བོད་ཡིག་སློབ་སྦྱོང་བྱེད་དུ་འཁྲིད་ཡོང་གི་ཡོད། རྒྱ་གར་ནང་སྡོད་མཁན་རྣམས་ལ་སོ་སོའི་སྐད་ཡིག་སྲུང་སྐྱོབ་བྱེད་པའི་གོ་སྐབས་ཡོད། ཅེས་དང་། ང་ཚོས་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་གཏོར་གཏོང་གི་འདུག་ཅེས་བཤད་ཀྱི་ཡོད་ཀྱང་། རང་ཉིད་ཀྱིས་སྐད་ཡིག་སྲུང་སྐྱོབ་ཐོག་དོ་སྣང་མ་བྱས་ན་རྩ་གཏོར་གཏོང་བ་དང་གཅིག་པ་འགྱུར་རྒྱུ་རེད། ང་ཚོས་སྐད་ཡིག་སྦྱང་དགོས་དོན་ནི་རང་ཉིད་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་པའི་ཆེད་ཡིན། ཅེས་གསུངས་སོང་།

བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་དང་བསྟུན། བོད་ཀྱི་དཔེ་མཛོད་ཁང་གི་ལས་འགུལ་གང་མང་སྤེལ་བའི་ཁྲོད། རིག་གཞུང་ཉམས་ཞིབ་དང་པར་སྐྲུན་སྡེ་ཚན་གྱིས་སྤྱི་ལོ་ ༢༠༠༩ ལོ་ནས་བཟུང་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག་ཟླ་གཉིས་རིང་གི་བོད་ཀྱི་རིག་གཞུང་ཟབ་སྦྱོང་མགོ་འཛུགས་གནང་ཡོད་པ་དང་། ཟབ་སྦྱོང་གི་དམིགས་ཡུལ་ནི་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་བོད་ཀྱི་གཞོན་སྐྱེས་རྣམས་ཀྱི་སྐད་ཡིག་དང་ལོ་རྒྱུས་སོགས་ཡར་རྒྱས་གཏོང་ཆེད་དུ་དམིགས་པ་ཞིག་ཡིན་འདུག་ལ། ད་ལྟ་བར་དུ་ཟབ་སྦྱོང་དེའི་ནང་མཉམ་ཞུགས་བྱེད་མཁན་བོད་མི་ཁྱོན་ ༣༠༠ ལྷག་བྱུང་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༩ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

མཆན། 1

  1. Norbu says:
    ལོ་ 2 སྔོན།

    some of candidates have not wear proper dress. Some Lady has worn sport dress and boys no collar shirt. They should give respect to culture. What kind of workshop being held.

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese