མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྕམ་ཨང་སན་སུའུ་སྐྱིད་ལགས་བཙོན་ཁང་ནས་བཟང་བཙོན་དུ་བཅུག 

བོད་ཀྱི་དུས་བབ།
༢༠༢༤/༠༤/༡༨
Share on FacebookShare on TwitterShare on EmailShare on Whatsapp

འབར་མའི་ནང་ཚ་དྲོད་འཕེལ་བའི་རྐྱེན་གྱིས་དྲག་དམག་སྲིད་གཞུང་གིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ལྕམ་ཨང་སན་སུའུ་སྐྱིད་ལགས་བཙོན་ཁང་ནས་བཟང་བཙོན་དུ་བཞག་ཡོད་འདུག

Daw Aung San Suu Kyi and U Win Myint, who were both detained by the military in the February 1 coup. (AFP)

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ལམ་ནས་འབར་མའི་ནང་དུ་གནམ་གཤིས་དྲོད་ཚད་ ༣༩ ལ་བསླེབས་ཏེ་མིའི་འགྲོ་འདུག་སྤྱོད་གསུམ་ལ་དཀའ་ངལ་འཕྲད་བཞིན་ཡོད་སྟབས། ཡུལ་དེའི་དྲག་དམག་སྲིད་གཞུང་གིས་མི་ལོ་ ༢༧ རིང་བཙོན་འཇུག་ཁྲིམས་ཐག་བཅད་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ལྕམ་ཨང་སན་སུའུ་སྐྱིད་ལགས་དང་འབར་མའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཝེ་མེན་ཊི་(Win Myint) ལགས་གཉིས་བཙོན་ཁང་ནས་བཏོན་ཏེ་བཟང་བཙོན་དུ་བཞག་ཡོད་སྐོར་བསྒྲགས་ཡོད་ཀྱང་། ད་ལྟའི་ཆར་ཁོང་གཉིས་གང་དུ་བཞག་ཡོད་མེད་སོགས་གསལ་ཁ་གང་ཡང་མེད་པ་རེད།

དེའི་ཐད་འབར་མའི་དྲག་དམག་སྲིད་གཞུང་གི་མགྲིན་ཚབ་པ་ཛཱ་མིན་ཊུམ་ (Zaw Min Tun ) ཟེར་བ་ཞིག་གིས། ཁུལ་འདིར་ཚ་དྲོད་ཧ་ཅང་ཆེ་སྟབས། ཨང་སན་སུའུ་སྐྱིད་གཅིག་པུ་མིན་པར། ལོ་ན་ཆེ་བའི་བཙོན་པ་རྣམས་གཙོ་བོར་དམིགས་པའི་སྔོན་འགོག་གི་ལས་དོན་གཉེར་མུས་ཡིན་སྐོར་བརྗོད་འདུག ཡང་གསར་འགྱུར་བརྒྱུད་ལམ་ཁག་ཅིག་གིས་ལོ་རེའི་ཕྱི་ཟླ་ ༤ པའི་ཟླ་དཀྱིལ་དུ་ཁེལ་བའི་འབར་མ་ཡུལ་གྱི་སྲོལ་རྒྱུན་ལོ་གསར་(The Thingyan festival)དང་བསྟུན་བཙོན་པ་ ༣༠༠༠ ཙམ་ལ་ཉེས་ཡང་བཏང་སྟེ་ཀློད་ཡོད་སྐོར་བརྗོད་འདུག

འབར་མ་རྒྱལ་ཁབ་ཀྱི་གཅིག་སྒྲིལ་གཞུང་ (National Unity Government) གི་མགྲིན་ཚབ་པ་ཁེའོ་ཛོ་ (Kyaw Zaw) ཡིས། བཙོན་ཁང་ལས་བཟང་བཙོན་ཡག་པོ་ཡོད་པས། ཁོང་ཚོ་བཟང་བཙོན་དུ་བཞག་པ་ཡག་པོ་རེད། མ་མཐའ་ཡང་གཞན་དབང་སྟབས་བསྟུན་བྱ་དགོས་མི་སྲིད་ཀྱང་། ཁོང་ཚོར་ལྕམ་ཨང་སན་སུའུ་སྐྱིད་ལགས་དང་སྐུ་ཞབས་ཝེ་མེན་ཊི་ལགས་གཉིས་ཀྱི་འཕྲོད་བསྟེན་དང་བདེ་འཇགས་ལ་དོ་ཁུར་ཚད་ལྡན་བྱ་རྒྱུའི་འགན་འཁྲི་ཡོད། ཅེས་བརྗོད་འདུག་ལ། འབར་མའི་དྲག་དམག་སྲིད་གཞུང་གིས་ཨང་སན་སུའུ་སྐྱིད་ལགས་འབར་མའི་རྒྱལ་ས་ནེ་པིའི་ཌོར་(Naypyitaw) རུ་བཙོན་འཇུག་བྱས་ཡོད་འདུག་ལ། དགུང་ལོ་ ༧༨ ཡིན་པའི་ལྕམ་ཨང་སན་སུའུ་སྐྱིད་ལགས་འདས་ལོ་ནས་མགོ་ཡུ་འཁོར་བ་དང་། ཟས་ཀྱི་དང་ཁ་བརླགས་པ། ཁྲག་ཤུགས་ཞན་པ་སོགས་ཀྱི་ནད་མནར་ཡོང་གི་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

ཕྱི་ལོ་ ༢༠༢༠ ཟླ་ ༡༡ པའི་ནང་འབར་མའི་རྒྱལ་ཡོངས་འོས་བསྡུའི་ཁྲོད་ལྕམ་ཨང་སན་སུའུ་སྐྱིད་ཀྱི་དམངས་གཙོ་ཡར་ཐོན་ཚོགས་པར་རྒྱལ་ཁ་ཐོབ་ཡོད་ཀྱང་། འབར་མའི་དྲག་དམག་སྲིད་གཞུང་གིས་དམངས་གཙོ་ཡར་ཐོན་ཚོགས་པས་འོས་བསྡུའི་གྲུབ་འབྲས་རྫུན་བཟོ་བྱས་ཚུལ་བརྗོད་དེ། ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༡ ཉིན་འབར་མའི་དྲག་དམག་ཕྱོགས་ཀྱིས་ཡུལ་དེའི་འོས་བསྡུའི་གྲུབ་འབྲས་རྩིས་མེད་བཏང་སྟེ། ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱིས་སྣེ་འཁྲིད་པའི་དམངས་གཙོའི་སྲིད་གཞུང་མགོ་རྟིང་བསླགས་པ་མ་ཟད། ཡུལ་དེའི་སློབ་སྟོན་པ་ལྕམ་ཨང་སན་སུའུ་སྐྱིད་ལགས་དང་སྐབས་དེའི་སྲིད་འཛིན་ལས་ཐོག་སྐུ་ཞབས་ཝེ་མེན་ཊི་ལགས་རྣམ་པ་གཉིས་གཙོ་བོར་གྱུར་བའི་གནད་ཡོད་མི་སྣ་བཅས་ཁྱོན་མི་གྲངས་ ༡༤༨༠༠ ཡས་མས་འཛིན་བཟུང་བྱས་ཡོད་པ་མ་ཟད། དམངས་གཙོ་ཚོགས་པའི་གནད་ཡོད་མི་སྣ་ཁག་ཅིག་ལ་སྲོག་ཁྲིམས་བཅད་དེ་སྲིད་འགྱུར་ཆེན་པོ་བསླངས། འདས་ལོའི་ཕྱི་ཟླ་ ༣ ཚེས་ ༢༣ ཉིན་འབར་མའི་དྲག་དམག་སྲིད་གཞུང་གིས་ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱི་རྒྱལ་ཡོངས་དམངས་གཙོ་ཡར་ཐོན་ཚོགས་པ་གཙོས་རྒྱལ་ཡོངས་དང་ས་གནས་རིམ་པའི་སྲིད་དོན་ཚོགས་པ ༤༠ ཡིས་དེབ་སྐྱེལ་བྱེད་ཕྱོགས་ཁྲིམས་འགལ་ཡིན་པའི་ཉེས་མིང་འོག་སྲིད་དོན་ཚོགས་པ་དེ་སྒོ་བརྒྱབ་ཡོད་འདུག

Soldiers at a blockaded road to Myanmar’s parliament in Naypyidaw during the February 1, 2021 coup. © 2021 Reuters

ལྕམ་ཨང་སན་སུའུ་སྐྱིད་ལགས་ཕྱི་ལོ་ ༡༩༤༥ ལོར་སྐྱེས་ཤིང་། འབར་མ་རྒྱལ་ཁབ་གསར་འཛུགས་མཁན་ནམ་འབར་མའི་ཡབ་ཆེན་དུ་འབོད་པའི་སྐུ་ཞབས་ཨང་སན་ (Aung San) དང་ཨ་མ་ཁིན་སྐྱིད་ (Khin Kyi) གཉིས་ཀྱི་བུ་མོ་ཆུང་ཤོས་དེ་ཡིན་འདུག  ཕྱི་ལོ་ ༡༩༦༤ ལོར་ལྡི་ལི་གཙུག་ལག་སློབ་ཆེན་དང་། ཕྱི་ལོ་ ༡༩༦༨ ལོར་ཨོ་ཁུ་སི་ཧྥོ་ཌི་གཙུག་ལག་སློབ་ཆེན་སོགས་ནས་སློབ་མཐར་ཕྱིན། ཕྱི་ལོ་ ༡༩༨༨ ལོར་ཕྱིར་འབར་མར་ལོགས་ཏེ། འབར་མའི་དམག་དཔོན་ཟུར་བ་འགའ་དང་ལྷན་དུ་དམངས་གཙོ་ཡར་ཐོན་ཚོགས་པ་བཙུགས། ཕྱི་ལོ་ ༡༩༩༠ ལོར་དམངས་གཙོ་ཡར་ཐོན་ཚོགས་པར་གཞུང་འཛིན་པའི་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་ཀྱང་། དྲག་དམག་སྲིད་གཞུང་གིས་སྲིད་དབང་རྩིས་སྤྲོད་བྱས་མེད་པ་མ་ཟད། ཨང་སན་སུའུ་སྐྱིད་འོས་བསྡུའི་གོང་ནས་བཟང་བཙོན་དུ་བཅུག  ཕྱི་ལོ་ ༡༩༨༩ ནས་ ༢༠༡༠ བར་བཟང་བཙོན་དུ་བཅུག་པའི་རིང་ཁོང་མོར་ནོར་སྦེལ་ཞི་བདེ་གཟེངས་རྟགས་དང་ཨ་རིའི་གྲོས་ཚོགས་ཀྱི་གཟེངས་རྟགས། འཚེ་མེད་ཞི་བའི་བུ་མོ་ཞེས་པ་སོགས་རྒྱལ་སྤྱིའི་སྟེང་སྙན་གྲགས་ཡོད་པའི་གཟེངས་རྟགས་ཁག་ཅིག་ཐོབ་ཡོད་པ་རེད། ཡིན་ནའང་། ཁོང་མོ་འབར་མ་རྒྱལ་ཁབ་ཀྱི་སློབ་སྟོན་པ་ཡིན་པའི་སྐབས་སུ་རྒྱལ་སྤྱིའི་ཐོག་རོ་ཧིན་གྷའི་གནད་དོན་ཚབས་ཆེན་ཆགས་རྗེས་ཁོང་མོར་མི་རིགས་དང་ཆོས་ལུགས་རྩ་མེད་གཏོང་མཁན་གྱི་གཏེ་བོ་ཞིག་ཏུ་ངོས་འཛིན་གྱིས་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་མ་ཟད། དེ་སྔའི་གཟེངས་རྟགས་རྣམས་ཕྱིར་བསྡུ་དགོས་པའི་རེ་སྐུལ་ཡང་མང་པོ་བྱས་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese