མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་རྒྱ་གར་གྱི་ས་མཚམས་ཁུལ་དུ་གྲོང་གསེབ་ ༡༧༥ འཛུགས་སྐྲུན་བྱ་འཆར་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༤/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྒྱ་དཀར་ནག་གི་ཐིག་མཚམས་ཁུལ་དུ་གྲོང་གསེབ་གསར་པ་ ༡༧༥ གསར་སྐྲུན་བྱས་ཏེ། མ་འོངས་པར་མཐའ་མཚམས་ཁུལ་ནས་རྒྱ་གར་ལ་དཀའ་ངལ་སྤྲོད་སྲིད་སྐོར་བསྒྲགས་འདུག

དེ་འབྲེལ་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ། རྒྱ་ནག་གཞུང་གིས་གྲོང་གསེབ་དར་རྒྱས་ཀྱི་མིང་འོག་ནས། རྒྱ་དཀར་ནག་བར་གྱི་ས་མཚམས་ཏེ། ཨ་རུ་ན་ཅལ་ཕྱོགས་ཀྱི་ཐིག་མཚམས་ (LAC) དང་ཐག་ཉེ་སར་གྲོང་གསེབ་གསར་པ་ཁྱོན་ ༡༧༥ གསར་སྐྲུན་བྱ་འཆར་ཡོད་པ་དང་། དོན་དངོས་ཐོག་གྲོང་གསེབ་དེ་དག་ནི་རྒྱ་ནག་གིས་མཐའ་མཚམས་སྲུང་སྐྱོབ་དང་རྒྱ་སྐྱེད་ཆེད་བཙུགས་པའི་གྲོང་གསེབ་ཤ་སྟག་ཡིན་སྐོར་སོགས་བརྗོད་འདུག

གྲོང་གསེབ་ ༡༧༥ གསར་སྐྲུན་གྱི་ལས་གཞི་དེ་ནི་རྒྱ་ནག་གཞུང་གིས་རྒྱ་དཀར་ནག་གི་ཐིག་མཚམས་ (LAC) ཁུལ་དུ་གྲོང་གསེབ་ ༩༠༠ འཛུགས་སྐྲུན་བྱེད་འཆར་ཡོད་པའི་འཆར་གཞིའི་གྲས་ཤིག་ཡིན་པ་རེད། འཆར་གཞི་དེའི་ཁྲོད་གྲོང་གསེབ་ ༢༠༠ རྒྱ་གར་གྱི་ས་མཚམས་ཁུལ་དུ་འཛུགས་སྐྲུན་བྱེད་འཆར་ཡོད་འདུག

རྒྱ་དཀར་ནག་གི་ཕྱི་ལོ་ ༢༠༠༥ ལོའི་མཉམ་འབྲེལ་ས་མཚམས་སྲུང་སྐྱོབ་ཀྱི་གྲོས་ཆོད་ནང་། ཕྱོགས་གཉིས་ནས་རང་རང་གི་མཐའ་མཚམས་ཁུལ་གྱི་མི་མང་གི་མངོན་འདོད་སྲུང་སྐྱོབ་སླད་མཐའ་མཚམས་བརྟན་སྲུང་ནན་པོ་བྱ་རྒྱུ་དང་། མཐའ་མཚམས་ཁུལ་དུ་འཚོ་སྡོད་བྱེད་བཞིན་པའི་ཕྱོགས་སོ་སོའི་མི་མང་གི་འཚོ་བར་གནོད་སྐྱོན་བཟོས་མི་ཆོག་ཅེས་བརྗོད་ཡོད་སྟབས། ཕྱོགས་གཉིས་ནས་ཕན་ཚུན་གྱི་མཐའ་མཚམས་ཁུལ་དུ་གནས་པའི་མི་མང་ལ་སུན་གཙེར་བཟོ་མི་ཐུབ་ཅིང་།  ད་ལྟ་རྒྱ་དཀར་ནག་གི་ས་མཚམས་ཁུལ་དུ་རྒྱ་ནག་གིས་འཛུགས་སྐྲུན་བྱས་དང་བྱེད་བཞིན་པའི་གྲོང་གསེབ་ཁག་གི་གྲངས་འབོར་དང་བསྡུར་ན། རྒྱ་གར་ཕྱོགས་ནས་ས་མཚམས་ཁུལ་དུ་གནས་སྡོད་བྱེད་བཞིན་པའི་གྲོང་གསེབ་པ་ཧ་ཅང་ཉུང་ཉུང་ཡིན་པ་རེད།

རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་རྒྱ་གར་གཙོས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ས་མཚམས་སུ་དབང་ཤུགས་རྒྱ་སྐྱེད་གཏོང་ཐབས་བྱས་དང་བྱེད་བཞིན་ཡོད་པ་ལྟར། འདས་ལོའི་ཕྱི་ཟླ་ ༡༢ ནང་རྒྱ་ནག་གཞུང་གིས་མཐའ་མཚམས་བརྟན་སྲུང་ཞེས་པའི་སྲིད་ཇུས་འོག་འབྲུག་ཡུལ་དང་རྒྱ་ནག་གཉིས་ཀྱི་བར་ལ་རྩོད་རྙོག་ཡོད་པའི་མཐའ་མཚམས་ས་ཁུལ་ (Tamalung) ཞེས་པ་རུ། དེ་སྔ་ཁྱིམ་ཚང་ ༧༠ ཙམ་ལས་མེད་ཀྱང་། སྐབས་དེར་གྲོང་གསེབ་དེ་ལྡབ་གཅིག་ལྷག་འཛུགས་སྐྲུན་རྒྱ་སྐྱེད་བཏང་སྟེ་ཁྱིམ་ཚང་ ༢༣༥ ཙམ་གནས་སྤོར་བཏང་ཡོད་པ་དང་། ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༨ ཉིན་གྲོང་གསེབ་གསར་པ་དེའི་ནང་བོད་གཞིས་ཀ་རྩེ་ནས་ཡིན་པའི་ཁྱིམ་ཚང་ ༣༧ གནས་སྤོ་རུ་བཅུག་ཡོད་འདུག་ལ། རིམ་གྱིས་གྲོང་གསེབ་དེ་དག་གྲོང་ཁྱེར་ཅན་དུ་བསྒྱུར་འཆར་ཡོད་སྐོར་ཡང་བསྒྲགས་འདུག

དེ་བཞིན། རྒྱ་དཀར་ནག་གི་མཐའ་མཚམས་ཁུལ་དུ་དམག་སྲིད་སྟོབས་ཤུགས་རྒྱ་སྐྱེད་གཏོང་སླད། རྒྱ་ནག་གིས་སྐབས་བཅུ་བཞི་བའི་ལོ་ལྔའི་འཆར་གཞི་ (༢༠༢༡-༢༠༢༥) ཞེས་པའི་སྲིད་ཇུས་འོག སི་ཁྲོན་ནས་ཉིང་ཁྲི་བར་དང་། མངའ་རིས་ནས་ནག་ཆུ་དང་ཆབ་མདོ་བར་དང་། ཧོ་ཐན་ནས་མངའ་རིས་དང་གཞིས་རྩེ། ལྷ་ས། ལྷོ་ཁ། ཉིང་ཁྲི། སེམས་ཀྱི་ཉི་ཟླ། ལི་ཅང་བར། དེ་བཞིན། ཁྲི་ཏུའུ་ནས་ཝུའུ་ཧན་དང་ཧྲང་ཧེ་བར་མེ་འཁོར་ལྕགས་ལམ་མཐུད་ཀྱི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

ཆུ་ཚོད་ ༢༠ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

༢༠༢༦/༠༣/༢༨
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

༢༠༢༦/༠༣/༢༨
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese