མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ཞོ་སྟོན་སྐབས་ཉེར་བདུན་པ་མགོ་འཛུགས་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༤/༠༤/༡༠
Share on FacebookShare on TwitterShare on EmailShare on Whatsapp

སྐབས་ཉེར་བདུན་པའི་བོད་ཀྱི་ཞོ་སྟོན་ཐོག་ལྷ་མོ་ཚོགས་པ་བཅུ་གསུམ་གྱིས་མཉམ་ཞུགས་བྱས་ཏེ་བཞུགས་སྒར་བོད་ཀྱི་ཟློས་གར་ཁང་དུ་ཉིན་གྲངས་བཅུ་གསུམ་རིང་ལྷ་མོའི་གཞུང་མི་འདྲ་བ་བཅུ་ལྷག་འཁྲབ་ཀྱིན་འདུག

དེ་རིང་ཕྱི་ཚེས་ ༡༠ ཉིན་བོད་ཀྱི་ཟློས་གར་ཚོགས་པ་རུ་ཉིན་གྲངས་བཅུ་གསུམ་རིང་གི་བོད་ཀྱི་ཞོ་སྟོན་དབུ་འཛུགས་ཞུས་སོང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༤།༠༤།༡༠

དེ་རིང་ཕྱི་ཚེས་ ༡༠ ནས་ཚེས་ ༢༢ ཉིན་གྲངས་བཅུ་གསུམ་རིང་དྷ་ས་བོད་ཀྱི་ཟློས་གར་ཁང་དུ། བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པ་འཚོག་བཞིན་ཡོད་ཅིང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེས་དྲུང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག བཀའ་ཟུར་ཐུབ་བསྟན་ལུང་རིགས་ལགས། བོད་མི་མང་སྤྱི་འཐུས་ཁག་ཅིག གཞུང་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་འདུ་འཛོམས་བྱུང་འདུག་ལ། སྐབས་དེར་ཆོས་རིག་ལས་ཁུངས་ཀྱིས་བོད་ཀྱི་ཟློས་གར་ཚོགས་པ་དང་ལྕགས་ཟམ་ལྷ་མོ་ཚོགས་པ་གཉིས་ཕུད་པའི་ཕྱོགས་མཐའ་ཁུལ་ནས་ཕེབས་པའི་ལྷ་མོ་ཚོགས་པ་རེ་རེར་ཧིན་སྒོར་འབུམ་ ༡ རེའི་ཆེ་བསྟོད་བྱ་དགའ་གནང་སོང་།

བོད་ཀྱི་ཟློས་གར་ཁང་གི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས། དེ་རིང་ནི་བོད་ཀྱི་ལོ་རྒྱུས་ཐོག་ལོ་ངོ་བརྒྱ་ཁ་ཤས་ཀྱི་གོང་ནས་སྲུང་གཙི་ཞུ་སྲོལ་ཡོད་པའི་བོད་ཀྱི་ཞོ་སྟོན་གྱི་དུས་ཆེན་ཁྱད་པར་ཅན་དེ་ཡིན། ཞོ་སྟོན་དུས་ཆེན་ནི་སྔ་མོའི་བོད་ཀྱི་སྲོལ་རྒྱུན་ཆོས་ལུགས་ཀྱི་བྱེད་སྒོ་དང་སྒྱུ་རྩལ་འཁྲབ་སྟོན་གཉིས་ཟུང་འབྲེལ་བའི་རྣམ་པ་ལྡན་ཡོད། བོད་ཀྱི་ལྷ་མོའི་ཟློས་གར་ནི་དུས་རབས་བཅུ་བཞི་བའི་སྨད་ཙམ་ལ་གྲུབ་ཆེན་ཐང་སྟོང་རྒྱལ་བོས་གསར་གཏོད་གནང་ཞིང་། དེ་ནས་རིམ་བཞིན་སྒྱུ་རྩལ་གྱི་རྣམ་པར་འཕེལ་རྒྱས་བྱུང་བ་ཞིག་རེད། རྒྱལ་དབང་ལྔ་བ་ཆེན་མོོས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་བའི་གཞུང་འབྲེལ་གྱི་མཛད་སྒོ་སྐབས། འབྲས་སྤུངས་ཞོ་སྟོན་དང་བསྟུན་ལྷ་མོའི་ཚོགས་པ་ཁ་ཤས་ཀྱིས་བཀྲ་ཤིས་ཤོལ་པ་དང་ལྷ་མོའི་འཁྲབ་གཞུང་གཟིགས་འབུལ་ཞུས་ཡོད་པ་དང་། དེའི་རྗེས་རིམ་བཞིན་ལྷ་མོའི་ཚོགས་པ་མང་པོས་མཉམ་ཞུགས་གནང་སྟེ་ལྷ་མོའི་ཟློས་གར་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཅེས་བརྗོད་སོང་།

ཡང་ཁོང་གིས། ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གུང་ཁྲན་ཏང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས། ཛ་དྲག་གི་གནས་སྟངས་འོག་ ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མི་འབོར་ཆེན་ཞིག་རྒྱ་གར་དུ་བཙན་བྱོལ་ཡོང་དགོས་བྱུང་བ་དང་། གནས་སྟངས་ཧ་ཅང་སྐྱོ་བའི་མེ་འཚིག་མེ་གཏུགས་ཀྱིས་དུས་སུ་༧གོང་ས་རྒྱལ་བ་རིན་པོ་མཆོག་གིས་བོད་མི་རིགས་ཀྱི་འཕྲལ་ཕུག་རྒྱང་གསུམ་ལ་གཟིགས་ནས་བོད་མིའི་འཚོ་བའི་གནས་སྟངས་དང་སེམས་ཁམས་སོགས་ལ་ཐུགས་རྗེ་བྱིན་རླབས་འཇུག་པ་དང༌། ལྷག་པར་དུ་བོད་མི་ རིགས་ཀྱི་གཅེས་ནོར་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་རྒྱུའི་ཆེད་བོད་ཀྱི་ཟློས་གར་དེ་བཞིན། ཕྱི་ལོ་ ༡༩༥༩ ཟླ་ ༨ ཚེས་ ༡༡ ཉིན་གསར་འཛུགས་གནང་པ་དང་། དེ་ནས་རིམ་བཞིན་རྒྱལ་རབས་དང་གཏམ་བརྗོད། བཟོ་ཞིང་འབྲོག་གསུམ་གྱི་ལས་རྩོལ་བྱེད་སྟངས་ཀྱི་དམངས་གླུ་དང་། ཡུལ་ཚོ་ཡས་མས་ཀྱི་བྲོ་གླུ་གཞས་སོགས་པའི་རྣམ་གྲངས་ཇི་སྙེད་ཅིག་གསར་རྩོམ་དང་འཚོལ་སྒྲུབ་གནང་བ་དང་། དེ་བཞིན་ལོ་རབས་དྲུག་བཅུ་འགོ་སྟོད་ཙམ་ནས་བཙན་བྱོལ་ནང་དུ་བོད་ཀྱི་ལྷ་མོའི་སྒྱུ་རྩལ་སླར་གསོ་ཞུས་ཏེ་བོད་མི་གནས་ཡུལ་ས་གནས་འདྲ་མིན་ནང་འཁྲབ་སྟོན་གནང་ཞིང་། ཕྱི་ལོ་ ༡༩༩༢ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་སྔ་ཕྱི་ཕེབས་པར་བཞིན། ཕྱི་ལོ་ ༡༩༩༣ ལོར་ཕྱོགས་མཐའི་ལྷ་མོ་ཚོགས་པ་བཞི་ནས་དྷ་སར་ཞོ་སྟོན་དུ་མཉམ་ཞུགས་ཀྱིས་བོད་ཀྱི་ཞོ་སྟོན་རྒྱས་པ་ཐོག་མ་དེ་ཉིད་གོ་སྒྲིག་ཞུས་པ་ནས་བཟུང་། ད་བར་ཡག་ཐོག་ཡག་རྩེགས་ཀྱིས་སྔར་སྲོལ་བཟང་པོ་རྣམས་རྒྱུན་འཛིན་ཉམས་མེད་བྱེད་མུས་ཐོག་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ བར་སླེབས་ཡོད། འདི་ལོའི་ཞོ་སྟོན་དུས་ཆེན་རྒྱས་པ་ཐེངས་ ༢༧ པ་ཕྱི་ཟླ་ ༤ ཚེས་ ༡༠ ནས་ཚེས་ ༢༢ བར་ཉིན་གྲངས་བཅུ་གཅིག་རིང་སྲུང་བརྩི་ཞུ་གཏན་འཁེལ་ཡོད་པ་དང་། དེའི་ནང་རྒྱ་བལ་ཨ་རི་བཅས་ནས་ལྷ་ཚོགས་ཁག་བཅུ་གཉིས་འདུ་འཛོམས་ཀྱིས་ལྷ་གཞུང་མི་འདྲ་བ་བཅུ་ཙམ་འཁྲབ་སྟོན་ཞུ་བཞིན་ཡོད་པ་དང་། འཁྲབ་སྟོན་པ་སུམ་བརྒྱ་ལྔ་བཅུ་ལྷག་འདུ་འཛོམས་ཐུབ་པ་བྱུང་ཡོད། ང་ཚོའི་ངོས་ནས་སྔ་མོའི་ལྷ་མོའི་ཁྱད་ཆོས་གཙོ་བཟུང་ཐོག་ལྷ་མོའི་རྣམ་ཐར་དང་། གཞུང་། འཁྲབ་སྟོན་སོགས་གང་ཐུབ་ཅི་ཐུབ་ཀྱིས་རྒྱུད་འཛིན་གང་ལེགས་བྱས་ཡོད་པའི་བདེན་དཔང་ཞུ་རྒྱུ་ཡིན་ལ། རྒྱ་ཆེ་མང་ཚོགས་རྣམས་ཀྱིས་ཀྱང་བོད་ཀྱི་ལྷ་མོའི་ཟློས་གར་མི་ཉམས་རྒྱུད་འཛིན་བྱ་རྒྱུར་མི་རྒྱུ་གཉིས་ཀྱིས་མཐུན་སྦྱོར་ཡོང་བའི་རེ་བ་ཞུ་བཞིན་ཡོད། ཅེས་བརྗོད་སོང་།

མཇུག་ཏུ་སྐུ་མགྲོན་གཙོ་བོ་སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས། བོད་ཀྱི་ལོ་རྒྱུས་ཁྲོད་ཆེས་གཉན་འཕྲེང་ཆེ་བ་དང་། བོད་གཞིས་བྱེས་གཉིས་སུ་གྱེས་ཏེ་བཙན་བྱོལ་དུ་ལོ་ངོ་ ༦༥ ཕྱིན་པའི་སྐབས། བོད་ཀྱི་ཞོ་སྟོན་ཡར་ངོ་ཟླ་ལྟར་འཕེལ་ནས་ལོ་རེར་མཉམ་ཞུགས་པ་ཇེ་མང་དུ་ཕྱིན་ཡོད་པ་མ་ཟད། ད་ལོར་བཙན་བྱོལ་གྱི་ལོ་རྒྱུས་ནང་ལྷ་མོ་འཁྲབ་མཁན་མང་ཤོས་མཉམ་ཞུགས་གནང་ཐུབ་པ་ནི་གཟི་བརྗིད་དང་རྒྱལ་ཁ་ཆེན་པོ་ཞིག་རེད། ལྷག་པར་དུ་ཐེངས་འདིར་བཙན་བྱོལ་གྱི་སློབ་གྲྭ་ཆེ་ཁག་གི་གཞོན་སྐྱེས་མང་པོ་ཞིག་མཉམ་ཞུགས་གནང་ཐུབ་པ་ཧ་ཅང་གལ་ཆེན་པོ་རེད། མ་འོངས་བར་ལྷ་མོའི་སྒྱུ་རྩལ་མི་རབས་ནས་མི་རབས་བར་རྒྱུན་གནས་ཡོང་བར་གལ་འགངས་ཆེན་པོ་རེད། བོད་ཀྱི་གནས་སྟངས་ཛ་དྲག་འོག་ཏུ་ཡོད་ཀྱང་། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པ་འཛམ་གླིང་དུ་གསོན་པོར་གནས་ཐུབ་ཡོད་པ་མ་ཟད། བོད་ཀྱི་རིག་གཞུང་གི་གཟི་བརྗིད་ཀྱི་འོད་སྟོང་འབར་བ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་རེད།

ཁྱེད་རྣམ་པའི་ཚེ་འདིའི་ལྟོ་གོས་གཏམ་གསུམ་ལ་གྱོང་གུད་ཅིག་རག་གི་ཡོད་ཚེ། དེ་ལས་ལྷག་པའི་རྩ་བའི་བླ་མའི་བཀའ་སྒྲུབ་བཞིན་ཡོད་པ་དང་བླ་མའི་སྐུ་ཚེ་བརྟན་པའི་དགེ་རྩར་འགྲོ་ཡི་ཡོད། ཚེ་རབས་ནས་ཚེ་རབས་བར་དུ་བླ་མ་སྤྱན་རས་གཟིགས་ཀྱི་དགེ་བསགས་རླབས་ཆེན་ཞིག་ཏུ་འགྲོ་ཡི་ཡོད། དེར་བརྟེན་བློས་གཏོང་རིན་ཆོག་པ་དང་རང་མི་རིགས་ཀྱི་རིག་གཞུང་ལ་ཞབས་འདེགས་ཆགས་ཀྱི་ཡོད། ད་ལྟ་ང་ཚོ་མི་རིགས་ཀྱི་རིག་གཞུང་འདི་ཉག་ཕྲ་བའི་དུས་སྐབས་ཤིག་ཏུ་སླེབས་ཡོད་པས། ཁྱེད་རྣམ་པ་རིག་གཞུང་སྤྱི་དང་ཁྱད་པར་དུ་ཉག་ཕྲ་བའི་ལྷ་མོ་སྒྱུ་རྩལ་གྱི་ཚེ་སྲོག་སྐྱོབ་མཁན་གྱི་བྱས་པ་ཅན་ཆགས་ཡོད། དེ་བས་ཁྱེད་རྣམ་པར་ལག་གཉིས་ཐལ་མོ་སྦྱར་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་མ་འོངས་པའང་དེ་དེ་བཞིན་གྱིས་ཐུགས་ཞུམ་པ་མེད་པའི་ཐོག་ནས་ཧུར་ཐག་གནང་བའི་སྐྱབས་འཇུག་ཞུ་རྒྱུ་ཡིན། ང་ཚོའི་ལྷ་མོའི་རིག་གཞུང་འདི་མི་ཉམས་རྒྱུན་འཛིན་ཡོང་བར་མི་འགའ་ཤས་དང་ཚོགས་པ་རེ་ཟུང་ལ་འགན་འཁྲི་ཡོད་པ་ཙམ་མིན་པར། ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་འགན་འཁྲི་ཡོད་པ་ཡིན་དུས། ང་ཚོའི་སྤྱི་ཚོགས་ཁྱོན་ཡོངས་ནས་བོད་ཀྱི་ལྷ་མོའི་སྒྱུ་རྩལ་དར་སྤེལ་ཡོང་སླད་ཐུགས་འཁུར་ཆེ་ཙམ་བཞེས་གནང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

ཐེངས་འདིའི་བོད་ཀྱི་ཞོ་སྟོན་སྐབས་ཉེར་བདུན་པའི་སྟེང་། ཀ་སྦུབ་ལྷ་མོ་ཚོགས་པ་དང་ཨོ་རི་ས་ལྷ་མོ་ཚོགས་པ། བལ་ཡུལ་ལྷ་མོ་ཚོགས་པ། ལྕགས་ཟམ་པ་ལྷ་མོ་ཚོགས་པ། མ་སུ་རི་ལྷ་མོ་ཚོགས་པ། མན་སྤར་ལྷ་མོ་ཚོགས་པ། ཀོ་ལི་གྷལ་ལྷ་མོ་ཚོགས་པ། སྦེལ་ཀོབ་ལྷ་མོ་ཚོགས་པ། སྦན་རྡ་ར་ལྷ་མོ་ཚོགས་པ། ཅོན་རྡ་ར་བོད་ཁྱིམ་ལྷ་མོ་ཚོགས་པ། རྡ་སྟེང་བོད་ཁྱིམ་ལྷ་མོ་ཚོགས་པ། མོན་གྷོ་ལྷ་མོ་ཚོགས་པ། བོད་ཀྱི་ཟློས་གར་ཚོགས་པ་བཅས་ལྷ་མོ་ཚོགས་པ་ཁྱོན་ ༡༣ མཉམ་ཞུགས་གནང་གི་འདུག འཁྲབ་གཞུང་དུ་ལྷ་གཞུང་འགྲོ་བ་བཟང་མོ་དང་ཆོས་རྒྱལ་དྲི་མེད་ཀུན་ལྡན། གཟུགས་ཀྱི་ཉི་མ། མཁན་སློབ་ཆོས་གསུམ། རྒྱལ་པོ་འཇིག་རྟེན་དབང་ཕྱུག གཅུང་པོ་དོན་ཡོད་དོན་གྲུབ། པདྨ་འོད་འབར། མི་ལ་རས་པ། ཆོས་རྒྱལ་ནོར་བཟང་། རྒྱལ་སྲས་དད་པ་བརྟན་པ་སོགས་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese