མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་དགེ་རྒན་ཞིག་གནས་དབྱུང་བཏང་།

བོད་ཀྱི་དུས་བབ།
༢༠༢༤/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp

བོད་རྔ་བ་རྫོང་རྨེའུ་རུ་མ་སློབ་ཆུང་གི་བོད་ཡིག་དགེ་རྒན་དོན་ཡོད་ཅེས་པ་ཞིག་གིས་སློབ་ཕྲུག་ཚོར་རྒྱལ་ཁབ་ཀྱི་གཏན་འབེབ་སློབ་གསོའི་ཁ་ཕྱོགས་ལྟར་སློབ་གསོ་གཏོང་གི་མེད་པའི་ཉེས་མིང་འོག་དགེ་རྒན་གྱི་ལས་གནས་ནས་གནས་དབྱུང་བཏང་འདུག

རྔ་བ་རྨེའུ་རུ་མ་སློབ་ཆུང་གི་བོད་ཡིག་དགེ་རྒན་དང་ཁོང་གི་སློབ་ཕྲུག་རྣམས། པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་།

དེ་རིང་བཙན་བྱོལ་ནང་དུ་ཡོད་པའི་རྨེའུ་རུ་མ་ནས་ཡིན་པའི་འབྲེལ་ཡོད་བོད་མི་ཞིག་གིས་འདི་ག་བོད་ཀྱི་དུས་བབ་གསར་འགོད་པར། ཉེ་སྔོན་ཕྱི་ཟླ་ ༣ ནང་དུ་བོད་རྔ་བ་རྫོང་རྨེའུ་རུ་མ་སློབ་ཆུང་གི་བོད་ཡིག་དགེ་རྒན་དོན་ཡོད་ལགས་ཀྱིས་སློབ་གསོ་གཏོང་སྟངས་འགྲིག་གི་མི་འདུག་ཅེས་གནས་དབྱུང་བཏང་ཡོད་འདུག  དེ་སྔོན་ཐེངས་ཁ་ཤས་ལ་འབྲེལ་ཡོད་ལས་ཁུངས་ནས་དོན་ཡོད་ལགས་སྐད་བཏང་སྟེ་རྒྱལ་ཁབ་ཀྱི་གཏན་འབེབ་སློབ་གསོའི་ཁ་ཕྱོགས་ལྟར་སློབ་ཕྲུག་ཚོར་སློབ་གསོ་གཏོང་དགོས་སྐོར་བཀའ་བཏང་མྱོང་ཡོད་སྐོར་བརྗོད་བྱུང་།

དགེ་རྒན་དོན་ཡོད་ལགས་གནས་དབྱུང་བཏང་རྗེས། སློབ་ཕྲུག་དང་ཁྱིམ་བདག་རྣམས་ཀྱིས་ཕངས་སེམས་ཆེན་པོས་པར་དང་བརྙན་ཐུང་སོགས་སྒེར་གྱི་དྲ་ལམ་དུ་སྤེལ་འདུག་ལ། མི་ལོ་ ༡༥ ལྷག་གི་རིང་སློབ་མ་ཚོའི་ཆེད་དུ་ཁ་མིན་དོན་གྱིས་བློ་དཀར་བའི་བོད་ཡིག་དགེ་རྒན་ཞིག་སློབ་གླིང་དང་གྱེས་དགོས་བྱུང་བར་སེམས་གཏིང་ནས་ཕངས་སེམས་སྐྱེས་ཀྱང་ཐབས་ཤེས་གཞན་གང་ཡང་མེད་པ་སོགས་བརྗོད་འདུག འདི་གར་འབྱོར་བའི་བརྙན་ཐུང་ཞིག་གི་ནང་དུ་དགེ་རྒན་ཁོང་འགྲོ་ཁར་སློབ་ཕྲུག་མང་པོ་རྒྱུག་ཕྱིན་ནས་ཁོང་ལ་གཡས་གཡོན་མདུན་རྒྱབ་མེད་པར་གང་ས་ནས་འཐམས་པ་སོགས་དགེ་སློབ་བར་གྱི་ལྷད་མེད་བརྩེ་བས་དམ་དུ་བསྒྲིལ་འདུག་པ་གསལ་ལེར་མཐོང་ཐུབ་ཀྱི་འདུག་ལ། འབྲེལ་ཡོད་ནས་དགེ་རྒན་ཁོང་སློབ་གྲྭ་དང་གྱེས་སྐབས་སློབ་ཕྲུག་མང་པོ་ངུས་པ་སོགས་ཁྱིམ་བདག་དང་བཅས་པར་ཡིད་སྐྱོ་བ་དང་ཕངས་སེམས་ཆེན་པོ་བྱུང་ཡོད་སྐོར་བརྗོད་བྱུང་།

རྔ་བ་རྨེའུ་རུ་མ་སློབ་ཆུང་གི་བོད་ཡིག་དགེ་རྒན་དང་ཁོང་གི་སློབ་ཕྲུག་རྣམས། བརྙན་ཐུང་བཅས་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་།

དགེ་རྒན་དོན་ཡོད་ལགས་ནི་རྨེའུ་རུ་མ་རུ་ཆེན་བཞི་པ་ནས་ཡིན་འདུག་ལ། ཁོང་གིས་དུས་རྒྱུན་བོད་སྐད་ཡིག་དང་བོད་ཀྱི་ལོ་རྒྱུས་སོགས་སློབ་འཁྲིད་གནང་ཡོད་པར་བརྟེན། ས་གནས་སྲིད་གཞུང་གི་མགོ་འཁྲིད་ཚོས་ཁོང་ཡང་ནས་ཡང་དུ་སྐད་བཏང་སྟེ་ཉེན་བརྡ་བཏང་མཐར་ལས་གནས་ནས་གནས་དབྱུང་བཏང་ཡོད་འདུག

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༣ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese