མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཨ་རིའི་ནང་གཞུང་འབྲེལ་སྐོར་སྐྱོད་གནང་བཞིན་པ།

བོད་ཀྱི་དུས་བབ།
༢༠༢༤/༠༤/༡༦
Share on FacebookShare on TwitterShare on EmailShare on Whatsapp

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཟླ་འདིའི་ཕྱི་ཚེས་ ༤ ཉིན་ནས་ཁེ་ན་ཌའི་ནང་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་སྟེ་ལེགས་པར་གྲུབ་ཡོད་པ་ལྟར།  ཟླ་འདིའི་ཕྱི་ཚེས་ ༡༢  ཉིན་ནས་བཟུང་ཨ་རིའི་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་མགོ་བཙུགས་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་འཐུས་མི་པི་ཌིར་(Peter Welch) ལགས་སོགས་དང་ལྷན། པར་སྲིད་སྐྱོང་མཆོག་གི་ངོ་དེབ་ལས་བླངས།

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་སྲིད་སྐྱོང་མཆོག་གིས་བྷོ་སི་ཌོན་ཁུལ་གྱི་བོད་མི་རྣམས་ལ་བཀའ་སློབ་གནང་སྐབས། སྐབས་ ༡༦ པའི་བཀའ་ཤག་གིས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ལ་ངོས་འཛིན་ཐོབ་ཐབས་སུ། རྒྱ་ནག་གཞུང་ལ་བརྡ་ལན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་བོད་དོན་སྐོར་ལ་གོ་རྟོགས་སྤེལ་ཐབས་བྱེད་ཀྱི་ཡོད་པས། བོད་མི་རྣམས་ཀྱིས་ལོ་རྒྱུས་རང་བཞིན་ལྡན་པའི་འདས་སོང་གི་བོད་ཀྱི་ལོ་རྒྱུས་ལ་ལྟ་ཀློག དབུ་མ་དང་རང་བཙན་གྱི་རྩོད་གླེང་མི་བྱེད་པར་རྒྱལ་སྤྱིའི་སྤྱི་ཚོགས་སུ་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་བསྐྲུན་ཐབས་བྱ་དགོས་སྐོར་དང་། ད་ལྟ་ཨ་རིའི་གྲོས་ཚོགས་འོག་མར་གཏན་འབེབ་བྱས་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་གྲོས་ཚོགས་གོང་མར་གཏན་འབེབ་བྱུང་ཐུབ་ཚེ། ཨ་རིའི་གཞུང་གིས་བོད་དང་རྒྱ་ནག་གི་དཀའ་རྙོག་དེ་དག་སེལ་ཐུབ་མེད་པར་ངོས་འཛིན་བྱེད་ཀྱི་ཡོད་སྟབས། ཁྲིམས་འཆར་དེ་ཧ་ཅང་གལ་ཆེན་ཡིན་པས། ད་ལན་ཨ་རིའི་གྲོས་ཚོགས་གོང་མས་ཁྲིམས་འཆར་དེ་ངོས་ལེན་བྱ་རྒྱུའི་ཐད་ལ་ཧུར་ཐག་བྱ་རྒྱུ་ཡིན་སྐོར་སོགས་གསུངས་འདུག

ཡང་སྲིད་སྐྱོང་མཆོག་གིས། ད་ལྟ་རྒྱ་ནག་གཞུང་གི་མགོ་ཁྲིད་ཞི་ཅིན་ཕིན་གྱི་འོག་ནས་བོད་དང་། ཤར་ཏུ་ཀི་སི་ཐན། ཧོང་ཀོང་། དེ་བཞིན་ནང་སོག་སོགས་སུ་དམ་དྲག་དང་དྲག་གནོན་ཇེ་ཆེར་གཏོང་གིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ནང་དུ་མི་རིགས་སྡེབ་གསོད་ཀྱི་སྲིད་ཇུས་ལག་བསྟར་དང་། བོད་ནང་གི་བོད་ཕྲུག་མང་པོ་ཞིག་གི་ཆེད་དུ་རྒྱ་ནག་གཞུང་གིས་གཉེར་བའི་སྒེར་བཙུགས་སློབ་གྲྭ་སོགས་སུ་མངག་གཏོང་བྱེད་ཀྱི་ཡོད་པའི་སྐོར་དང་། བོད་མི་རིགས་ཀྱི་རྨང་གཞི་གཙོ་བོ་ནི་སྐད་དང་ཡི་གེ་ཡིན་པས་བོད་མི་ཚོས་ནང་ཁུལ་རྩོད་རེས་བྱས་ནས་མ་བསྡད་པར་བོད་ཀྱི་སྐད་ཡིག་གིས་མཚོན་པའི་རིག་གནས་ལ་སྦྱང་བརྩོན་དང་བདག་ཉར་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་གསུངས་འདུག ཡང་ཕྱི་ཚེས་ ༡༤ ཉིན་སྲིད་སྐྱོང་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོ་ལ་ཟུར་མཇལ་གནང་ནས། བོད་ཀྱི་སྣོད་བཅུད་ཆགས་ཚུལ་དང་བོད་དེ་ས་བབ་ཆགས་ཚུལ་གྱི་ཐད་ནས་རྒྱལ་ཁབ་གཞན་ལ་ཇི་ལྟར་གལ་ཆེན་དུ་གྱུར་ཡོད་མེད་སོགས་ཀྱི་ཐད་ལ་གསུང་བཤད་སོགས་གནང་འདུག

ཟླ་འདིའི་ཕྱི་ཚེས ༡༢ ཉིན་སྲིད་སྐྱོང་མཆོག་ཨ་རིའི་ཝིན་མོ་ཌི་ (Vermont) མངའ་ཁུལ་དུ་ཕེབས་ནས་ཨ་རིའི་གྲོས་ཚོགས་འཐུས་མི་པི་ཌིར་(Peter Welch) ལགས་གཙོས་མངའ་སྡེ་དེའི་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་སོགས་དང་མཇལ་འཕྲད་གནང་ཡོད་པ་རེད།

ཟླ་འདིའི་ཚེས་ ༡༦ ཉིན་སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་(Promoting a Resolution to the Tibet-China Dispute Act H.R. 533) གཏན་འབེབ་ཡོང་ཐབས་སུ་སྐུལ་འདེད་གནང་རྒྱུ་དང་། དེ་བཞིན་ཨ་རིའི་གྲོས་ཚོགས་འཐུས་མི་དང་། ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་འཐུད་པ་གཙོས་བོད་དོན་ཐོག་རོགས་རམ་གནང་མཁན་ཨ་རིའི་གཞུང་གི་སྡེ་ཚན་ཁག་མང་པོ་ཞིག་དང་མཇལ་མོལ་གནང་རྒྱུ་ཡིན་འདུག

གསར་འགོད་པ་དཔལ་ལྡན་གྱིས་ཕྱོགས་སྒྲིག་བྱས།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese