མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ཤིག་དབུ་འབྱེད་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༤/༠༤/༡༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ སྟེང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་ཁང་དུ། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ནས་ཉམས་ཞིབ་ཁང་དེས་དཔར་འགྲེམས་གནང་བའི་བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ཞེས་པའི་ལོ་རྒྱུས་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་ཁང་དུ་བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་བཞིན་པ། དུས་བབ་ཀྱི་པར། ༢༠༢༤།༤།༡༨

དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་པ་དང་རྩོམ་སྒྲིག་པ་ན་ག་སངས་རྒྱས་བསྟན་དར་ལགས། དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་དང་། ཉམས་ཞིབ་པ་ཁག་ཅིག་བཅས་འཛོམས་འདུག

ཐོག་མར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། སྤྱིར་བཏང་ང་ཚོའི་ལས་ཁུངས་ཀྱིས་ནམ་རྒྱུན་དུ་ནས་བོད་ཀྱི་ལོ་རྒྱུས་དང་། དེང་རབས་ཀྱི་བགྲོ་གླེང་ཚོགས་འདུ། དེ་བཞིན་དཔེ་དེབ་དཔར་སྐྲུན་སོགས་བྱེད་ཀྱི་ཡོད་པ་རེད། སྤྱིར་བཏང་མི་མང་པོ་ཞིག་གིས་ལོ་རྒྱུས་དེ་གལ་ཆེན་པོ་ཡིན་པའི་ངོས་འཛིན་བྱས་པའི་རྒྱུ་མཚན་ནི། ད་ལྟ་ང་ཚོ་བོད་གཞུང་གི་སྲིད་ཇུས་དང་། མ་འོངས་པ་བོད་ཀྱི་མདུན་ལམ་ཡིན་པ་དེ་དག་ཚང་མའི་གཞི་རྩ་དེ་ལོ་རྒྱུས་ཀྱི་གཞི་བཞག་ནས་འགྲོ་ཡི་ཡོད་པ་རེད། དེར་བརྟེན་ང་ཚོས་ལོ་རྒྱུས་དེ་གལ་ཆེན་པོ་བརྩི་ཡི་ཡོད་རེད། དེ་བཞིན་ད་ལྟའི་ཆབ་སྲིད་ཞིབ་འཇུག་དང་དེ་ཚོའི་ཐོག་ལ་དེབ་དཔར་སྐྲུན་སོགས་བྱས་དང་བྱེད་མུས་རེད། ཅེས་གསུངས།

ཁོང་གིས། ཉེ་ཆར་རྒྱ་ནག་ནང་དམ་དྲག་ཆེ་རུ་ཕྱིན་ནས་བོད་དོན་སྐོར་ལ་ཞིབ་འཇུག་བྱེད་མཁན་གྱི་རྒྱ་རིགས་མཁས་དབང་ (Professor) ཁག་ཅིག་གིས་བོད་དོན་སྐོར་འབྲི་རྒྱུའི་གོ་སྐབས་མི་འདུག་ཅེས་བརྗོད་ཀྱི་འདུག ང་ཚོ་བཙན་བྱོལ་ནང་དུ་རང་དབང་ཡོད་རེད། བོད་གཞུང་དང་སུ་ཡིན་རུང་དེ་འབྲི་ཆོག དེ་འབྲི་མི་ཆོག་ཟེར་མཁན་མེད་ལ། རྩོམ་ཡིག་དང་དཔེ་དེབ་མང་པོ་ཞིག་འདོན་གྱི་ཡོད་པ་རེད། ད་ལན་གཙོ་བོ་བོད་གཞུང་དགའ་ལྡན་ཕོ་བྲང་སྐབས་ཀྱི་གནད་དོན་དང་། དགེ་ལུགས་ཀྱི་ཡན་ལག་གང་འདྲ་ཆགས་ཡོད་པ་དེ་དག་གི་སྐོར་ལ་བཙན་བྱོལ་ནང་གི་ལོ་རྒྱུས་ཀྱི་དགེ་རྒན་གསུམ་གྱིས་ཞིབ་འཇུག་བྱས་ཏེ་བྲིས་པ་རེད། གཞུང་ཕྱོགས་ནས་དེ་འབྲི་ཆོག་གི་ཡོད་མེད་སོགས་བཤད་མེད་པར་བརྟེན། བརྗོད་གཞི་གཅིག་གི་ཐོག་ལ་མི་གསུམ་གྱིས་བྲིས་པ་ཆ་ཚང་མི་འདྲ་བ་ཡོད་རེད། གང་མང་མང་གིས་ཀློག་ཐུབ་པ་ཡིན་ན། གནས་ཚུལ་དེ་རྒྱ་ཆེ་རུ་མཁྱེན་རྟོགས་ཡོང་བར་ཕན་ཐོགས་ཡོང་གི་རེད། རིམ་པས་ང་ཚོས་སོ་སོའི་ལོ་རྒྱུས་དང་། མི་རིགས་ཀྱི་ལོ་རྒྱུས་ལ་སོགས་པའི་ཐོག་ལ་ཁ་གསལ་རུ་བཟོ་ཐུབ་རྒྱུ་དང་། དེའི་ཐོག་ནས་ང་ཚོ་བོད་ཀྱི་རྩ་དོན་ཐོག་ལ་ནུས་པ་གང་ཐུབ་ཐུབ་ཀྱིས་འཐོན་ཐུབ་རྒྱུའི་དམིགས་ཡུལ་ཡོད། མ་འོངས་པར་བོད་པའི་སྤྱི་ཚོགས་ནང་སོ་སོ་སྒེར་གྱི་ངོས་ནས་རྩོམ་ཡིག་དང་ཞིབ་འཇུག་ཐོག་ལ་མཉམ་ཞུགས་བྱ་འདོད་ཡོད་ཚེ། ང་ཚོས་གང་ཐུབ་ཐུབ་ཀྱིས་མཐུན་འགྱུར་ཞུ་རྒྱུ་ཡིན། ཞེས་སོགས་བརྗོད་སོང་།

དེ་ནས་བོད་ཀྱི་དཔེ་མཛོད་ཁང་གི་ཞིབ་འཇུག་པ་དང་རྩོམ་སྒྲིག་པ་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས། དེབ་འདི་ང་ཚོའི་སྤྱི་ཚོགས་ནང་གི་འབུམ་རམས་པ་གསུམ་སྟེ། སློབ་དཔོན་ཆེན་པོ་གཙང་ཕྲུག་སྟོབས་ལགས་དང་། སློབ་དཔོན་ཆེན་པོ་བསོད་ནམས་རྒྱལ་མཚན་ལགས། སློབ་དཔོན་ཆེན་པོ་གཉན་ཐར་ལགས་བཅས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ཤིག་ཆགས་ཀྱི་ཡོད་རེད། བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ཞེས་པའི་དཔེ་དེབ་འདིའི་ནང་དཔྱད་རྩོམ་གསུམ་ཡོད་པ་རེད། ཐོག་མར་རྒན་སྟོབས་ལགས་ཀྱི་བརྩམས་ཆོས་དེ་པར་སྐྲུན་གནང་འདུག དེའི་ནང་ལ་གཙོ་བོ་དེ་དུས་རབས་བཅུ་བདུན་པའི་ནང་ལ་དགའ་ལྡན་ཕོ་བྲང་དབུ་བརྙེས་པའི་སྐབས་སུ་གུར་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་༧རྒྱལ་དབང་ལྔ་པ་ལ་དབང་ཡོན་ཕུལ་བའི་སྐབས་སུ་དབང་ཆ་ཆ་ཚང་ཕུལ་བའི་གནས་ཚུལ་གསལ་པོ་ཞིག་འདུག  གཉིས་པ་དེ་རྒན་བསོད་ནམས་རྒྱལ་མཚན་ལགས་ཀྱི་བརྩམས་ཆོས་ནང་གཙོ་བོ་དེ་༧སྐྱབས་མགོན་རིན་པོ་ཆེ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ལ་ཉེན་ཡོལ་ཐེངས་གཉིས་ཕེབས་པའི་སྐོར་ལ་གསལ་པོ་ཞེ་དྲགས་འདུག ལྷག་པར་དུ་ཉེན་ཡོལ་ཕེབས་པའི་སྐབས་སུ་སྐུ་ངལ་ཞེ་དྲགས་ཡོད་རེད་དེ། ཉེན་ཡོལ་དང་པོའི་སྐབས་ལ་སོག་ཡུལ་དང་། དེ་ནས་ཨ་མདོ་བརྒྱུད་ནས་མཐར་པེ་ཅིན་དུ་ཕེབས་ཡོད་པའི་སྐོར། ཉེན་ཡོལ་གཉིས་པ་དེ་རྒྱ་གར་ལ་ཆིབས་བསྒྱུར་གནང་བ་རེད། གསུམ་པ་དེ་རྒན་གཉན་ཐར་ལགས་ཀྱི་བརྩམས་ཆོས་ནང་། དགའ་ལྡན་ཕོ་བྲང་སྐབས་ལ་བྱུང་བའི་དགེ་ལུགས་པའི་ལོ་རྒྱུས་རེད་འདུག དེ་ལ་ཆབ་སྲིད་ཀྱི་རྙོག་དྲ་དམིགས་བསལ་གང་ཡང་མི་འདུག གཙོ་བོ་དེ་དགོན་པའི་གྲངས་ཀ་དང་། ཁམས་ཚན། དེ་བཞིན་དགོན་པའི་བཅའ་ཡིག་དང་ཡིག་ཆའི་སྐོར་རེད་འདུག ཅེས་གསུངས་སོང་།

དཔེ་དེབ་ཀྱི་དབུ་འབྱེད་མཛད་སྒོའི་སྟེང་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་གསུང་བཤད་གནང་བཞིན་པ། དུས་བབ་ཀྱི་པར། ༢༠༢༤།༤།༡༨

སྐུ་མགྲོན་གཙོ་བོ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས། ང་རང་ལོ་རྒྱུས་ཀྱི་མཁས་པ་དེ་འདྲ་མ་རེད། བྲེལ་བ་ཆེ་བའི་རྐྱེན་གྱིས་དེབ་འདི་ཀློག་རྒྱུ་བྱུང་མ་སོང་། རྒན་སངས་རྒྱས་བསྟན་དར་ལགས་ཀྱིས་རྩོམ་སྒྲིག་པའི་གཏམ་གྱི་སྐོར་ལ་ཞིབ་ཅིང་ཕྲ་བའི་ཐོག་ནས་འགྲེལ་བརྗོད་གཏིང་ཟབ་པོ་གནང་སོང་། ཕན་ཐོགས་ཞེ་དྲགས་བྱུང་། དེའི་སྒང་ལ་དམིགས་བསལ་གྱིས་ང་ཚོའི་རྒྱལ་རབས་ལོ་རྒྱུས་ཀྱི་མཁས་པ་གསུམ་རྒན་གཙང་ཕྲུག་སྟོབས་ལགས་དང་། རྒན་གཉན་ཐར་ལགས། རྒན་བསོད་ནམས་རྒྱལ་མཚན་ལགས་བཅས་ཀྱིས་སྐུ་ལས་ཞེ་དྲགས་བསྐྱོན་འདུག་ལ། རྒན་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་དེབ་འདིའི་ཐོག་ལ་དཔྱད་ཞིབ་ཡག་པོ་གནང་འདུག ད་དུང་དེབ་འདིའི་ཐོག་ལ་སྲིད་བྱུས་ཉམས་ཞིབ་ཁང་གིས་མཐུན་འགྱུར་ལེགས་པོ་གནང་བ་མ་ཟད། ད་ལྟ་བར་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་རྩོམ་དང་ཉམས་ཞིབ་བྱ་རྒྱུའི་སྡིངས་ཆ་བསྐྲུན་པ་དང་གོ་སྐབས་ཕུལ་བ་སོགས་བྱུང་གི་ཡོད་པ་རེད། སྐུ་ངོ་ཟླ་བ་ཚེ་རིང་ལགས་ཀྱིས་གསུངས་པ་གཞིར་བཟུང་། ང་ཚོས་ཉམས་ཞིབ་པ་སོགས་ལ་གོ་སྐབས་འབུལ་བའི་སྐབས། དེ་ལ་གནོན་ཤུགས་གང་ཡང་མེད་པར་རྩོམ་པ་པོ་སོ་སོའི་རང་དབང་ལྡན་པའི་ཐོག་ནས་འབྲི་རྩོམ་གནང་བ་ཞིག་རེད་ལ། རྒྱལ་རབས་ལོ་རྒྱུས་བྲིས་པ་རྣམས་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་རེད། ཅེས་གསུངས་སོང་།

ཕྱི་དྲིལ་བཀའ་བློན་མཆོག་གིས་མུ་མཐུད་དུ། དེང་གི་དུས་ལ་རྒྱ་ནག་གཞུང་གིས་ལོ་རྒྱུས་ཀྱི་ཐོག་ལ་འཁྱོག་བཤད་མང་པོ་བྱས་ཏེ། འཛམ་གླིང་མི་མང་དང་། རྒྱལ་སྤྱིའི་མཁས་པ། དེ་བཞིན་ཉམས་ཞིབ་པ་ལ་སོགས་པའི་ཉམས་ཞིབ་ཀྱི་ལངས་ཕྱོགས་ལ་འགྱུར་བ་གཏོང་རྒྱུའི་ཐབས་ལམ་འདྲ་མིན་སྤེལ་བའི་སྐབས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་དེབ་གནད་འགག་ཆེན་པོ་དེ་འདྲ་འདོན་སྤེལ་གནང་ཐུབ་པ་དེ་ཕན་ཐོགས་ཆེན་པོ་དང་གལ་ཆེན་པོ་ཡིན་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། རྒྱུ་མཚན་ནི་ཕྱིའི་རྒྱལ་ཁབ་ཏུ་ཡོད་པའི་མཁས་པ་དང་ཉམས་ཞིབ་པ་མང་པོ་ཞིག་ཟུར་གནས་ཀྱི་མཁས་པ་དང་ཉམས་ཞིབ་པ་རེད། ཁོང་ཚོས་ཉམས་ཞིབ་གནང་བའི་སྐབས་ཕྱོགས་གཞན་ཞིག་གི་ཉམས་ཞིབ་ཀྱི་ལྟ་ཚུལ་དང་གནས་ཚུལ་སྤྱན་འབུལ་ཞུ་ཐུབ་པ་ཞིག་ཆགས་ཀྱི་ཡོད་ལ། མ་འོངས་པའི་ང་ཚོའི་བོད་རིགས་སོན་རྩ་རྣམས་ལ་གཞི་བཞག་ས་ཞིག་དང་། མ་འོངས་པར་ལོ་རྒྱུས་ཀྱི་ཐོག་ནས་དཔྱད་ཞིབ་བྱེད་སའི་ཡིག་ཆ་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་རེད། བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་ལ་ཉམས་ཞིབ་དང་དེབ་འདོན་སྤེལ་བྱས་ཐུབ་པར་ཡི་རངས་བསྔགས་བརྗོད་ཡོད། དམིགས་བསལ་གྱིས་རྒྱལ་རསབས་ཀྱི་མཁས་པ་གསུམ་དང་རྒན་ན་ག་སངས་རྒྱས་བསྟན་དར་ལགས། དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཙོས་པའི་མཁས་དབང་ལས་བྱེད་རྣམ་པས་དེ་འདྲའི་ཐུགས་འཁུར་བཞེས་པར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། ཞེས་སོགས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་སོག་འབྲེལ་ལམ་ཚོགས་འདུ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༤།༠༤།༠༡
Mobile App

བོད་སོག་གི་ལོ་རྒྱུས་འབྲེལ་བ་དང་མ་འོངས་འཕེལ་ཕྱོགས་གླེང་བ།

༢༠༢༤/༠༤/༠༡
༧སྐྱབས་རྗེ་རྡོ་བུམ་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག
Mobile App

བོད་མིའི་སྒྲིག་འཛུགས་ནས་༧སྐྱབས་རྗེ་རྡོ་བུམ་བློ་བཟང་བསྟན་འཛིན་མཆོག་དགོངས་པ་རྫོགས་པར་ཐུགས་གསོ་གནང་།

༢༠༢༤/༠༢/༠༣
Mobile App

བཙན་གནོན་འོག་གི་མི་རིགས་ཚང་མའི་ཚོར་བ་སྤུངས་བའི་དེབ་ཅིག་བཏོན།

༢༠༢༣/༡༠/༠༥
བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས་དབུ་འབྱེད་གནང་བཞིན་པ། 
ནོར་ཝེ་རླུང་འཕྲིན་ཁང་གི་པར།  ༡༤།༠༩།༢༠༢༣
Mobile App

གཞུང་ས་དགའ་ལྡན་ཕོ་བྲང་སྐབས་བོད་ཀྱི་ལོ་རྒྱུས་གནས་བབ་བསྐྱར་ཞིབ་འཆད་ཁྲིད་གནང་བཞིན་འདུག

༢༠༢༣/༠༩/༡༤
བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་སྐབས་དགུ་པ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༣།༠༨།༢༢
Mobile App

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་སྐབས་དགུ་པ་ཚོགས་སོང་།

༢༠༢༣/༠༨/༢༢
Mobile App

བོད་ཀྱི་ས་ཁྲའི་སྐོར་གྱི་ཞིབ་འཇུག་འགྲེམས་སྟོན་ཞིག་དབུ་འཛུགས་གནང་སོང་།

༢༠༢༣/༠༨/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese