མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་དགེ་འདུན་པ་རྣམས་ཐའེ་ཝན་ས་ཡོམ་གནོད་ཐེབས་ས་ཁུལ་དུ་ཕེབས་ནས་བསྔོ་སྨོན་གནང་།

བོད་ཀྱི་དུས་བབ།
༢༠༢༤/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཝན་ནང་ཡོད་པའི་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་བླ་སྤྲུལ་མཁན་པོ་དང་དགེ་བཤེས་སོགས་དགེ་འདུན་པ་ ༤༠ ལྷག་ཐའེ་ཝན་གྱི་ས་ཡོམ་གོད་ཆག་བྱུང་ཡུལ་དུ་དངོས་སུ་ཕེབས་ཏེ་བསྔོ་སྨོན་གནང་འདུག

བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་བླ་སྤྲུལ་དགེ་འདུན་པ་ ༤༠ ལྷག་གིས་ས་ཡོམ་གོད་ཆག་ཐེབས་ཁུལ་དུ་བསྔོ་སྨོན་གསུང་འདོན་གནང་། པར་འབྲེལ་ཡོད་ཀྱིས་དུས་བབ་གསར་ཁང་ལ་མཁོ་སྤྲོད་གནང་། ༢༠༢༤།༠༤།༡༥

ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་འདི་གར་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། མི་ལོ་ ༢༥ རྗེས་སུ་ཐའེ་ཝན་གྱི་ཧྭ་ལིན་གྲོང་ཁྱེར་དུ་ས་ཡོམ་གྱིས་མི་རྒྱུ་གཉིས་ལ་གནོད་སྐྱོན་ཆེ་ཤོས་ཐེབས་ཡོད་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་གོ་སྒྲིག་འོག ཞིབ་འཇུག་ཚོགས་པའི་ཚོགས་གཙོ་མཁན་པོ་ཚེ་དབང་རིག་འཛིན་ལགས་དང་། ཚོགས་གཞོན་མཁན་པོ་ངག་དབང་མཁས་གྲུབ་ལགས། ཚོགས་གཞོན་དགེ་བཤེས་སྣང་སྣང་ལགས། དགེ་བཤེས་ཐུབ་བསྟན་ནོར་བུ་ལགས་སོགས་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་བླ་སྤྲུལ་མཁན་པོ་དང་དགེ་བཤེས། དགེ་འདུན་པ་བཞི་བཅུ་ལྷག་གནོད་ཐེབས་ས་གནས་སུ་ཆེད་ཕེབས་ཀྱིས་གདུང་སེམས་མཉམ་བསྐྱེད་དང་། དཀོན་མཆོག་རྗེས་དྲན། སྒྲོལ་མ། སྨན་བླའི་གཟུངས། བཟང་སྤྱོད་སྨོན་ལམ་སོགས་བསྔོ་སྨོན་ཟབ་རྒྱས་གསུང་གནང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༣ ཉིན་ཐའེ་ཝན་མཚོ་ཁུལ་གྱི་ཧྭ་ལིན་ (Hualien) གྲོང་ཁྱེར་སོགས་སུ་ཚད་རིམ་ ༧།༤ ཅན་གྱི་ས་ཡོམ་བརྒྱབ་སྟེ། ད་བར་ཉུང་མཐར་མི་གྲངས་ ༡༦ རྐྱེན་འདས་དང་། མི་གྲངས་ ༡༡༥༥ ལྷག་ལ་རྨས་སྐྱོན་ཕོག་པ། སྡོད་ཁང་དང་གཞུང་ལམ་ལ་རྡིབ་སྐྱོན་བྱུང་བ་སོགས་མི་ལོ ༢༥ ཙམ་གྱི་རྗེས་སུ་ཐའེ་ཝན་ནང་བྱུང་བའི་ས་ཡོམ་ཤུགས་ཚད་ཆེ་ཤོས་དེ་ཆགས་ཡོད་འདུག

བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་བླ་སྤྲུལ་དགེ་འདུན་པ་ ༤༠ ལྷག་གིས་ས་ཡོམ་གོད་ཆག་ཐེབས་ཁུལ་དུ་བསྔོ་སྨོན་གསུང་འདོན་གནང་། པར་འབྲེལ་ཡོད་ཀྱིས་དུས་བབ་གསར་ཁང་ལ་མཁོ་སྤྲོད་གནང་། ༢༠༢༤།༠༤།༡༥

ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ནི་ཐའེ་ཝན་དུ་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་རིས་མེད་དགེ་འདུན་པ་ཐུན་མོང་གིས་གྲུབ་པའི་ཚོགས་པ་གལ་ཆེན་ཞིག་ཡིན་པ་དང་། ས་གནས་ཀྱི་བོད་བརྒྱུད་དགེ་འདུན་པ་ཡོངས་ཀྱིས་ཚད་མཐོའི་མཉམ་ཞུགས་དང་ངོས་ལེན་ཞུ་ཡུལ་གྱི་ཚོགས་པ་ཞིག་རེད་འདུག ཚོགས་པ་འདིས་ལོ་རེ་བཞིན་ནང་བསྟན་བརྒྱུད་པ་གསུམ་གྱི་ཚོགས་འདུ་དང་། བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་ནང་བསྟན་དར་སྤེལ་བགྲོ་གླེང་ཚོགས་འདུ། དེ་བཞིན་ཐའེ་ཝན་ས་གནས་ལ་རང་བྱུང་དང་མིའི་བཟོས་གོད་ཆག་རིགས་བྱུང་སྐབས་ཆོས་མཐུན་གྱིས་གདུང་སེམས་མཉམ་བསྐྱེད་དང་རོགས་སྐྱོར་སོགས་ཞུ་བཞིན་པ་དང་། ཐའེ་སྡོད་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་དང་འབྲེལ་བའི་ལས་དོན་བཅས་ཀྱི་ཐོག་ཏུ་ཕྱག་ལས་གང་མང་གནངས་དང་གནང་མུས་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༣ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

མཆན། 1

  1. ཚེ་དཔག་རིག་འཛིན། says:
    ལོ་ 2 སྔོན།

    ཡག་པོ་རེད། ཡི་རངས་ཡོད། ད་དུང་དེང་གི་དུས་སུ་བོད་པའི་དགེ་འདུན་བཙུན་མ་ཚོས་ཕྱི་ཡི་རྒྱལ་ཁབ་ནང་སྨོན་ལམ་དང་ཞབས་བརྟན། དབང་དང་ཆོ་ག་རྐྱང་རྐྱང་གནང་བ་དང་། ཁྲ་ཁྲ་སིག་སིག་གི་དཀྱིལ་འཁོར་རྐྱང་རྐྱང་བཞེངས་གནང་ནས་ཚུར་ལ་འབུལ་བ་ཤ་སྟག་བསྡུ་ཨེ་ཐུབ་མི་ལྟ་བར། ཕར་ལ་ཡང་རང་གིས་བསགས་བཞག་པའི་ལོངས་སྤྱོད་དེ་དག་བརྒྱུད། ས་གནས་ས་ཐོག་གི་མི་དམངས་ལ་དཀའ་སྡུག་འཕྲད་སྐབས་དངུལ་དང་དངོས་པོའི་སྦྱིན་པ་གཏོང་བའི་ལས་དང་ལག་ལེན་དངོས་སུ་གནང་མཁན་མང་ཙམ་ཐོན་ཐུབ་པ་བྱུང་ན་དེ་ལས་ཀྱང་དཔེ་བཟང་ཡག་ས་རེད། ༧རྒྱལ་བ་རིན་པོ་ཆེ་ལ་འབུལ་བ་བྱུང་ཚད་སྤྱི་དོན་སླད་གཏོང་རྐྱང་གནང་གིན་ཡོད་པ་ལ་གཟིགས་རོགས་གནང་། དེང་སང་ Engaging Buddhism/Buddhists ཁ་ཡོད་ལག་ཡོད་ཀྱི་ནང་ཆོས་དང་ནང་ཆོས་ཉམས་ལེན་པ་ཟེར་བའི་མི་རབས་གསར་པའི་སྲོལ་བཟང་ཞིག་ལ་མི་མང་པོས་མོས་པོ་གནང་གིན་འདུག རང་རེ་བོད་པའི་དགེ་འདུན་པའི་ནང་ནས་དུས་རབས་ཉེར་གཅིག་གི་དགེ་འདུན་པ་ཆོས་པ་དེ་འདྲ་ད་དུང་མང་ཙམ་ཐོན་དགོས་པ་འདུག ད་ཤུགས་བརྒྱག་ཤོག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese