མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་ལ་དོ་སྣང་ཆེ་རུ་འགྲོ་བཞིན་པའི་སྐབས་སུ་བོད་མི་ཚོས་རང་འཁྲི་དམ་འཛིན་བྱ་རྒྱུ་གལ་ཆེན་ཡིན།

བོད་ཀྱི་དུས་བབ།
༢༠༢༤/༠༤/༡༠
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཟླ་འདིའི་ཕྱི་ཚེས་ ༤ ནས་ ༢༡ བར་ཉིན་གྲངས་ ༢༡ རིང་ཁེ་ན་ཌ་དང་ཨ་རི་གཉིས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་མུས་ཡིན་པ་ལྟར་ད་ལྟ་ཁེ་ན་ཌའི་ནང་དུ་གཞུང་འབྲེལ་སྐོར་སྐྱོད་གནང་བཞིན་འདུག

Sikyong Penpa Tsering during his meeting with Tibetan residents of Toronto at Tibetan Canadian Cultural Centre. Photo.Tibet.net

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཟླ་འདིའི་ཕྱི་ཚེས་ ༤ ནས་ ༢༡ བར་ཉིན་གྲངས་ ༢༡ རིང་ཁེ་ན་ཌ་དང་ཨ་རི་གཉིས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་མུས་ཡིན་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༩  ཉིན་སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་བུ་འཁྲིད་དཀར་པོ་ཆེ་ལགས་གཙོས་ཨོན་ཌོ་རི་ཡོ་(Ontario) ས་གནས་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་གནང་སྟེ། བོད་ནང་གི་བོད་མིའི་མངོན་འདོད་དང་རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་བཙན་གནོན་བྱེད་མུས་ཡིན་པའི་སྐོར་ངོ་སྤྲོད་དང་། ཨོན་ཌོ་རི་ཡོ་ས་གནས་ཚུད་པའི་ཁེ་ན་ཌ་གཞུང་ནས་བོད་མི་རྣམས་ལ་རོགས་འདེགས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་གསུངས་པ་དང་འབྲེལ། རྒྱ་ནག་གཞུང་གིས་བོད་ནང་དུ་མུ་མཐུད་དུ་གདུག་རྩུབ་ཆེ་བའི་སྲིད་ཇུས་ལག་བསྟར་བྱེད་མུས་ཡིན་པར་གནོན་ཤུགས་སྤྲད་དགོས་པའི་སྐུལ་འདེད་གནང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༧ ཉིན་སྲིད་སྐྱོང་མཆོག་གིས། ཁེ་ན་ཌའི་གངས་ལྗོངས་ཆོས་ལྡན་གླིང་ཚོགས་ཁང་དུ་ཀྲོ་རོན་ཊོ་ཁུལ་དུ་ཡོད་པའི་རིས་མེད་ཆོས་བརྒྱུད་ཁག་གི་སྐུ་ཚབ་དང་མཇལ་མོལ་གནང་སྟེ། རྒྱ་ནག་གཞུང་གིས་ཕྱི་ལོ ༢༠༠༧ ཙམ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ཐོག་ཐེ་ཇུས་བྱེད་མགོ་བཙུགས་ཏེ་དོ་སྣང་ཆེན་པོ་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གི་བསམ་འདོད་བཞིན་ལག་བསྟར་དང་ནུས་པ་ཐོན་མེད། ཕྱི་ལོ་ ༢༠༡༡ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་དང་འབྲེལ་བའི་ཡོངས་ཁྱབ་གསུང་འཕྲིན་ནང་དང་། ཡང་སྲིད་དང་འབྲེལ་བའི་བཀའ་སློབ་སྩལ་བའི་སྐབས་༧གོང་ས་མཆོག་རྒྱལ་བ་སྐུ་ཕྲེང་དང་པོའི་དགུང་ཚད་དམ་ཡང་ན་དགུང་གྲངས་ ༩༠ ཙམ་ལ་ཕེབས་སྐབས། ༧རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐག་གཅོད་བྱེད་འཆར་ཡིན། ཞེས་བཀའ་སྩལ་ཡོད་སྐོར་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ཀྱི་སྐུ་དབང་དེ་ཆོས་ཚོགས་ཁག་སུ་ལའང་མེད་སྐོར་སོགས་གསུངས་འདུག

Sikyong Penpa Tsering during the meeting with representatives from Toronto-based religious centres. Photo:Tibet.net

ཟླ་འདིའི་ཕྱི་ཚེས ༦ ཉིན་སྲིད་སྐྱོང་མཆོག་གིས་ཊོ་རོན་ཊོའི་གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་ཁང་དུ་ས་གནས་བོད་རིགས་མི་མང་ལ་བོད་མིའི་སྒྲིག་འཛུགས་དང་། རྒྱལ་སྤྱིའི་སྟེང་གི་བོད་དོན་འཐབ་རྩོད་སོགས་ཀྱི་སྐོར་གསུང་བཤད་གནང་བའི་ནང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་ཉག་ཅིག་ལས། བོད་མི་རྣམས་བཙན་བྱོལ་དུ་གྱར་ནས་མི་ལོ་ ༦༠ ལྷག་འགྲོ་མུས་ཡིན་ཡང་། བཙན་བྱོལ་བ་གཞན་དང་མི་འདྲ་བར་དམངས་གཙོའི་སྒྲིག་འཛུགས་ཡང་དག་གི་ཐོག་ནས་མུ་མཐུད་འཐབ་རྩོད་བྱེད་མུས་ཡིན་པས། མི་སྒེར་ལ་སོ་སོའི་སེམས་ཁམས་དང་མོས་པ་སོགས་ལ་གཞིགས་ནས་མི་འདྲ་བའི་ཆ་ཡོད་ནའང་། བོད་མི་རྣམས་ནི་རང་དབང་འཐབ་རྩོད་བྱེད་མཁན་ཞིག་ཡིན་པའི་ཆ་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་པའི་སྐོར། དེ་བཞིན་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་འཕེལ་རིམ་གྱི་སྐོར། བོད་རྒྱའི་དཀའ་རྙོག་སེལ་དགོས་ན་བོད་རྒྱ་གྲོས་མོལ་བྱ་དགོས་པའི་སྐོར། དེ་བཞིན་རྒྱ་ནག་གཅིག་སྡུད་རིང་ལུགས་ཀྱི་འོག་ནས་བོད་མི་རྣམས་ཀྱི་ཚད་ལས་འདས་པའི་དཀའ་སྡུག་མྱོང་མུས་ཡིན་པའི་སྐོར་སོགས་ལ་གསུང་བཤད་གནང་འདུག

ཡང་ཁོང་གིས་རྒྱལ་སྤྱིའི་སྟེང་བོད་དོན་ཞུ་གཏུག་གནང་ཕྱོགས་དང་འབྲེལ་ནས། ཉེ་ལམ་བཀའ་ཤག་གིས་འཛམ་གླིང་གི་རྒྱལ་ཁབ་སྤྱི་དང་། ལྷག་པར་བོད་དང་འབྲེལ་མཐུད་མ་བྱུང་བའི་རྒྱལ་ཁབ་ཁག་ཏུ་བོད་དོན་གོ་རྟོགས་སྤེལ་སྐབས། རྒྱ་ནག་དང་ཚོང་འབྲེལ་གྱི་དབང་གིས་དོ་གཟབ་བྱ་དགོས་སྐོར་དང་། དེང་གི་ཆར་རྒྱ་ནག་གཞུང་གི་ཧམ་བཤད་ལ་བརྟེན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ནང་རྒྱ་ནག་ལ་བཟུང་བའི་ལྟ་ཚུལ་ལ་འགྱུར་བ་ཐེབས་མུས་ཡིན་པ་དང་། བོད་དོན་སྐོར་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་མུས་ཡིན་པས། བོད་མི་ཚོས་རང་འཁྲི་དམ་འཛིན་བྱ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༧ ཉིན་གྱི་ཉིན་རྒྱབ་ཏུ་ཊོ་རོན་ཊོ་གངས་ལྗོངས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་དགེ་སློབ་རྣམས་དང་མཇལ་འཕྲད་གནང་བ་དང་། ཁུལ་དེར་གནས་སྡོད་བོད་རིགས་གཞོན་སྐྱེས་རྣམས་དང་ཟུར་དུ་ཐུག་འཕྲད་གནང་ཡོད་འདུག

ཟླ་འདིའི་ཚེས་ ༡༤ ཉིན་སྲིད་སྐྱོང་མཆོག་ཝ་ཤིང་ཊོན་སྒྲི་སི་རུ་ཕེབས་ནས་གནད་ཡོད་མི་སྣ་ངོ་མཇལ་གྱིས་ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་(Promoting a Resolution to the Tibet-China Dispute Act H.R. 533) གཏན་འབེབས་ཡོང་ཐབས་སུ་སྐུལ་འདེད་གནང་རྒྱུ་ཡིན་འདུག

གསར་འགོད་པ་དཔལ་ལྡན་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནས་བཏུས།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༨ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese