མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནས་ཆེན་ཨ་མྱེས་རྨ་ཆེན་ཉེན་ཁའི་ནང་ལྷུང་འདུག་ཀྱང་གངས་རྒྱུད་ཀྱི་གཏེར་ཁ་སྔོག་འདོན་ཤུགས་ཆེ་རུ་བཏང་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༤/༠༩
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟའི་ཨ་མྱེས་རྨ་ཆེན་གྱི་གངས་རིའི་ཞུ་ཚད་ལ་བལྟས་ན་མ་འོངས་ལོ་བཅུ་ཕྲག་ཁ་ཤས་ལ་མ་གཏོགས་གངས་ལྷག་རྒྱུ་མིན་ནའང་རྒྱ་ནག་གཞུང་གིས་མུ་མཐུད་གཏེར་ཁ་སྔོག་འདོན་གྱི་ལས་གཞི་སྤེལ་མུས་ཡིན་འདུག

བོད་ཀྱི་གནས་ཆེན་གངས་རི་བཞི་ཡི་ཡ་གྱལ་ཨ་མྱེས་རྨ་ཆེན། དྲ་ལམ་གྱི་པར།

ཉེ་ལམ་མཚོ་སྔོན་ཞིང་ཆེན་འབྲོག་ས་རང་བྱུང་སྲུང་སྐྱོབ་ལྟེ་གནས་ཁང་ཞེས་པ་ཞིག་གིས་འདས་པའི་ལོ་ ༧ ཙམ་རིང་ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱས་པ་བརྒྱུད་ཨ་མྱེས་རྨ་ཆེན་གྱི་འགྱུར་ལྡོག་ཅེས་པའི་བརྙན་ཐུང་ཞིག་སྤེལ་ཏེ། ལོ་རེར་གནས་ཆེན་ཨ་མྱེས་རྨ་ཆེན་གྱི་གངས་སྨི་ ༡༧ ཡས་མས་ཞུ་ཡི་ཡོད་པས་མ་འོངས་ལོ་བཅུ་ཕྲག་ཁ་ཤས་རྗེས་གངས་རི་དེ་མེད་པར་འགྱུར་སྲིད་པའི་བློ་འཚབ་བྱེད་ཀྱི་འདུག་ཀྱང་། ཉུང་མཐར་འདས་པའི་མི་ལོ་ ༣༠ ལྷག་རིང་གཏེར་ཁ་སྔོག་འདོན་བྱས་པ་མུ་མཐུད་ནས་ཤུགས་ཆེ་རུ་བཏང་འདུག

ཉེ་ལམ་མཚོ་སྔོན་ཞིང་ཆེན་གྱི་འབྲོག་ས་རང་བྱུང་སྲུང་སྐྱོབ་ལྟེ་གནས་ཁང་ཞེས་པ་ཞིག་གིས་གངས་རྒན་ཨ་མྱེས་རྨ་ཆེན་ཉེན་ཁའི་གནས་སུ་ལྷུང་བཞིན་པའི་ཨ་མྱེས་རྨ་ཆེན་གྱི་འགྱུར་ལྡོག་ཅེས་པའི་བརྙན་ཐུང་ཞིག་སྤེལ་བ་འདི་གའི་གསར་འགོད་པར་ལག་སོན་བྱུང་བའི་ནང་། ཨ་མྱེས་རྨ་ཆེན་གྱི་འདབས་ནས་སྐྱེས་པའི་འབྲོག་པ་ཞིག་གིས།  ངའི་མི་ཚེའི་ནང་ཐོག་དང་པོ་ཨ་མྱེས་རྨ་ཆེན་ལ་གངས་སྐོར་ལ་འགྲོ་དུས་ཕྱི་ལོ་ ༡༩༨༦ རེད། སྐབས་དེའི་ཨ་མྱེས་རྨ་ཆེན་གྱི་གངས་དང་། ཁོར་ཡུག་གི་གནས་སྟངས་དེ་ད་ལྟ་དང་བསྡུར་ན་འགྱུར་བ་ཧ་ཅང་ཆེན་པོ་བྱུང་འདུག སྐབས་དེའི་ཨ་མྱེས་རྨ་ཆེན་གྱི་གངས་རི་ཡོད་ས་དང་། ད་ལྟའི་གངས་རི་ཡོད་ས་གཉིས་བར་ཚད་ན། རིང་ཤོས་ལ་གངས་རི་སྨི་ ༡༢༠༠  ལྷག་བཞུས་ཡོད་པ་དང་། ཐུང་ཤོས་ལ་གངས་རི་སྨི་ ༢༤༠ ལྷག་ཙམ་ཞིག་བཞུས་འདུག ཅེས་དང་། ཕྱི་ལོ་ ༢༠༡༧ ནས་ ༢༠༢༣ བར་ལོ་རེར་ཨ་མྱེས་རྨ་ཆེན་གྱི་གངས་རི་སྨི་ ༡༧ ཞུ་ཡི་འདུག  ཅེས་བརྗོད་འདུག 

ཁོང་གིས། ཨ་མྱེས་རྨ་ཆེན་དེ་རྨ་ཆུའི་མགོ་ཁུངས་ཀྱི་ཆེས་ཆེ་བའི་གངས་རི་ཡིན་པས། དེའི་མཐའ་སྐོར་ལ་ཆུ་མགོ་ཡང་གྲངས་ལས་འདས་པ་ཞིག་ཡོད། ཨ་མྱེས་རྨ་ཆེན་གྱི་གངས་ཇེ་ཉུང་དུ་འགྲོ་བ་དང་བསྟུན་དེའི་ཆུ་མགོ་དག་ཀྱང་ཇེ་ཉུང་དུ་འགྲོ་ཡི་འདུག དེ་བཞིན་ཨ་མྱེས་རྨ་ཆེན་གྱི་འདབས་རོལ་ན་ཤིང་ཕྲན་མང་པོ་སྐྱེ་ཡི་འདུག་ལ།  སྔོན་ཆད་དང་བསྡུར་ན་ཤིང་དེ་དག་གི་སྐྱེས་ཚད་ཀྱང་མགྱོགས་པོ་འདུག་པས། དེ་ནི་ཨ་མྱེས་རྨ་ཆེན་གྱི་དྲོད་ཚད་ཇེ་མཐོར་འགྲོ་ཡི་ཡོད་པའི་རྟགས་ཤིག་རེད། དེ་བཞིན་གངས་རི་དེར་གསའ་སོགས་རི་སྐྱེས་སྲོག་ཆགས་མང་དག་ཅིག་འདུག་པས། དེ་དག་ལ་གནོད་འཚེ་ཚབས་ཆེན་ཐེབས་ཉེན་འདུག  ཅེས་གངས་རིའི་འདབས་ཀྱི་འབྲོག་པ་རྣམས་ཀྱི་འཚོ་གནས་ལའང་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་སྐོར་སོགས་བརྗོད་འདུག

རྒྱ་ནག་གཞུང་གིས་ཨ་མྱེས་རྨ་ཆེན་ཁུལ་དུ་གཏེར་ཁ་སྔོག་འདོན་གྱི་ལས་གཞི་སྤེལ་སྐབས། པར་དུས་བབ་ཀྱིས་བཟོ་སྒྲིག་བྱས།

 ཨ་མྱེས་རྨ་ཆེན་ནི་བོད་མགོ་ལོག་རྨ་ཆེན་རྫོང་ཁོངས་སུ་ཡོད་ཅིང་། བོད་ཀྱི་གནས་ཆེན་གངས་རི་བཞི་ཡི་ཡ་གྱལ་ཞིག་ཡིན་སྟབས། ལོ་ལྟར་དགུན་དུས་སུ་གནས་མཇལ་བ་མང་པོ་བསླེབ་ཀྱི་ཡོད་པ་རེད། ཡིན་ནའང་། ཕྱི་ལོ་ ༡༩༩༣ ལོ་ཙམ་ནས་བཟུང་རྒྱ་ནག་གཞུང་གིས་ཨ་མྱེས་རྨ་ཆེན་གྱི་རི་རྒྱུད་དུ་གཏེར་ཁ་སྔོག་འདོན་གྱི་ལས་གཞི་མགོ་བཙུགས་ཡོད་པ་དང་། ཕྱི་ལོ་ ༡༩༩༧ ལོར་མཚོ་སྔོན་ཝེ་སི་ཐི་ཟངས་གཏེར་ཚོང་གཉེར་ཁང་(青海威斯特铜业有限责任公司) ཞེས་པར་རྩིས་སྤྲོད་བྱས། ཟངས་གཏེར་ཚོང་གཉེར་ཁང་དེས་གཏེར་ཁ་སྔོག་འདོན་སྔར་ལས་ཤུགས་ཆེ་རུ་བཏང་སྟེ་འདས་པའི་ལོ་ངོ་ཉེར་བདུན་ལྷག་གི་རིང་ཟངས་གཙོ་བོར་གྱུར་བའི་གཏེར་རིགས་སྔོག་འདོན་ཤུགས་ཆེན་བྱས་ཏེ། གནས་རིར་སྐྱོན་ཆག་དང་འབག་བཙོག་ཤུགས་ཆེན་བཟོ་ཡོད་པ་མ་ཟད། བཟོ་གྲྭའི་བཙོག་ཆུ་རྣམས་དགུ་ཆུའི་ནང་དུ་ཐད་ཀར་གཏོང་གི་ཡོད་སྟབས།  དགུ་ཆུའི་འགྲམ་གྱི་འབྲོག་མང་གིས་དགུ་ཆུ་འཐུང་མི་ནུས་པར་གྱུར་བ་དང་། སེམས་ཅན་གྱིས་ཆུ་བཏུང་སྟེ་འཆི་སྐྱོན་ཆེན་པོ་བྱུང་བ་སོགས་ཀྱི་གནོད་སྐྱོན་ཚབས་ཆེན་བྱུང་བར་བརྟེན། མང་ཚོགས་ཀྱིས་ཐེངས་མང་པོར་ས་གནས་སྲིད་གཞུང་ལ་གཏེར་ལས་མཚམས་འཇོག་དགོས་པའི་རེ་སྐུལ་གནང་ཡོད་ཀྱང་ཕན་ཐོགས་གང་ཡང་མ་བྱུང་བར་བརྟེན། ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༢༡ ཉིན་ས་གནས་མང་ཚོགས་ཀྱིས་རྒྱ་ནག་དབུས་གཞུང་གི་འབྲེལ་ཡོད་ལས་ཁུངས་ལ་གཏེར་ལས་དེ་མཚམས་འཇོག་དགོས་པའི་ཞུ་གཏུག་ཡི་གེ་ཐད་ཀར་བཏང་ཡོད་ཀྱང་དོན་འབྲས་སོན་མི་འདུག

དེ་རིང་ཕྱི་ལོ་ ༢༠༢༤ ཟླ་ ༠༤ ཚེས་ ༠༩ ཉིན་འདི་ག་བོད་ཀྱི་དུས་བབ་གསར་ཁང་གིས་ས་གནས་སུ་རྒྱུས་ལོན་བྱེད་སྐབས། ཝེ་སི་ཐི་ཟངས་གཏེར་ཚོང་གཉེར་ཁང་དེས་མུ་མཐུད་ཨ་མྱེས་རྨ་ཆེན་གྱི་གངས་རྒྱུད་དུ་གཏེར་ཁ་སྔོག་འདོན་ཤུགས་ཆེན་བྱེད་བཞིན་འདུག་ལ། ས་གནས་འབྲོག་པ་ཞིག་གིས། གཏེར་ལས་དེ་བརྒྱད་ཅུ་གྱ་གྲངས་དང་དགུ་བཅུའི་མགོ་སྟོད་ཙམ་ནས་ལས་མགོ་བཙུགས་ཡོད་པ་དང་། ད་ལྟའི་ཆར་གཏེར་ཁུངས་ཀྱི་འགྲམ་དུ་གཏེར་ལས་བཟོ་གྲྭ་དང་ལས་མིའི་གྲོང་ཚོ་ལྟ་བུ་ཞིག་ཀྱང་ཆགས་ཟིན་ཡོད་སྐོར་བརྗོད་འདུག 

གསར་འགོད་པ། དཔལ་ལྡན། 

རྩོམ་སྒྲིག་པ། པདྨ་མཚོ། 

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༩ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese